༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།

        2021-01-21

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།

   ད་ཐེངས་ངེད་ཁམས་ཀྱི་ཚགས་པར་ཁང་གིས་ཆེད་དུ་གཉེར་བཞིན་པའི་བོད་ཀྱི་དམངས་སྲོལ་རིག་པའི་ཡི་གེ་དང་འདྲ་པར་ཟུང་སྦྱར་གྱི་དུས་དེབ༼ཁམས་པའི་འཛུམ་རིས༽ ཀྱི་སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད། དེའང་མི་རིགས་ཤིག་གི་རྒྱུན་བསྐྱང་པ་ལ་མི་རིགས་དེའི་སྐད་ཡིག་དང་།  དངོས་པོའི་ཤུལ་བཞག་རིག་དངོས་དང་། དངོས་མིན་ཤུལ་བཞག་རིག་གནས་སོགས་སྔོག་འདོན་དང་། རྒྱུན་སྐྱོང་། དར་སྤེལ་གཏོང་བ་ནི་ང་ཚོའི་ཕྲག་ཏུ་བབ་པའི་ཟློག་ཐབས་མེད་པའི་འོས་འགན་ཞིག་ཡིན།

 

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།

 ༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
 

  དེར་བརྟེན། ད་ལམ་དཀར་མཛེས་ཁུལ་ཁམས་པའི་རིག་གནས་ཞིབ་འཇུག་ཁང་གིས་རྒྱལ་ཡོངས་གཙོ་གནས་རིག་དངོས་སྲུང་སྐྱོང་བྱ་བའི་སྡེ་ཚན་དཔལ་སྤུངས་དགོན་པས་ཀརྨ་སྒར་བྲིས་གསར་མའི་ཐང་གའི་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་བྱས་པ་སྟེ། རྒྱལ་ཁབ་དང་། ཞིང་ཆེན། རང་སྐྱོང་ཁུལ་བཅས་ཀྱི་དངོས་མིན་རིག་གནས་ཤུལ་བཞག་ཀརྨ་སྒར་བྲིས་ཚབ་མཚོན་རྒྱུན་འཛིན་པ་ཁག་ཅིག་ལ་བཅའ་འདྲི་བྱས་པའི་རྣམ་ཐར་བསྡུས་པ་དང་པར་སྦྲགས་མ་ཇི་བཞིན་དུ་བཀོད་པ་དང་ཆབས་ཅིག་ཏུ་སྒར་བྲིས་གསར་མའི་སྲོལ་འབྱེད་པ་པོ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་སྒར་བྲིས་གསར་མའི་ཁྱད་ཆོས་དང་།  འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་ཤེས་བྱ་མཛོད་དུ་བོད་ཀྱི་བཟོ་རིག་སྐོར་གླེང་བ།དེང་རབས་ཀྱི་ལྷ་བཟོ་བ་གྲགས་ཅན་ཐང་བླ་ཚེ་དབང་གིས་མཛད་པའི་བོད་ཀྱི་སྲོལ་རྒྱུན་མཛེས་རྩལ་ལས་བྲིས་འབུར་གཉིས་ཀྱི་བྱུང་བ་མདོ་ཙམ་བརྗོད་པ་ཞེས་པ་རྣམས་ཇི་བཞིན་དུ་བཀོད་པ་དེ་དང་མཉམ་དུ་སི་ཏུ་པན་ཆེན་ཆོས་ཀྱི་འབྱུང་གནས་ཀྱི་ཕྱག་བྲིས་ཞལ་ཐང་བཅས་ཀྱིས་བརྒྱན་ཏེ་《ཁམས་པའི་འཛུམ་རིས།》དུ་བཀོད་པའོ།།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
 

  ངེད་རྩོམ་སྒྲིག་པ་ཡོངས་ཀྱི་ཕུགས་བསམ་དང་དམིགས་ཡུལ་ཉག་གཅིག་ནི་ཀརྨ་སྒར་བྲིས་དང་དེའི་ཚབ་མཚོན་རྒྱུན་འཛིན་པ་ཁག་ཅིག་ངོ་སྤྲོད་བྱེད་པ་ཙམ་མ་ཡིན་ལ། མ་འོངས་པར་རང་རེའི་དངོས་མིན་རིག་གནས་ཤུལ་བཞག་སྔར་ལས་ལྷག་པའི་སྒོ་ནས་རྒྱུན་འཛིན་དང་སྲུང་སྐྱོང་བྱ་བ་ལ་ཕན་རེ་ཨེ་ཐོགས་སྙམ་པའི་རེ་འདུན་བཅོས་མིན་ཞིག་བཅང་བ་ཡིན་པས།  ད་ཐེངས《ཁམས་པའི་འཛུམ་རིས།》འདིར་བཀོད་པའི་བརྗོད་བྱ་དང་པར་རིས་རྣམས་ལྟ་ཀློག་གི་རིན་ཐང་དང་། ཉར་ཚགས་ཀྱི་རིན་ཐང་། ཡིག་ཚགས་ཀྱི་རིན་ཐང་། དོན་གཉེར་ཅན་རྣམས་ལ་བེད་སྤྱོད་ཀྱི་རིན་ཐང་བཅས་ལྡན་པའི་སྨོན་པར་གྱུར།

༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།
༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༡པ་སྒོར་ཐོན་ཡོད།

  • ལེ་ཚན་སྔོན་མ།:«ཁམས་པའི་འཛུམ་རིས»གསེར་ཐར་ཧོར་ཤུལ་ཡུལ་གྱི་ལོ་རྒྱུས་རིག་གནས་ཆེད་བསྒྲིགས་པར་དུ་བསྐྲུན།
  • ལེ་ཚན་རྗེས་མ།:༼ཁམས་པའི་འཛུམ་རིས༽སྤྱིའི་འདོན་ཐེངས༣༢པ་སྒོར་ཐོན་ཡོད།
  • དོ་སྣང་ཆེ་བའི་རྩོམ།