གར་གྱི་ཆ་བྱད་དགུ།

        2020-12-15

     འདི་ནི་ཟློས་གར་འཁྲབ་མཁན་གྱིས་ལུས་ཀྱི་རྣམ་འགྱུར་དང་ངག་གི་སྨྲ་བརྗོད་གཉིས་ལ་བརྟེན་ནས་འཁྲབ་བྱའི་མི་སྣ་རིགས་མི་འདྲ་བ་སོ་སོའི་བསམ་བློའི་ཉམས་འགྱུར་དངོས་སུ་མཚོན་པར་བྱེད་པ་ལ་ཟེར་ཞིང་དེ་ལ་རྣམ་པ་མི་འདྲ་བ་དགུ་ཡོད་དེ། ༡.སྒེག་པ། ༢.དཔའ་བ། ༣.མི་སྡུག་པ། ༤.རྒོད་པ། ༥.དྲག་ཤུལ། ༦.འཇིགས་རུང༌། ༧.སྙིང་རྗེ། ༨.རྔམ་པ། ༩.ཞི་བ་བཅས་ཡིན་ཅིང༌།ཉམས་དགུ་པོ་དེས་བསམ་བློ་མཚོན་ཐུབ་དང་མི་ཐུབ་ནི་འཁྲབ་སྟོན་བྱེད་མཁན་གྱི་སྒྱུ་རྩལ་ཆུ་ཚད་མཐོ་དམན་ལ་རག་ལས་པ་ཡིན་པས་འཁྲབ་སྟོན་མཁན་གྱི་སྒྱུ་རྩལ་ཆུ་ཚད་ཇི་ཙམ་མཐོ་ན་ལྟད་མོ་བའི་སེམས་ལ་དེ་དང་མཚུངས་པའི་ཉམས་འགྱུར་ཐོན་པར་བྱེད་ཐུབ་པ་ཡིན།


དུང་དཀར་ཚིག་མཛོད་ལས་དྲངས།

རྩོམ་སྒྲིག་པ།  མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འབའ་ཐང་ལྷ་མོའི་ཟློས་གར།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།