དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།

སྐལ་ཐུབ་དང་ཨོ་རྒྱན། ཀུན་དགའ། ཡེ་ཤེས་བཅས་ཀྱིས།        2021-02-07


དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

    སྤྱི་ཟླ2པའི་ཚེས6ཉིན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་དར་མདོའི་ཟློས་གར་ཁང་དུ་གྲོལ་བ་རེད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི277ཡིན་ཞིང་། འཐུས་མི253དངོས་སུ་ཞུགས་ཡོད་པས་ཁྲིམས་འབེབས་མི་གྲངས་དང་མཐུན་པ་རེད།

དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།

བྱང་ཆུབ་ཀྱིས་གསུང་བཤད་གནང་བཞིན་པ།

 

འདེམས་བསྐོའི་མཇུག་འབྲས། 

    བྱང་ཆུབ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་ཐོན་བྱུང་།

    ཙེང་ཀོན་ཧོ་དང་ལུང་མིང་ཨ་འཛིན་རྣམ་གཉིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་།

    ཀྲའོ་ཅིན་ཆང་དང་། དཀོན་མཆོག ཁྲེང་ཀང་བཅས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་ཐོན་བྱུང་།

     ད་དུང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཆེད་ལས་ཨུ་ཡོན་ལྷན་ཁང་ཁ་ཤས་ཀྱི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་ཡོད།

 

དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།

མཇུག་བསྒྲིལ་ཚོགས་ཆེན་དུ་གྲོས་ཆོད་འདི་ཚོ་ལ་གྲོས་འཆམ་བྱུང་ཡོད།

     དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། དཀར་མཛེས་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་དམིགས་འབེན་གྱི་རྩ་གནད་སྐོར་གྱི་གྲོས་ཆོད། དཀར་མཛེས་ཁུལ2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་གནས་ཚུལ་དང2021ལོའི་འཆར་གཞིའི་འཆར་ཟིན་སྐོར་གྱི་གྲོས་ཆོད། དཀར་མཛེས་ཁུལ2020ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱི〈དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཉེན་སྒྲིག་བཅའ་ཁྲིམས》ལག་ལེན་བྱས་པའི་སྐོར་གྱི་ཁ་གསབ་གཏན་འབེབས〉བཟོ་བཅོས་རྒྱག་པའི་སྐོར་གྱི་གཏན་འབེབས(འཆར་ཟིན)》སྐོར་གྱི་གྲོས་ཆོད་བཅས་ལ་བརྡས་ཐག་བཅད་ནས་གྲོས་འཆམས་བྱུང་བ་རེད།

     ལིའུ་ཁྲེང་མིང་གསར་དུ་བདམས་ཐོན་བྱུང་བའི་བློ་མཐུན་བྱང་ཆུབ་སོགས་ལ་རྟེན་འབྲེལ་ཞུས། གོ་གནས་ལས་བྲལ་བའི་བློ་མཐུན་ལི་ཁང་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས།

དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།

ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།

    འཕེལ་རྒྱས་གསར་པའི་དུས་རིམ་དུ་བསླེབས་པ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་བསྟར་ཞིང་། འཕེལ་རྒྱས་གསར་པའི་གནས་བབ་ཏུ་ཞུགས་པ་ནི་ཁུལ་ཡོངས་ཀྱི་དམངས་ཆེན་ལས་དོན་གསར་གཏོད་འཕེལ་རྒྱས་གཏོང་བར་ཡངས་ཤིང་རྒྱ་ཆེ་བའི་བར་ཁོངས་ཤིག་མཁོ་འདོན་བྱས་ཡོད་ལ། ད་དུང་དུས་རབས་གསར་པའི་དམངས་ཆེན་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་དེ་ལས་མཐོ་བའི་བླང་བྱ་བཏོན་ཡོད། 

     རིམ་པ་ཁག་གི་མི་དམངས་འཐུས་ཚོགས་དང་འཐུས་མི་ཡོངས་ཀྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་འགན་འཁྲི་ཁག་ཏན་ཏིག་ངང་འཁུར་བ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་གཞི་རྩའི་ཆོས་ཉིད་དང་དུས་རབས་ཀྱི་དགོས་མཁོར་སྟངས་འཛིན་ཡང་དག་བྱེད་ཅིང་། འབད་པའི་དོན་ལ་གྲུབ་འབྲས་ཐོབ་ཚེ་རང་ཉིད་མེད་ཀྱང་ཆོག་པའི་ཁོག་རྒྱ་དང་བྱས་རྗེས་འཇོག་ཚེ་རང་ཉིད་ངེས་པར་ཡོད་པའི་འགན་འཁྲི་འཁུར་སེམས་ཀྱིས་ལས་ཀ་དོན་ལ་གནས་པ་སྒྲུབ་པ་དང་། མདུན་གྲལ་དུ་བསྐྱོད་དེ་དུས་རབས་གསར་པ་དང་། རྒྱང་སྐྱོད་གསར་པའི་ལམ་བུའི་ཐོག་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་དགོས། གཅིག་ནི་ངེས་པར་དུ་བསམ་བློའི་ངར་སྦྱངས་ཁྲོད་ཁ་ཕྱོགས་ཡང་དག་པ་གཏོང་འཛིན་བྱེད་པ་དང་། ཆབ་སྲིད་ཀྱི་ཚུགས་གནས་ཐད་གོང་དཔེ་འོག་ལྟ་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་རྟོགས་ནུས། ཆབ་སྲིད་ལག་བསྟར་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏང་དགོས།  རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པའི་ཐད་གོང་དཔེ་འོག་ལྟ་བྱས་ནས་དཀར་མཛེས་ཁུལ་གྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་སྔ་ཕྱི་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་སུ་བརྟན་པོའི་ངང་མདུན་སྐྱོད་བྱེད་ཐུབ་པའི་འགན་ལེན་བྱ་དགོས། ལག་བསྟར་དོན་འཁྱོལ་གྱི་ཐད་གོང་དཔེ་འོག་ལྟ་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཏང་ཨུའི་གོམ་སྟབས་དང་གཅིག་གྱུར་གཅིག་མཚུངས་ཡིན་པ་འགན་ལེན་བྱ་དགོས། གཉིས་ནི་ངེས་པར་དུ་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་ཤུགས་འདོན་གནད་སྨིན་བྱ་དགོས། གསུམ་ནི་ངེས་པར་དུ་དམངས་འཚོར་ལེགས་བཅོས་ཁྲོད་དུ་ཐོག་མའི་བསམ་འདུན་བརྟན་སྲུང་བྱ་དགོས། བཞི་ནི་ངེས་པར་དུ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཁྲོད་དུ་དབང་ཆ་སྤྱད་དགོས། ལྔ་ནི་ངེས་པར་དུ་རང་ངོས་འཛུགས་སྐྱོང་བྱེད་པའི་ཁྲོད་དུ་འཇོན་ཐང་ཆེ་རུ་གཏང་དགོས།

 དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།


བྱང་ཆུབ་ཀྱིས་གསུང་བཤད་གནང་དོན། 

     ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་འགན་འཁྲི་བློ་ལ་བརྟན་པོར་འཆང་ཞིང་ལྷག་བསམ་ཆེན་པོས་འགན་ནུས་ལག་ལེན་བསྟར་བ་དང་། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་མགོ་ཁྲིད་ཚན་པ་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་ཅིང་། སྐབས་རིམ་བྱུང་གི་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ཏེ་ཧུར་ཐག་འབད་ཐག་གིས་ལས་དོན་ཁག་ལེགས་པར་བསྒྲུབ་ངེས་ཡིན། རྩ་ཁྲིམས་ལ་བློ་དཀར་སེམས་དཀར་དང་ཁྲིམས་ལྟར་འགན་ནུས་སྒྲུབ་ཅིང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་བྱེད་པ་དང་། མི་དམངས་དམངས་གཙོ་དར་སྤེལ་གང་ལེགས་བྱེད་པ། རྩ་ཁྲིམས་དང་བཅའ་ཁྲིམས་ལྟར་བྱ་བ་ནན་སྒྲུབ་བྱེད་པ་དང་། རང་རྟོགས་ཀྱིས་མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱ་ངེས་ཡིན། ཐོག་མའི་བསམ་འདུན་མ་བརྗེད་པར་དམངས་ཀྱི་དོན་དུ་འགན་འཁྲི་བསྒྲུབ་པ་དང་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏོང་ཞིང་། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་གྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་འབུལ་ངེས་ཡིན། ཁྲིམས་སྒྲིག་དམ་སྲུང་དང་སྤྱོད་གཙང་འགན་སྒྲུབ་བྱེད་པ་དང་། སྒྲིག་ཁྲིམས་གོང་དུ་བཀུར་ཞིང་། ཏང་གི་སྒྲིག་སྲོལ་བརྩི་སྲུང་ནན་པོར་བྱེད་ཅིང་། རང་ལ་བླང་བྱ་ནན་པོ་བཏོན་ཏེ། རྩ་འཛུགས་ཀྱི་མངགས་བཅོལ་གལ་ཆེན་དང་། འཐུས་མིའི་ཡིད་ཆེས། མི་དམངས་ཀྱི་རེ་སྒུག་བཅས་ངེས་པར་དུ་ཆུད་ཟོས་སུ་གཏང་རྒྱུ་མིན།

དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།




  • ལེ་ཚན་སྔོན་མ།:མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།
  • ལེ་ཚན་རྗེས་མ།:སྡེ་དགེའི་བུ་མོ་ཆུང་ཆུང་འདི་ཡང་བསྟན་འཛིན་ལྟར་གྲགས་གྲབས་རེད།
  • དོ་སྣང་ཆེ་བའི་རྩོམ།