ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་གསེར་ཐར་རྫོང་དུ་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2020-11-13

གསེར་ཐར་རྫོང་གིས་ཕྱོགས་ཡོངས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་དྲིལ་བསྒྲགས་དང་སློབ་སྦྱོང་ལག་ལེན་མཐར་ཕྱིན་བྱ་ཆེད། སྤྱི་ཟླ10པའི་ཚེས27ཉིན། ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་གཉིས་པས་གསེར་ཐར་རྫོང་གེ་སར་སྒྱུ་རྩལ་ལྟེ་གནས་སུ་སྒྲོག་འགྲེལ་བྱས་པ་རེད། ཁུལ་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་དགེ་རྒན་ཐའོ་ཡུང་གིས་ཆེད་དོན་སྒྲོག་འགྲེལ་བྱས་ཤིང་། རྫོང་ཨུའི་རྒྱུན་ཨུ་སྐལ་བཟང་རྡོ་རྗེ་ཡིས་སྒྲོག་འགྲེལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུའི་ཐོག་ཏུ་ཐའོ་ཡུང་གིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་སྐོང་ཚོགས་བྱས་པར་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་ཤིང་། རང་ཉིད་ཀྱི་སློབ་སྦྱོང་གི་མྱོང་ཚོར་དང་ཟུང་འབྲེལ་བྱས་ནས་གསོན་ཉམས་ལྡན་ཞིང་ཞིབ་ཚགས་པ་དང་། གོ་སླ་བའི་བའི་སྒོ་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་། ལོ་རྒྱུས་ཀྱི་དོན་སྙིང་གཏིང་ཟབ་པོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་བཅས་ཀྱི་དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན་བཅས་སྒྲོག་འགྲེལ་བྱས་པ་རེད། དོན་དངོས་དང་གཞི་གྲངས་འབོར་ཆེན་དྲངས་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་བཏོན་པའི་ངེས་པར་དུ་བསྒྲུབ་དགོས་པ་བཅུ་དང་འགན་ལེན་བཞིའི་ལྟེ་བའི་དོན་སྙིང་རྒྱས་བཤད་གཏིང་ཟབ་བྱས་ཡོད་པ་རེད།

ཐའོ་ཡུང་གིས་སྒྲོག་འགྲེལ་བྱེད་སྐབས་དཀར་མཛེས་ཁུལ་གྱི་བྱ་གཞག་སོ་སོའི་ཐད་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོས་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ནས་ཐོབ་པའི་གྲུབ་འབྲས་དེ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་གནང་བ་དང་ཁ་འབྲལ་ཐབས་མེད་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་གཙོ་བོར་མཛད་པའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ། ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་དང་ཁ་བྲལ་ཐབས་མེད་པ་རེད་ཅེས་བཤད་པ་རེད། མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་གི་རིང་ལ་བོད་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་དམིགས་ཡུལ་ལས་འགན་དང་། བྱེད་ཕྱོགས་སྲིད་ཇུས། འཐབ་ཇུས་བྱེད་ཐབས་བཅས་ཀྱི་ཐད་དུས་རབས་གསར་པའི་བོད་ལྗོངས་དང་བོད་དང་འབྲེལ་བ་ཡོད་པའི་ས་ཁུལ་གྱི་ལས་དོན་ལ་ཇི་ལྟར་ལྟ་བ་དང་ཇི་ལྟར་སྒྲུབ་པ། ཇི་ལྟར་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བསྐྱོན་ཡོད་པ་རེད།

རག་བཀྲམ་ཡུལ་ཤོག་གི་ཏང་ཨུའི་ཧྲུའུ་ཅི་རིག་བཀྲ་ཡིས་དེ་རིང་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པས་གནང་བའི་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་ལ་ཉན་པས་ང་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། ངས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་སྔར་བས་གཏིང་ཟབ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་བཀོད་སྒྲིག་བླང་བྱ་དང་གཅིག་གྱུར་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་ཐོག་གཅིག་གྱུར་བྱས་ནས་གཞི་རིམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་འགན་འཁྲིའི་བསམ་པ་དང་། ལས་འགན་སྒྲུབ་སེམས། དགོས་གཏུག་གི་བསམ་པ་བཅས་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།

རྫོང་རིམ་པའི་མགོ་ཁྲིད་དང་རྫོང་གི་ཚོགས་པ་ཆེན་པོ་བཞི།ཞིང་ཆེན་དང་ཁུལ། རྫོང་གི་ཁོངས་གཏོགས་ཀྱི་སྲིད་འཛིན་ཁེ་ལས་ལས་རིགས་ཀྱི་འགན་ཁུར་བ་གཙོ་བོ་དང་ཡུལ་ཤོག་དང་གྲོང་རྡལ་སོ་སོའི་ཏང་ཨུའི་ཧྲུའུ་ཅི་དང་མགོ་གཙོ་སོགས་མི160ལྷག་གིས་སྒྲོག་འགྲེལ་ལ་ཉན་པ་རེད།

ཉིན་དེའི་ཕྱི་དྲོར་ཁུལ་ཨུའི་སྒྲོག་འགྲེལ་ཚོགས་པ་གཉིས་པ་གསེར་ཁོག་གྲོང་རྡལ་དུ་སོང་ནས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ནང་ཞུགས་མཁན་གྱི་བློ་མཐུན་ཚོས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་འཚོགས་ཚུན་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་། བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཇི་ལྟར་བྱ་རྒྱུ་སོགས་ཀྱི་ཐད་གྲོས་བསྡུར་གཏམ་བཤད་བྱས་པ་རེད། དེའི་རྗེས་ཁུལ་ཨུའི་འཆད་ཁྲིད་ཚོགས་པའི་ཚོགས་གཙོ་ཝང་ཀྲུང་ཧྭ་ཡིས་ཕྱོགས་བསྡོམས་གཏམ་བཤད་བྱས་ནས་ཚང་མར་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་ཡག་པོ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་བམ་པོ་གསུམ་པའི་སློབ་སྦྱོང་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ནས་ཏང་གི་བཀའ་དྲིན་གཟོ་བ།མེས་རྒྱལ་ལ་དགའ་ཞེན། ཁྲིམས་ལུགས་སྲུང་བ། འབྱོར་འབྲིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་བརྗོད་དོན་གཙོ་བོའི་སྒྲོག་འགྲེལ་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་གཏམ་རྒྱུད་ཡག་པོ་བཤད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ། རྫོང་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་དུ་འགྱུར་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པར་སློབ་སྦྱོང་དང་དྲིལ་བསྒྲགས་བྱ་རྒྱུ་དང་ཟུང་འབྲེལ་བྱ་རྒྱུ། ལས་རིགས་ཁག་དང་སྡེ་ཚན་ཁག་གིས་རིམ་པ་དབྱེ་ནས་མང་ཚོགས་ཁག་བགོས་ཀྱིས་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱ་དགོས་ཞེས་རེ་བ་བཏོན་པ་རེད།

གྲོང་རྡལ་ཡོངས་ཀྱི་ལས་བྱེད་པ་དང་ལས་བཟོ་བ། གཞིས་ཁུལ་གྱི་ལས་བྱེད་པ་དང་སྡེ་བའི་ལས་བྱེད་པ་བཅས་མི30ལྷག་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།།

(གཡུ་མགོན་གྱིས་བྲིས།)


  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་གིས་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:ཁུལ་ཨུའི་མང་ཚོགས་སྒྲོག་འགྲེལ་ཚོགས་པས་དཔལ་ཡུལ་རྫོང་དུ་ཀྲུང་དབྱང་གི་བོད་ལྗོངས་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།