འཕེལ་རྒྱས་ཀྱི་གྲུབ་འབྲས་ལེགས་པོ་དང་སྤྱི་ཚོགས་ཁོར་ཡུག་བརྟན་བརླིང་ཡོང་བར་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པར་རྒྱལ་ཁའི་ངང་འཚོག་པར་བསུ་མ་ཞུ་དགོས།

ལྷ་འཛོམས་ཀྱིས་བསྒྱུར།        2017-10-17

     སྤྱི་ཟླ10པའི་ཚེས11ཉིན་ནས་ཚེས12ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ལས་སྒྲུབ་ཚོ་ཆུང་སྣེ་ཁྲིད་དེ་རྟའུ་རྫོང་དུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་དང་བརྟན་བརླིང་སྲུང་སྐྱོང་དང་བདེ་འཇགས་འགན་ལེན། དགོན་པའི་དོ་དམ་སོགས་ཀྱི་ལས་ཀར་ལྟ་སྐུལ་ཁྲིད་སྟོན་དང་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

     ལིའུ་ཁྲེང་མིང་དང་བཅས་པ་སྔོན་རྗེས་སུ་ཤར་རོང་ཤང་གི་ཕག་གསོ་ཚགས་རྟེན་གཞི་དང་མི་རྒན་རྣ་ཅོག་ནག་པོ་འདེབས་འཛུགས་རྟེན་གཞི། པད་རི་གྲོང་སྡེ་དང་ཉི་མཚོ་དགོན་པ་སོགས་སུ་ཕེབས་ནས་དབུལ་ཐར་འགག་སྒྲོལ་གྱི་ཐོན་ལས་ལ་སྐུལ་འདེད་བཏང་ཚུལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱས་ཚུལ། དབུལ་ཕོངས་དུད་ཚང་དབུལ་ཐར་བྱུང་ཚུལ། ཁྲིམས་ལྟར་དགོན་པ་འཛུགས་སྐྱོང་བྱེད་སྟངས་སོགས་ཀྱི་ལས་ཀར་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་བ་རེད། ལིའུ་ཁྲེང་མིང་དང་བཅས་པས་ཡུལ་དངོས་སུ་ལྟ་ཉན་འདྲི་རྩིས་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་དབུལ་ཐར་འགག་སྒྲོལ་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་བ་དང་། དགོན་པའི་དོ་དམ་ཨུ་ལྷན་གྱི་ལས་སྒྲུབ་པ་དང་བླ་མ་གྲྭ་པ་སོགས་དང་བཞུགས་མོལ་གནང་བ་དང་དཔྱད་གཞིའི་ཡིག་རིགས་ལ་ལྟ་ཞིབ་བྱེད་སྟངས་བརྒྱུད་ནས་དགོན་པའི་དོ་དམ་ལས་ཀར་ཆ་རྒྱུས་ལོན་པ་རེད། གཞན་ཡང་སྙན་སེང་ལ་ཉན་པ་དང་ཡུལ་དངོས་སུ་ལྟ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས་ཁྲིམས་སྐྱོང་ཅན་འཛུགས་སྐྱོང་བྱེད་རིམ་ལ་ཆ་རྒྱུས་བླངས་པ་རེད།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། རྟའུ་རྫོང་གིས་གནད་དོན་ལ་དམིགས་ནས་མི་འདང་སར་ཁ་གསབ་བྱས་ཤིང་། ནུས་ཤུགས་སྙོམས་སྒྲིག་དང་ཁྱད་རྟགས་སྐྲུན་པ། མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་ངར་སློང་བྱ་རྒྱུ་སོགས་ལ་ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀ་སོ་སོར་དམ་འཛིན་ཏན་ཏིག་བྱ་དགོས། ཧུར་ཐག་གིས་ལས་ཀ་སྒྲུབ་བྱེད་དུས་དང་གནད་དོན་ཐག་གཅོད་བྱེད་དུས། འགལ་བ་སེལ་བ་སོགས་ཁྲིམས་ལ་བརྟེན་པའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏང་དགོས། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། ནུས་ཤུགས་ཡོད་རྒུས་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ལས་ཀ་ཁག་ཡག་མོ་བསྒྲུབ་དགོས། རིམ་པ་ཁག་དང་སྡེ་ཁག་སོ་སོས་ལས་ཀའི་འགན་འཁྲི་དོན་འཁྱོལ་ཡག་མོ་བྱས་ནས་ངོས་འཛིན་གཅིག་གྱུར་དང་དོན་འཁྱོལ་ནན་འཛིན་བྱ་རྒྱུའི་ཐད་ལ་ཤུགས་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་ལས་ཀ་ཁག་ཡག་མོ་བསྒྲུབ་དགོས།།


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ་བའི་བརྟན་འཇགས་འགན་སྲུང་དང་དབུལ་ཐར་འགག་སྒྲོལ་གྱི་ཁྲིད་སྟོན་ལས་ཀའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:སྒྲོལ་འགྲེལ་བྱས་ཤིང་མི་སེམས་གཅིག་ཏུ་བསྒྲིལ་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་པར་བསུ་མ་ཞུ།
  • དོ་སྣང་ཆེ་བའི་རྩོམ།