བརྒྱད་ཟིལ་རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱིས་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དངོས་རྫས་གཏོང་སྤྲོད་བྱས།

དབྱངས་ཅན་གྱིས་བསྒྱུར།        2021-01-25

     ཉེ་ཆར། བརྒྱད་ཟིལ་རྫོང་གིས་གཅིག་བསྡུས་ཀྱིས་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ16ལ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དངོས་རྫས་གཏོང་སྤྲོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ནས། ཐེངས་འདིའི་མེ་སྐྱོན་འགོག་གསོད་ཀྱི་དངོས་རྫས་གཅིག་བསྡུས་ཉོ་སྒྲུབ་དང་གཏོང་སྤྲོད་བྱས་པ་ནི་བརྒྱད་ཟིལ་རྫོང་གིས་མིག་སྔའི་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་གསོད་ཀྱི་ལས་ཀའི་གནས་བབ་ཛ་དྲག་ཆེ་བར་དམིགས་པ་དང་། ཡུལ་ཤོག་དང་གྲོང་རྡལ་དང་གྲོང་སྡེའི་མེ་སྐྱོན་འགོག་གསོད་ཀྱི་དངོས་རྫས་གསོག་འཇོག་བྱས་པའི་ད་ཡོད་ཀྱི་གནས་ཚུལ་དང་འབྲེལ་ནས། བེད་སྤྱོད་གཏང་དགོས་སྐབས་སྤྱོད་ཡས་མེད་པ་ལས་གྲ་སྒྲིག་འདང་ངེས་བྱས་ནས་ལུས་ན་དགའ་བའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བཀོད་སྒྲིག་བྱས་པ་རེད།

    ཐེངས་འདིར་བསྡོམས་པས་མ་དངུལ་སྒོར་ཁྲི50གསོག་འཇོག་བྱས་ཏེ་རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ16ལ་མེ་སྐྱོན་འགོག་གསོད་བྱེད་ཡས་ཀྱི་ཆུ་ཟོམ2000དང་། མཐོ་གནོན་ཆུ་མདའ་སྤྲས་ཡོད་པའི་ཆེད་ལས་མེ་འགོག་ཆུ་ཟོམ400 ལྟེབ་སྒྲིལ་ཅན་གྱི་ཆེད་ལས་མེ་གསོད་ལྕགས་ཁེམ800 ཤིང་ཡུ་ཅན་ལྕགས་ཁེམ200 རྨོག་ཞྭ150 འཇོར100 སྣུམ་སོག10བཅས་གཏོང་སྤྲོད་བྱས་པ་རེད།།

    རྫོང་ནགས་ཚལ་དང་རྩྭ་ཐང་ཅུས་ཀྱི་འགན་ཁུར་མི་སྣས་མེ་འགོག་དངོས་རྫས་གཏོང་སྤྲོད་བྱས་ནས་དུས་ཐོག་ཏུ་རྫོང་ཡོངས་ཀྱི་ཡུག་ཤོག་དང་གྲོང་རྡལ་སོ་སོའི་མེ་གསོད་སྒྲིག་ཆས་མི་འདང་བའི་གནད་དོན་ཐག་གཅོད་བྱས་ནས། ཚད་ངེས་ཅན་གྱི་ཐོག་ནས་ཡུལ་ཤོག་དང་གྲོང་རྡལ། གྲོང་སྡེ་སོགས་ཀྱི་ལས་ཞོར་མེ་གསོད་དཔུང་སྡེའི་སྒྲིག་ཆས་ཀྱི་ཆ་རྐྱེན་ཇེ་ཡག་དང་མེ་སྐྱོན་འགོག་གསོད་བྱེད་ནུས་ཆེ་རུ་འགྲོ་ཡོད་པ་རེད་ཅེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་འཕར།། ཡུལ་མིའི་ངོ་གདོང་ལ་དགའ་འཛུམ་ཁེངས།།
  • ལེ་ཚན་རྗེས་མ།:སྒྲིག་སྲོལ་དང་འགལ་ནས་བྱེས་སུ་མེ་སྤྱད་པ་ཡིན་ན་ཆད་གཅོད་ཅི་འདྲ་འཁུར་དགོས།
  • དོ་སྣང་ཆེ་བའི་རྩོམ།