རང་རྒྱལ་གྱིས་བྱེད་ཐབས6སྤྱད་ནས་དཀའ་ངལ་ཡོད་པའི་མང་ཚོགས་བློ་བདེ་པོའི་ངང་ལོ་སར་གཏང་ཐུབ་པ་འགན་ལེན་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2021-01-21

      ཉེ་ཆར་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག“དུས་ཆེན་གཉིས”རིང་རིམས་ནད་ཀྱི་གནོད་འཚེའི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་དང་མ་མཐའི་འཚོ་བ་འགན་ལེན་བྱེད་མཁན་སོགས་ཀྱི་ཚོགས་སྤྱིའི་འཚོ་བའི་འགན་ལེན་ལ་ཤུགས་བརྒྱབ་སྟེ་མཁོ་སྤྲོད་འགན་ལེན་དང་། རོགས་སྐྱོབ་ཤུགས་ཆེན། ཞབས་ཞུར་སྐུལ་འདེད། དམིགས་བསལ་འགན་ལེན་བྱེད་པ། གཞི་རྩ་འགན་ལེན་བྱེད་པ། མ་དངུལ་འཇོག་པ་སོགས་བྱེད་ཐབས་དྲུག་བཏོན་ནས་མང་ཚོགས་ལ་དྲོ་སྐྱིད་ལྡན་པའི་ངང་དགུན་དུས་བརྒལ་བ་དང་བློ་བདེ་པོའི་ངང་ལོ་སར་གཏོང་དུ་འཇུག་རྒྱུ་ཡིན་པ་རེད།

    གྲང་ངར་ཆེ་བའི་དགུན་དུས་དང་རིམས་བབ་འགོག་ཟོན་འོག་དཀའ་ངལ་ཡོད་པའི་མང་ཚོགས་ལ་མ་མཐའི་འཚོ་སྐྱོང་བྱ་རྒྱུ་དེ་འགག་རྩ་ཞིག་རེད། ས་གནས་ཁག་དང་འབྲེལ་ཡོད་ལས་ཁུངས་ཀྱིས་གནོད་འཚེ་ཕོག་མཁན་གྱི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབས་ནས་མ་མཐའི་འཚོ་བ་འགན་ལེན་མི་སྣའི་འཚོ་བའི་ཁ་གསབ་དང་རིན་གོང་ཁ་གསབ་སྤྲད་དེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱ་རྒྱུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། དཔྱིད་གསར་དུས་ཆེན་འཆར་ཉེར་ཡོད་པས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་བྱེད་པའི་ལས་དོན་སྔར་བས་གནད་སྨིན་ཡག་པོ་བསྒྲུབ་དགོས།

     དེར་བརྟེན་ཚོགས་འདུའི་ཐོག་གཅིག་ནི་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བ་བྱས་ནས་གནས་ཚུལ་ལ་གཞིགས་ཏེ་སྤྱི་ཚོགས་རོགས་སྐྱོབ་དང་འགན་ལེན་ཚད་གཞི་དེ་ཟོག་གོང་འཕར་བ་དང་འབྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས་མ་མཐའི་འཚོ་བ་འགན་ལེན་སོགས་ཚོགས་སྤྱིར་འབྲེལ་ཡོད་ཁ་གསབ་དུས་ཐོག་ཏུ་སྤྲད་དེ་གཞི་རྩའི་འཚོ་བ་འགན་ལེན་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

      གཉིས་ནི་དབུལ་ཐར་མི་གྲངས་དང་མཐའ་མཚམས་མི་འབོར་ལ་ལྟ་ཞིབ་ཚད་ལེན་དང་གྲལ་བཤེར་བྱ་རྒྱུར་ཤུགས་བརྒྱབ་ནས་སྤྱི་ཚོགས་རོགས་སྐྱོབ་འགན་ལེན་བྱ་དགོས་རིགས་ཆད་ལུས་མེད་པར་འགན་ལེན་བྱ་དགོས།

     གསུམ་ནི་ས་གནས་དེ་རང་དུ་སྡོད་པའི་ཞིང་པ་ལས་མི་དང་སློབ་གྲྭར་སྡོད་པའི་སློབ་མ་སོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱས་ནས་ཞིང་སྡེའི་གཞིས་ལུས་བྱིས་པ་དང་རྒན་རྒོན་ལ་སེམས་ཁུར་དང་ཞབས་འདེགས་ཞུ་རྒྱུར་ཤུགས་རྒྱག་དགོས།

     བཞི་ནི་མཐིལ་རྟོགས་གྲལ་བཤེར་བྱས་ཏེ་དྭ་ཕྲུག་དང་། དབང་པོ་སྐྱོན་ཅན། སྨྱོ་ནད་ཕོག་མཁན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིར་འཚོ་བའི་དཀའ་ངལ་སེལ་རོགས་བྱེད་པ་དང་གནས་སྐབས་འཚོ་བའི་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ལ་དམིགས་སའི་རང་བཞིན་གྱི་རོགས་སྐྱོར་བྱ་དགོས།

     ལྔ་ནི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་མཁན་མང་ཚོགས་དང་ལྷག་པར་དུ་སྐབས་འཕྲལ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་བཀོད་སྒྲིག་ཡག་པོ་བྱ་དགོས།

     དྲུག་ནི་ཀྲུང་དབྱང་ནོར་སྲིད་ཀྱིས་སྔ་སྣུར་དུ་སྤྲད་པའི་སྒོར་དུང་ཕྱུར1000ཡི་རོགས་སྐྱོབ་ཁ་གསབ་མ་དངུལ་བེད་སྤྱོད་ཡག་པོ་བྱས་ནས་ལྟ་སྐུལ་དོ་དམ་ལ་ཤུགས་བརྒྱབ་སྟེ་གཞན་སྤྱོད་མི་ཆོག་པ་བྱ་དགོས། ས་གནས་སྲིད་གཞུང་གི་འགན་འཁྲི་ནན་དུ་བཏང་ནས་གཞི་རྩའི་དམངས་འཚོ་འགན་ལེན་གྱི་མ་དངུལ་འདང་ཙམ་བཟོ་བ་དང་། མ་དངུལ་ཐད་གཏོང་གི་བླང་བྱ་ལྟར་རོགས་སྐྱོར་དང་རོགས་སྐྱོབ་བྱ་དགོས་པའི་མང་ཚོགས་ལ་དུས་ཐོག་ཏུ་རོགས་དངུལ་ཁ་ཚང་སྤྲད་དགོས།

ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ནོར་དཔལ་འཐབ་ཇུས་ཞིབ་འཇུག་ཁང་ནོར་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཧོ་ཏའེ་ཞིན་གྱིས“དམིགས་བསལ་དུས་སྐབས་སུ་དམངས་འཚོ་འགན་ལེན་ཡག་པོ་བྱེད་པ་དང་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་པར་མ་དངུལ་གྱི་འགན་ལེན་དང་ཁ་འབྲལ་ཐབས་མེད། མ་དངུལ་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་བརྒྱབ་ནས་ནོར་སྲིད་མ་དངུལ་དོན་ཐོག་ཏུ་འཁྱོལ་རྒྱུ་འགན་ལེན་བྱས་ཏེ་མང་ཚོགས་ཐོབ་སྣང་དང་སྐྱིད་སྣང་ཆེ་རུ་གཏང་དགོས” ཅེས་བཤད་པ་རེད།


  • ལེ་ཚན་སྔོན་མ།:དབུལ་ཐར་གྲོང་སྡེ་ཞིག་གི་ཡུལ་སྡེ་དར་རྒྱས་གཏོང་བའི་ལམ་བུ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་མ་དངུལ་སྒོར་ཁྲི25899བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་དགུན་ཡག་པོ་བརྒལ་ཐུབ་པ་འགན་ལེན་བྱས།
  • དོ་སྣང་ཆེ་བའི་རྩོམ།