དབུལ་ཞྭ་ཕུད་པའི་ལས་འགན་གྲུབ་ཅིང་ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཐོབ་རིགས་ལ་སྒོར་ཁྲི1000གི་བྱ་དགའ་ཡོད།

ལྷ་འཛོམས་ཀྱིས་བསྒྱུར།        2020-11-16

རང་རེའི་ཞིང་ཆེན་གྱིས2020ལོའི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ལ་དཔྱད་ཞིབ་བྱེད་མགོ་ཚུགས་ཤིང་། སྤྱི་ཟླ11པའི་ཚེས10ཉིན། སྨྱུག་འཛིན་པས་ཁྲེང་ཏུའུ་རུ་འཚོགས་པའི2020ལོའི་ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་སྐུལ་སློང་གསོ་སྦྱོང་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ལོ་འཁོར་གྱི་དབུལ་ཞྭ་ཕུད་དགོས་པའི་རྫོང་གིས་དབུལ་ཞྭ་ཕུད་པའི་ལས་འགན་ལེགས་འགྲུབ་བྱུང་བར་མ་ཟད། ད་དུང་ཕྱོགས་བསྡུས་གདེང་འཇོག་ཡག་པོ་ཐོབ་རིགས་ལ་སྒོར་ཁྲི1000གི་བྱ་དགའ་ཡོད་པ་རེད།

རང་རེའི་ཞིང་ཆེན་གྱི་རྫོང་དང་གྲོང་ཁྱེར། ས་ཁུལ་བཅས161ལ་དབུལ་སྐྱོར་ལས་འགན་ཡོད་ཅིང་། རྫོང་དང་གྲོང་ཁྱེར། ཆུས་བཅས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཇི་ལྟར་ཐོབ་མིན་ནི་ལོ་ལྟར་དཔྱད་ཞིབ་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན་པ་རེད། ཏང་ཨུ་དང་སྲིད་གཞུང་གི་དཔྱད་ཞིབ་བརྒྱུད་རིམ་ལ་བལྟ་དགོས་ལ་མཇུག་འབྲས་ལའང་བལྟ་དགོས། དཔྱད་ཞིབ་བརྒྱུད་རིམ་ནང་གཙོ་བོ་དབུལ་ཐར་འགག་སྒྲོལ་གྱི་རྩ་འཛུགས་མགོ་ཁྲིད་དང་ཆེད་དོན་དབུལ་སྐྱོར། རྒྱུན་གཏན་ལས་དོན་བཅས་འདུས་ཡོད། གྲུབ་འབྲས་དཔྱད་ཞིབ་ནང་གཙོ་བོར་དབུལ་ཐར་ཕན་འབྲས་དང་དབྱེ་འབྱེད་གནད་སྨིན། རོགས་སྐྱོར་གནད་སྨིན། དབུལ་སྐྱོར་མ་དངུལ་སོགས་ཀྱི་ནང་དོན4འདུས་ཡོད་པ་རེད།

དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ནང་མཇུག་འབྲས་ཁྲིད་ཕྱོགས་ལ་བརྩི་སྲུང་ནན་པོ་བྱ་དགོས། རྫོང་དང་གྲོང་ཁྱེར། ཆུས་བཅས161གིས“དབུལ་ཞྭ་ཕུད་ཟིན་པའི་རྫོང་དང་། ལོ་འཁོར་གྱི་དབུལ་ཞྭ་ཕུད་པའི་རྫོང་། དབུལ་ཕོངས་མིན་པའི་རྫོང་བཅས”ལ་གཞིགས་ནས་རིགས་གསུམ་ལ་ཕྱོགས་བསྡུས་གདེང་འཇོག་བྱས་ཤིང་། གདེང་འཇོག་བྱས་འབྲས་དེ“ལེགས་པ་དང་། ཅུང་ལེགས་པ། གནད་དོན་མང་ཙམ་ཤེས་རྟོགས་ཐུབ་པ། གནད་དོན་མངོན་གསལ་དོད་པ”བཅས་རིམ་པ4རུ་བགོས་ཡོད་པ་རེད།

གདེང་འཇོག་བྱས་འབྲས་ནི“ལེགས་པའི”རྫོང་དང་། གྲོང་ཁྱེར། ཆུས་བཅས་ལ་བྱ་དགའ་སྤྲད་རྒྱུ་སྟེ། དབུལ་ཞྭ་ཕུད་ཟིན་པའི་རྫོང་ལ་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི500སྤྲད་རྒྱུ་དང་། རྫོང་དབུལ་པོ་མིན་པར་ཐེངས་གཅིག་ལ་བྱ་དགའ་སྒོར་ཁྲི300སྤྲད་རྒྱུ་རེད། རང་རེའི་ཞིང་ཆེན་གྱིས་ད་དུང་དཔྱད་ཞིབ་བྱས་འབྲས་གཞིར་བཟུང་ནས་གྲོང་ཁྱེར་དང་རྫོང་། ཡུལ་ཤོག དེ་བཞིན་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་གྲྭ་དང་པོའི་ལས་བྱེད་པ་ཁག་ཅིག་ལ་དཔྱད་འདེམས་བྱས་ཏེ་བརྡ་ཁྱབ་བཏང་ནས་གཟེངས་བསྟོད་བྱ་རྒྱུ་རེད།

རང་རེའི་ཞིང་ཆེན་གྱིས་“གནད་དོན་གསར་རྙེད་ཅུང་མང་བ་དང་། གནད་དོན་གསར་རྙེད་འབུར་དུ་ཐོན་པའི” ཕྱོགས་བསྡུས་གདེང་འཇོག་བྱས་རིགས་ལ་འབྲེལ་ཡོད་གཏན་འབེབས་ལ་གཞིར་བཟུང་ནས་ཞིང་ཆེན་དབུལ་ཐར་འགག་སྒྲོལ་མགོ་ཁྲིད་ཚོགས་ཆུང་ལ་སྙན་སེང་ཞུས་ནས་མོས་མཐུན་བྱུང་རྗེས་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་རིམ་པའི་ཏང་སྲིད་མགོ་ཁྲིད་གཙོ་བོའམ་ཡང་ན་ལས་བགོས་འགན་གཉེར་མགོ་ཁྲིད་ལ་ཁ་ཆད་བཞག་ནས་འདྲི་རྟོག་བྱ་རྒྱུ་དང་། འགན་འཁྲི་མི་འཁུར་བ་དང་གནས་ཚུལ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཟོ་བ་བཅས་ཀྱི་རིགས་ལ་འགན་འཁྲི་བདའ་འདེད་བྱ་དགོས་པ་དང་། སྒྲིག་འགལ་ཁྲིམས་འགལ་བྱས་རིགས་ལ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན་པ་རེད།

ཏང་ཨུ་དང་སྲིད་གཞུང་གི་དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་ཕུད་ཁ། རང་རེའི་ཞིང་ཆེན་གྱིས་ད་དུང་ཞིང་ཆེན་ནང་ཁུལ་གྱི་བོད་དང་འབྲེལ་བའི་ས་ཁུལ་དང་དབྱིས་རིགས་ས་ཁུལ་གྱི་རྫོང་དབུལ་པོར་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་དང་། གྲོང་ཚོ་དབུལ་པོའི“གཅིག་ཅན་ལྔ་པོའི”རོགས་སྐྱོར་ལས་དོན། ཞིང་ཆེན་ཐད་གཏོགས་སྡེ་ཚན(ལས་ཁུངས)གྱི་ས་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་དོན། དབུལ་སྐྱོར་ཆེད་དོན་ལས་དོན། ཤར་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་སྦྱོར་ལས་དོན། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་བཅས་ལ་ཅིག་ཅར་དུ་དཔྱད་ཞིབ་བྱ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཁྲོན་བོད་ལྕགས་ལམ་སྐྲུན་མགོ་ཚུགས་པའི་ཐད་མཛུབ་སྟོན་གལ་ཆེན་གནང་།
  • ལེ་ཚན་རྗེས་མ།:ཁྲོན་བོད་ལྕགས་ལམ་གྱིས་བསྐྲུན་པའི་འཛམ་གླིང་ཐོག་གི་ཟིན་ཐོ་བཅུ།
  • དོ་སྣང་ཆེ་བའི་རྩོམ།