མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།

ལྷ་འཛོམས་ཀྱིས་བྲིས།        2021-02-07

མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།

   སྤྱི་ཟླ2པའི་ཚེས3ཉིན་གྱི་སྔ་དྲོར་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ནང་ཞུགས་མཁན་ཆོས་ལུགས་ཚོ་ཆུང་གི་ཨུ་ཡོན་དང་ཟུར་ཞུགས་བློ་མཐུན་ཚོས《སྲིད་གྲོས་ཀྱི་ལས་དོན་སྙན་སྒྲོན》ལ་དམིགས་ནས་རང་ཉིད་ཀྱི་ལྟ་སྟངས་དང་བསམ་ཚུལ་ལྷུག་པོར་བཤད་པ་རེད། 

མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།

    ཆོས་ལུགས་ལས་དོན་ཚོ་ཆུང་གི་གྲོས་བསྡུར་ནང་དུ། རྡོ་རྗེ་རབ་བརྟན་དང་མགོན་པོ་དགྲ་འདུལ། སུའུ་ཡོན་མིང་སོགས་ཀྱིས་རིམ་པ་ཁག་གི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ཞིང་འབྲོག་མང་ཚོགས་ལ་ལོ་རེར་ལུས་པོ་བརྟག་དཔྱད་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་ཁ་གསབ་ཀྱང་འོས་འཚམ་སྦྱིན་པ་དང་།  གཞན་ཡང་གཞི་རིམ་གྱི་སྨན་བཅོས་ལག་རྩལ་མཐོ་རུ་བཏང་ནས་གཞི་རིམ་མང་ཚོགས་ཀྱི་ནད་ལྟ་དང་ནད་བཅོས་ཀྱི་དཀའ་གནད་སྔར་ལྷག་གིས་སེལ་རོགས་བྱ་རྒྱུ་དང་། ཡུལ་སྡེ་དར་རྒྱས་གཏོང་བའི་ལས་ཀའི་ནང་ཡུལ་ཤོག་དང་གྲོང་སྡེའི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་དང་སྒྲིག་ཆས། དགེ་རྒན་དཔུང་སྡེ་འཛུགས་སྐྲུན་བཅས་ལ་ད་དུང་ཤུགས་སྔར་ལས་ལྷག་པ་རྒྱག་དགོས་པ་དང་།  དཀར་མཛེས་ཁུལ་ལྷོ་རྒྱུད་དང་བྱང་རྒྱུད་དུ་འདུས་འདྲིལ་གཅོང་ནད་དང་ཐུམ་འབུའི་ནད་སོགས་དམིགས་བསལ་ཆེད་ལས་ཚན་ཁག་ཡོད་པའི་སྨན་ཁང་འཛུགས་རྒྱུ་དང་།  མི་རིགས་སྐད་ཡིག་བེད་སྤྱོད་དོན་ལ་གནས་པ་བྱ་རྒྱུ་རྒྱ་ཁྱབ་ཏུ་དོ་དན་བྱས་ནས་མི་སེར་ཚོས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས་ཁྲིམས་སྲོལ་ཉན་ཤེས་པ་དང་ནང་དོན་གོ་ཐུབ་པ་བྱ་དགོས། ཁྱོན་ཡོངས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་སྙིང་དོན་ལག་ལེན་མཐའ་ཕྱིན་བསྟར་ནས་དཀར་མཛེས་ཁུལ་གྱི་ལས་བྱེད་པ་དང་ལས་བཟོར་བོད་ལྗོངས་ཀྱི་ཐོབ་ཐང་རག་ཐབས་དང་། དགོན་སྡེ་ཁག་གི་དཀའ་ངལ་ཡོད་པའི་གྲྭ་བཙུན་གྱི་མ་མཐའི་འཚོ་རྟེན་འགན་ལེན་ཁྱབ་ཚད་ཆེ་རུ་གཏང་རྒྱུ་བཅས་ཀྱི་གྲོས་འཆར་བཏོན་པ་རེད།།

མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།
མི་སེར་གྱིས་ལུས་བཤེར་བྱ་རྒྱུར་ཁྲིད་སྟོན་དང་ཁ་གསབ་སྦྱིན་དགོས།





  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་ཁུལ་ཨུ་ལྷན་སྐབས13གྲོས་ཚོགས་ཐེངས5དར་མདོར་གྲོལ།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་སྐབས12པའི་དམངས་ཆེན་གྲོས་ཚོགས་ཐེངས5པ་དར་མདོར་གྲོལ།
  • དོ་སྣང་ཆེ་བའི་རྩོམ།