ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རང་ཁུལ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ།

དབྱངས་ཅན་གྱིས་བསྒྱུར།        2021-01-25

ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་རང་ཁུལ་དུ་འཚམས་འདྲིའི་བྱེད་སྒོ་སྤེལ།

ཁུལ་ཆང་ཧྲེ་གཞིས་ལས་དོ་དམ་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གི་དཀའ་ངལ་ཡོད་པའི་ལས་བཟོ་ལ་འཚམས་འདྲི་བྱེད་བཞིན་ཚུལ།

    ཉེ་ཆར། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཡི་ཁོངས་མི་དང་། ལས་ཁུངས་ཀྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཚའོ་རང་ཁུལ་དུ་ཕྱིན་ནས་བདེ་དྲོད་སྐྱེལ་བའི་འཚམས་འདྲིའི་བྱེད་སྒོ་སྤེལ་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛམས་གྲོས་ཚོགས་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་སྙིང་དོན། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་སྙིང་དོན་སྒྲོག་འགྲེལ་བྱས་པ་དང་སྦྲགས། རང་ཁུལ་གྱི་དཀའ་ངལ་ཡོད་པའི་ཁེ་ལས་དང་ལས་བཟོ(ཞིང་པའི་གླ་པ།)མང་ཚོགས། ངལ་རྩོལ་དཔེ་བཟང་ལ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཐུགས་ཁུར་དང་བརྩེ་སེམས་ཚོར་དུ་བཅུག་པ་རེད། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི་ཞུང་ལི་ཅིང་འཚམས་འདྲིར་ཞུགས་པ་རེད།

དར་མདོའི་འགྲུལ་སྐྱེལ་ལྟེ་གནས་ཀྱི་ཕ་ཡུལ་དུ་ཕྱིར་ལོག་པའི་ལས་བཟོ་མི་སྣའི་ཞབས་ཞུ་ས་ཚུགས་སུ་འགྲུལ་པར་རིན་པ་མི་དགོས་པའི་ཁ་རས་དང་རིམས་འགོག་དྲིལ་བསྒྲགས་ལག་དེབ། སི་ཁྲོན་གྱི་ངལ་ལས་གླ་པའི་ཁྱིམ་གཞིས་ཞེས་པའི་དྲིལ་བསྒྲགས་བྱེད་ས་བཅས་ཡོད་པར་མཐོང་སྐབས། ཝང་ཚའོ་ཡིས་ཁུལ་དང་།རྫོང(གྲོང་ཁྱེར)གི་ལས་བཟོ་ཨུ་ལྷན་དང་སྐྱེལ་འདྲེན་ཁེ་ལས་ཀྱིས་ངེས་པར་དུ་ཞིང་པ་གླ་པ་ཉེན་མེད་བདེ་འཇགས་ངང་ཕ་ཡུལ་དུ་ཕྱིར་ལོག་ཐུབ་པའི་ཞབས་ཕྱིའི་བྱ་སྤྱོད་རབ་རིམ་ཡག་པོ་བསྒྲུབ་རྒྱུ་དང་། རིམས་བབ་ཀྱི་དམིགས་བསལ་དུས་སྐབས་སུ་འཕྲོད་བསྟེན་རིམས་འགོག་སྡེ་ཁག་དང་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཁག་བར་གྱི་འབྲེལ་འདྲིས་སྔར་བས་བྱེད་ཤུགས་ཆེ་རུ་གཏང་རྒྱུ། དཔྱིད་གསར་དུས་ཆེན་ཤར་ཉེ་བྱུང་ནས་ཞིང་པ་གླ་པ་ཕ་ཡུལ་དུ་ཕྱི་ལོག་པར་སྐྱེལ་འདྲེན་བྱེད་སྐབས་ཀྱི་དཀའ་ངལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་ཞིང་པ་གླ་པ་ཉེན་མེད་ངང་ཕ་ཡུལ་དུ་ལོག་ཐུབ་པར་ཁག་ཐེག་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

ཁུལ་མ་འཇོག་འཕེལ་རྒྱས་མཐུན་ཚོགས་ཀྱི་སྤྱི་གཉེར་ཁང་དང་དར་མདོ་གྲོང་ཁྱེར་ཆང་ཧྲེང་གཞིས་ལས་སྤྱི་གཉེར་ཁང་དུ་ཝང་ཚའོ་ཡིས་ཁེ་ལས་ཀྱི་ཐོན་སྐྱེད་ཚོང་གཉེར་བྱེད་ཚུལ་དང་། ལས་བཟོའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་ཚུལ་འགྲེལ་བཤད་ཞིབ་ཕྲ་བྱས་པ་རེད། ཁེ་ལས་ཀྱིས་རིམས་བབ་སྐབས་སུ་ཕྱོགས་གཅིག་ནས་རིམས་ནད་འགོག་ཟོན་དང་། ཕྱོགས་གཞན་ཞིག་ནས་ཐོན་སྐྱེད་ཚོང་གཉེར་དམ་འཛིན་བྱས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་དང་ལས་ཞུགས་སྐུལ་ཁྲིད་བྱ་རྒྱུ་སོགས་ཀྱི་ཐད་ལ་མངོན་གསལ་གྱི་བྱས་རྗེས་བསྒྲུབས་ཡོད་པར་ཁས་ལེན་གང་ལེགས་བྱས་པ་རེད། ཁོས་ཁེ་ལས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གྱིས་ཁེ་ལས་འཕེལ་རྒྱས་ཡོང་བར་མཛུབ་སྟོན་བྱེད་ཅིང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང2035ལོའི་རྒྱང་རིང་གི་དམིགས་འབེན་ལ་དམིགས་ཏེ་ཁེ་ལས་འཕེལ་རྒྱས་ཡོང་བའི་ཚད་དཔོག་ཡག་པོ་བྱེད་པ་དང་། ཁེ་ལས་ཀྱི་བཟོ་ཚོགས་ལས་ཀ་ཡག་པོ་ཏན་ཏིག་བསྒྲུབ་རྒྱུ་དང་། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་ལས་བཟོ་མང་ཚོགས་ལ་ཞབས་ཕྱི་ཡག་པོ་བསྒྲུབས་ནས། སྔར་ལས་ལྷག་པར་བཟོ་ཚོགས་དང་ལས་བཟོ་བར་གྱི་འབྲེལ་ཟམ་གྱི་ནུས་པར་ཤུགས་ཆེར་བཏང་ནས། ཁེ་ལས་འཕེལ་རྒྱས་གཏོང་བའི་ནུས་པ་སྐུལ་འདེད་གཏང་དགོས་པའི་བླང་བྱ་བཏོན།

ཧྭ་ཞི་སྨན་ཁང་དཀར་མཛེས་ཁུལ་མི་དམངས་སྨན་ཁང་དུ་ཝང་ཚའོ་ཡིས་སི་ཁྲོན་ཞིང་ཆེན་གྱི་སྐབས་བརྒྱད་པའི་སྔོན་ཐོན་ལས་སྒྲུབ་མི་སྣ་དང་། རིམས་འགོག་བྱ་ཡུལ་དུ་ཕྱིན་པའི་སྨན་བཅོས་ལས་སྒྲུབ་མི་སྣའི་འཐུས་ཚབ་ཡུས་ཅིང་ལ་འཚམས་འདྲི་བྱས་པ་དང་། ཝང་ཚའོ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2020ལོའི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་དང་སྔོན་ཐོན་ལས་སྒྲུབ་མི་སྣར་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་དུ་ནན་གསུང་གནང་ཡོད་པ་སྟེ། ངལ་རྩོལ་དཔེ་བཟང་ནི་མི་རིགས་ཀྱི་ཕུལ་བྱུང་དང་། མི་དམངས་ཀྱི་མིག་དཔེ། སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་ཡིན་པས། རིམ་པ་ཁག་གི་བཟོ་ཚོགས་ཀྱིས་ངལ་རྩོལ་དཔེ་བཟང་གི་སྙིང་སྟོབས་དར་སྤེལ་བཏང་ནས། ངལ་རྩོལ་དཔེ་བཟང་གི་སྔོན་ཐོན་བྱ་གཞག་དང་གཏམ་བཟང་དྲིལ་བསྒྲགས་ཡག་པོ་བྱ་རྒྱུ་དང་། ཁོ་ཚོའི་ཐོན་སྐྱེད་དང་འཚོ་བར་དོ་སྣང་དང་དཀའ་ངལ་གྱི་གནད་དོན་ཐག་གཅོད་བྱས་ནས། ཏང་དང་སྲིད་གཞུང་། བཟོ་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་ཚོར་དུ་བཅུག་དགོས་ཅེས་བསྟན་པ་རེད།

དར་མདོའི་མཛའ་གཞས་ཟོང་འགྲུལ་སྤྱི་གཉེར་ཁང་དུ་མྱུར་སྐྱེལ་པའི་འཐུས་ཚབ་ལ་འཚམས་འདྲི་བྱེད་སྐབས། ཝང་ཚའོ་ཡིས་བསྟན་དོན། ཚོགས་པ་ཆེན་པོ་བརྒྱད་ཀྱི་ལས་བཟོའི་བདེ་སྡུག་ནི་མཐའ་གཅིག་ཏུ་རིམ་པ་ཁག་གི་མགོ་ཁྲིད་ཀྱིས་དོ་སྣང་ཆེ་བའི་གནད་དོན་ཞིག་ཡིན། བཟོ་ཚོགས་ཀྱི་སྒྲིག་འཛུགས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་ཅིང་། ཡུལ་གང་དུ་ལས་བཟོ་ཡོད་ན་བཟོ་ཚོགས་དེར་འཛུགས་པ་དང་། བཟོ་ཚོགས་ཀྱིས་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ་དང་ལས་བཟོར་ཞབས་ཕྱི་སྒྲུབ་པའི་འགན་འཁྲིའི་ནུས་པ་འདོན་སྤེལ་བྱ་དགོས་པ་དང་། ཚོགས་པ་ཆེན་པོ་བརྒྱད་ཀྱི་ལས་བཟོར་ཐུགས་ཁུར་དང་གཅེས་སྐྱོང་། ཞབས་ཞུའི་འགན་ལེན་སོགས་ཀྱི་ལས་ཀ་ཤུགས་ཆེན་སྤེལ་ནས། རྒྱ་ཆེ་བའི་ལས་བཟོ་མང་ཚོགས་ཀྱི་དགོས་མཁོར་དངོས་སུ་དམིགས་པ་དང་། ལས་བཟོའི་འཚོ་བ་དང་། སྨན་བཅོས། སློབ་ཞུགས་རོགས་སྐྱོར་སོགས་ལ་དམིགས་ཏེ་ཞབས་ཞུ་ལས་ཀ་ཡག་པོ་སྒྲུབ་པ་དང་། ལས་ཞུགས་ལས་སྐྲུན་དང་། ཁེ་དབང་སྲུང་སྐྱོང་བྱེད་པ་དང་ལས་བཟོར་ཕན་ཚུན་རོགས་རེས་འགན་སྲུང་བྱེད་པའི་ལས་ཀར་སྐུལ་འདེད་གཏང་དགོས།

ཐེངས་འདིའི་བྱེད་སྒོར་དཀའ་ངལ་ཡོད་པའི་ཁེ་ལས་དུད་ཚང3གྱི་འཐུས་ཚབ་དང་། དཀའ་ངལ་ཡོད་པའི་ཞིང་པ་གླ་པ། ཚོགས་པ་ཆེན་པོ་བརྒྱད་ཀྱི་ལས་བཟོ། ངལ་རྩོལ་དཔེ་བཟང་གི་འཐུས་ཚབ7ལ་འཚམས་འདྲིའི་མ་དངུལ་སྒོར་ཁྲི8.2གཏོང་སྤྲོད་བྱས་པ་རེད།།



  • ལེ་ཚན་སྔོན་མ།:ཁུལ་ཨུའི་དཔལ་འབྱོར་ལས་དོན་གྲོས་ཚོགས་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:ཐུན་མོང་དཔལ་འབྱོར་གྱི་ཕན་འབྲས་འཕར།། ཡུལ་མིའི་ངོ་གདོང་ལ་དགའ་འཛུམ་ཁེངས།།
  • དོ་སྣང་ཆེ་བའི་རྩོམ།