མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

སློབ་རའི་གསར་འགོད་པ་རིན་ཆེན།        2020-10-20

   

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།


    སྤྱི་ཟླ10པའི་ཚེས17ཉིན་མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་གོང་རིམ་མགོ་ཁྲིད་དག་གི་མཛུབ་སྟོན་དང་གྲངས་རིག་སྡེ་ཁག་གི་གཙོ་སྒྲུབ་འོག་ཏུ་སློབ་མའི་བྱང་ཚད་སློབ་གསོ་མཐོར་འདེགས་དང་། འཆམ་མཐུན་སློབ་ར་འཛུགས་སྐྱོང་། སློབ་རའི་སྣ་མང་འཚོ་བ་ཡར་སྐྱེད་འབྱུང་ཆེད། མི་རིགས་ཀྱི་སྲོལ་རྒྱུན་རུས་རྐང་དུ་སིམ་པའི་སེམས་ཁོང་གི་དབྱངས་རྟ་མཐོར་པོར་གྱེར་ནས“ཁ་སང་ལ་དྲན་གསོ། དེ་རིང་ལ་དམ་འཛིན། སང་ཉིན་ལ་བསྟོད་དབྱངས”ཞེས་པའི་གླུ་དབྱངས་འགྲན་སྡུར་གྱི་བྱ་འགུལ་ཞིག་སློབ་གྲྭའི་ཉི་འོད་ཚོམས་ཆེན་དུ་སྤེལ་ནས་སློབ་ཕྲུག་ཚོའི་ཕུགས་འདུན་གྱི་གཤོག་ཟུང་ལ་སྐྱོར་མ་གནང་སྟེ་སློབ་སྦྱོང་གི་ཁོར་ཡུག་དང་རྣམ་པ་གསར་པ་ཞིག་ཏུ་བསྒྱུར་ཡོད་པ་རེད།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།
མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

     འཚོ་བ་གསར་པར་བསྔགས་བརྗོད་དང་མེས་རྒྱལ་ལ་བསྟོད་དབྱངས། སྐྱོན་བྲལ་ཡར་ཐོན། བྱིས་པའི་སེམས་ཁམས་དང་མཐུན་ཞིང་། སྤྲོ་སྣང་གིས་ཕྱུག་པའི་སློབ་གྲྭའི་བདེ་སྐྱིད་འཚོ་བ་དང་ལོ་ཆུང་བྱིས་པའི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བསམ་པའི་ཉམས་འགྱུར་མཚོན་པ་བཅས་ཐེངས་འདིའི་འགྲན་སྡུར་གྱི་བྱེད་སྒོའི་ཆ་རྐྱེན་དང་རེ་བའི་དམིགས་འབེན་དུ་བཟུང་ནས་འགྲན་སྡུར་བྱས་ཡོད་པ་རེད།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭའི་སློབ་མ་ཚོའི་སྐད་ངག་གི་དབྱངས་རྟ།

     དཔྱད་འདེམས་དགེ་རྒན་དག་གིས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་འགྲན་ཞུགས་པ་སོ་སོའི་གླུ་ངག་གི་དབྱངས་རྟ་ལ་དཔྱད་འདེམས་བྱས་ཤིང་། མཇུག་མཐར་དམའ་འབྲིང་རུ་ཁག་ལ་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཅིག།   བྱ་དགའ་ཨང་གསུམ་པ་གཉིས་བཅས་ཐོབ་ཅིང་། སློབ་ཆུང་རུ་ཁག་ལ་ལོ་རིམ་དང་པོ་ནས་གསུམ་པ་བར་བྱ་དགའ་ཨང་དང་པོ་གཅིག་དང་།  ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་ཐོབ་པ་དང་། ལོ་རིམ་བཞི་པ་ནས་དྲུག་པ་བར་བྱ་དགའ་ཨང་དང་པོ་གཅིག་དང་། བྱ་དགའ་ཨང་གཉིས་པ་གཅིག། ཨང་གསུམ་པ་གཉིས་བཅས་ཐོབ་ནས་ཐེངས་འདིའི་བྱེད་སྒོ་ཕུན་སུམ་ཚོགས་པའི་ངང་ནས་མཇུག་བསྒྲིལ་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་སྒྲིག་བཟོ་དང་ཁྲོན་བོད་ལྕགས་ལམ(དཀར་མཛེས་ཁུལ་ཁོངས་ཀྱི་ལམ་བུ)ལམ་རྒྱུད་ཀྱི་ལས་གཞི་གལ་ཆེན་འཛུགས་སྐྲུན་འཆར་འགོད་ཀྱི་བ
  • ལེ་ཚན་རྗེས་མ།:འབའ་ཐང་ལྷ་མོའི་ཟློས་གར་ཅང་སུའུ་ཁུན་ཧྲན་དུ་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།