བྱང་ཆུབ་ཁུལ་སྲིད་གྲོས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས།

ངེད་གསར་འགོད་པ་ཡེ་མགོན་གྱིས་བྲིས།        2021-02-06

བྱང་ཆུབ་ཀྱིས་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཚོགས་ཆུང་གི་གྲོས་བསྡུར་བྱེད་སའི་ནང་ཞུགས་སྐབས། དེང་རབས་ཅན་གྱི་དཀར་མཛེས་ཁུལ་གསར་པ་འཛུགས་སྐྱོང་བྱེད་པར་ནུས་ཤུགས་འདུ་འགྲིལ་བྱ་དགོས་ཞེས་གསུངས། 

    

བྱང་ཆུབ་ཁུལ་སྲིད་གྲོས་ཀྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས།

   སྤྱི་ཟླ2པའི་ཚེས5ཉིན་གྱི་སྔ་དྲོར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་ལྔ་པའི་ཀྲུང་གུང་ཚོགས་ཆུང་གིས་གྲོས་བསྡུར་བྱེད་སའི་ནང་ཞུགས་ནས་ཨུ་ཡོན་ཚོ་དང་མཉམ་དུ་སྲིད་གཞུང་ལས་ཀའི་སྙན་སྒྲོན་དང་སྲིད་གྲོས་རྒྱུན་ཨུའི་ལས་ཀའི་སྙན་སྒྲོན། ཁུལ་མི་དམངས་ཁྲིམས་ཁང་དང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཀའི་སྙན་སྒྲོན་ལ་གྲོས་བསྡུར་བྱས་པ་རེད།  

    བྱང་ཆུབ་ཀྱིས་ཨུ་ཡོན་ཚོའི་གཏམ་བཤད་ལ་གསན་འཇོག་གནང་རྗེས།སྲིད་གྲོས་ཨུ་ཡོན་ཚོས་དུས་ཡུན་རིང་པོར་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་ལ་དོ་ཁུར་བྱས་ནས་དགེ་མཚན་ལྡན་པའི་བྱས་རྗེས་བཞག་པར་གདེང་འཇོག་མཐོན་པོ་དང་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེན་ཞུས་པ་རེད།ཁོང་གིས་གསུངས་དོན།སྲིད་གྲོས་ཨུ་ཡོན་ནི་བརྩི་མཐོང་བྱེད་རིན་ཡོད་པའི་མཚན་སྙན་ཡིན་ལ། ཕྲག་ཐོག་འཁུར་བའི་ལས་འགན་ནི་དེ་བས་ཀྱང་ལྗིད་པོ་ཡིན་པ་རེད། 

   བྱང་ཆུབ་ཀྱིས་གསུངས་དོན།སྲིད་གཞུང་ལས་ཀའི་སྙན་སྒྲོན་ནང་བཏོན་པའི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་འབད་འཐབ་དམིགས་ཡུལ་ནི་ཚན་རིག་དང་མཐུན་ཞིང་ལག་ལེན་བསྟར་འཐུས་ཡིན་པ་རེད། 2021ལོའི་གཙོ་གནད་ལས་ཀའི་བྱེད་ཐབས་ལག་ལེན་དུ་འཁྱོལ་ཐུབ་ངེས་ཡིན་པས་མགོ་ཡག་པོ་འཛུགས་རྒྱུའི་སྐུལ་སློང་བཀའ་རྒྱ་ཡིན་པར་བརྟེན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་དམངས་སྣེ་ཁྲིད་ནས་ལས་སྒྲུབ་གསར་གཏོད་ཀྱི་ཡིད་ཆེས་དང་ཆོད་སེམས།འགན་འཁུར་བཅས་གང་ལེགས་མཚོན་པ་ཡིན་ལ། དར་ཆ་མཐོར་སྒྲེང་བ་དང་ཐུན་མོང་གི་ངོས་འཛིན་གོང་བུར་སྒྲིལ་བ། དགའ་མགུ་ཡི་རང་བའི་སྙན་སྒྲོན་ཡག་པོ་ཞིག་རེད། 

   བྱང་ཆུབ་ཀྱིས་གསུངས་དོན། འདས་པའི་ལོ་གཅིག་གི་ནང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་འགན་འཁྲི་ནན་ཏན་བསྒྲུབས་ནས་ཐབས་འདོན་སྐྱོང་རོགས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཤུགས་ཆེན་པོ་བཏོན་པ་དང་། རོགས་རམ་ཆེན་པོ་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་རེད།2021ལོ་ནི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་འཛུགས་པའི་ལོ་ཡིན་ཞིང་།ཚང་མས་འཕེལ་རྒྱས་གསར་པའི་དུས་རིམ་ལ་བློ་གདེང་བྱ་རྒྱུ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་བྱ་རྒྱུ། ཞབས་ཕྱི་ཧུར་ཐག་བསྒྲུབ་རྒྱུར་དམིགས་པས་མ་ཚད་འཕེལ་རྒྱས་གསར་པའི་གནས་བབ་ལ་འབྲེལ་འདྲིས་ཟབ་མོ་བྱ་རྒྱུའི་རེ་བ་ཡོད། 

    ཁོང་གིས་གྲོས་འཆར་འདོན་དོན། གཅིག་ནི་དེང་རབས་ཀྱི་ཟོང་འགྲུལ་ཐོན་ལས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏང་དགོས། ཁྲོན་བོད་ལྕགས་ལམ་སྐྲུན་མགོ་འཛུགས་པ་དང་གཡག་མདོ་མྱུར་བགྲོད་གཞུང་ལམ་སོགས་བརྒྱུད་ཡུལ་དུ་ཆ་ཚང་སྒྲིག་པའི་ལས་གྲྭ་ལག་ལེན་བྱེད་པ་དང་བསྟུན་ནས་བོད་འབྲེལ་ས་ཁུལ་གྱི་ཟོང་འགྲུལ་རྒྱུ་ལམ་ཆེན་པོ་འཛུགས་སྐྱོང་བྱ་རྒྱུ་དེ་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་གཙོ་གནད་ལས་གྲྭ་ལ་བརྩིས་ནས། ས་ཁོངས་རང་བཞིན་གྱི་ཟོང་འགྲུལ་ལྟེ་གནས་འཛུགས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱ་དགོས།གཉིས་ནི་ཡུལ་སྡེ་དར་རྒྱས་ཀྱི་ཁྱད་ཆོས་ཐོན་རྫས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས།དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་དར་འབྱེད་དང་ཡུལ་སྡེ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་ཡུལ་བབ་དང་བསྟུན་པ།མངོན་གསལ་གྱི་ཁྱད་ཆོས་ཡོད་པའི་གཙོ་ཁྲིད་ཐོན་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱ་དགོས། གསུམ་ནི་སྔར་ལྷག་གིས་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏང་དགོས། ། 

 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་ཡིས་སྲིད་གྲོས་ཨུ་ཡོན་ཚོ་ཆུང་གི་གྲོས་འཆར་ལ་གསན།
  • ལེ་ཚན་རྗེས་མ།:ཅུས་ཀྲང་བཞིའི་སེམས་ཀྱི་སྒྲ་དབྱངས།
  • དོ་སྣང་ཆེ་བའི་རྩོམ།