རང་ཁུལ་གྱིས་བདེ་སྐྱོང་དང་གྲོང་ཁྱེར(ཁུལ)ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་ལས་དོན་ཆེད་དོན་ཚོགས་ཆུང་གི་ཆེད་དོན་ཚོགས་འདུ་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2020-10-21

    སྤྱི་ཟླ10པའི་ཚེས15ཉིན། ཁུལ་ཡོངས་ཀྱི་བདེ་སྐྱོང་དང་གྲོང་ཁྱེར(ཁུལ)ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལས་དོན་གྱི་ཆེད་དོན་ཚོགས་ཆུང་གི་ཚོགས་འདུ་དར་མདོར་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥེང་ཧྥ་ཀུའེ་དང་ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲུའུ་ཏ་ཁྲུན། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་ཧྥུ་པའོ་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་དཔོན་ལེའོ་ཞུའེ་ཏུང་བཅས་ཚོགས་འདུར་ཞུགས་པ་དང་།ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

     ཧྥེང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། འདི་ལོ་ནི་གྲོང་ཁྱེར(ཁུལ)ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་གྱི་དཔེ་སྟོན་ཁུལ་བསྐྲུན་པའི་ལས་འགན་ལྕི་ཤོས་ཀྱི་ལོ་ཞིག་ཡིན་པས་ཁུལ་ཡོངས་ཀྱིས་ངེས་པར་དུ་ནུས་ཤུགས་དེ་བས་ཆེན་པོ་དང་འབད་བརྩོན་དེ་བས་ཆེན་པོ་བྱ་དགོས། ལས་འགན་གྱི་གསལ་ཐོ་དང་ཞིབ་བསྡུར་ནན་ཏན་བྱེད་པ་དང་དམ་པ་དོན་གཉེར། དངོས་ཕན་དོན་གཉེར་བཅས་བྱས་ནས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས།

    ཧྥེང་ཧྥ་ཀུའེ་ཡིས་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་ཀའི་ཁྲིད་སྟོན་ལ་དམིགས་ནས་མཛུབ་ཁྲིད་ལས་དོན་གྱི་ནང་དོན་ཁག117ལ་དམ་འཛིན་ནན་པོར་བྱས་ནས་ལས་དོན་རེ་རེ་བཞིན་ཚད་གཞི་ལྟར་ལེགས་སྒྲུབ་བྱ་དགོས། ཕྱོགས་ཡོངས་ལས་ཀ་ཚད་འབེབས་བྱས་ནས་ལོ་འཁོར་གྱི་ལས་འགན་དེ་ཞིབ་ཕྲའི་བྱ་ཐབས་སུ་བཟོས་དགོས། འགན་འཁྲི་ཁག་བགོས་ཏེ་ལས་འགན་གསལ་ཐོ་དང་ཞིབ་བསྡུར་བྱེད་པ། འགན་འཁྲི་འཁུར་མཁན་སྡེ་ཚན་དང་འགན་འཁྲི་འཁུར་མཁན་གྱི་མི་ཁ་གསལ་བཟོ་དགོས། དུས་བཀག་ལྟར་སྐུལ་སྤེལ་གཏོང་བར་ཁག་ཐེག་ཏན་ཏིག་བྱས་ཏེ་གཏན་ལ་ཕབ་པའི་ལས་ཀའི་དུས་རིམ་ལྟར་བཀོད་སྒྲིག་བྱེད་པ་དང་ལས་ཡུན་ལྡོག་སྒྲིག་བྱས་ནས་དུས་བཀག་ལྟར་ལེགས་འགྲུབ་ཡོང་བར་འགན་ལེན་བྱ་དགོས་ཞེས་གསུངས་ཤིང་། དུས་མཉམ་དུ་ཁོང་གིས་ད་དུང་ཁུལ་རིམ་པའི་སྣེ་ཁྲིད་སྡེ་ཚན་ལ“གཙོ་གནད་དམ་འཛིན་དང་། དཀའ་གནད་སེལ་བ། ཞན་ཆ་གསབ་པ། ཉམས་མྱོང་འདོན་པ”བཅས་དང“མི་གཏན་འཁེལ་དང་། དུས་ཚོད་གཏན་འཁེལ། བྱེད་ཐབས་གཏན་འཁེལ། སྣེ་ཁྲིད་དཔེ་སྟོན་དང་ལྟ་སྐུལ་མཛུབ་ཁྲིད་བཅས་ལ་མཐོང་ཆེན་བྱ་དགོས”ཞེས་པའི་བཞི་ཐོག་གཉིས་བསྣན་པའི་ལས་ཀའི་བྱ་ཐབས་བཏོན་ནས་ཕན་འབྲས་དངོས་ཐོན་རྒྱུར་དམ་འཛིན་དང་ཁྱད་ཆོས་ཐོན་རྒྱུར་དམ་འཛིན། ཉམས་མྱོང་ཐོན་རྒྱུར་དམ་འཛིན་བཅས་བྱ་དགོས་པའི་ཐུགས་རེ་གནང་བ་རེད།

    ཚོགས་ཐོག་ཆེད་དོན་ལས་སྒྲུབ་ཚོ་ཆུང13གྱིས་དུས་མགོའི་ལས་ཀའི་གནས་ཚུལ་སྙན་སེང་ཞུས་པ་དང་སླད་ཕྱིན་ལས་ཀའི་བྱེད་ཐབས་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།
  • ལེ་ཚན་རྗེས་མ།:བཅོས་སྐྱོང་མ་ལག་འཐུས་ཚང་དུ་བཏང་ནས་བཅོས་སྐྱོང་བྱེད་ནུས་ཆེ་རུ་གཏོང་།
  • དོ་སྣང་ཆེ་བའི་རྩོམ།