ད་ལོའི་རྒྱལ་སྟོན་གུང་གསེང་ལ་ཡུལ་སྐོར་བ་འབུམ8ལྷག་རང་ཁུལ་དུ་འཛོམས།

ལྷ་འཛོམས་ཀྱིས་བསྒྱུར།        2020-10-09

ད་ལོའི་རྒྱལ་སྟོན་གུང་གསེང་ལ་ཡུལ་སྐོར་བ་འབུམ8ལྷག་རང་ཁུལ་དུ་འཛོམས།


   སྤྱི་ཟླ10པའི་ཚེས8ཉིན་གསར་འགོད་པས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གསེར་གྱི་གཟའ་འཁོར་རིང་ལ། རང་ཁུལ་གྱིAརིམ་པའི་ལྗོངས་ཁུལ63གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི85.24ལ་སྣེ་ལེན་ཞུས་པ་རེད། ན་ལོའི་དུས་མཉམ་ལས་བརྒྱ་ཆ35.88འཕར་ཡོད། རིམ་རྩིས་བྱས་ན་སྒོ་འཛིན་ཡོང་འབབ་སྒོར་ཁྲི2390.58རག་ཡོད། རིམ་ཁག་དང་སྡེ་ཚན་ཁགདེ་བཞིན་ཡུལ་སྐོར་དང་འབྲེལ་བ་ཡོད་པའི་ཚན་པ་ཁག་གིས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འགྲིམ་འགྲུལ་ལ་གཅིག་གྱུར་འཆར་འགོད་དང་ཆ་འཕྲིན་ཁྱབ་བསྒྲགས། ཚོང་རའི་ལྟ་སྐུལ། ཞབས་ཞུ་འགན་ལེན་སོགས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་དུས་ཆེན་གཉིས་ཀྱི་གུང་གསེང་རིང་བདེ་འཇགས་ལས་འཛོལ་མེད་པ་དང་ཡུལ་སྐོར་ཞུ་གཏུག་དོན་རྐྱེན་ཚབས་ཆེན་བྱུང་མེད་པར་ཁག་ཐེག་བྱས་ནས་བདེ་འཇགས་དང་སྒྲིག་ལམ། སྤུས་ཚད། ཕན་འབྲས་བཅས“གཅིག་གྱུར་བཞིའི”ལས་ཀའི་དམིགས་ཚད་མངོན་འགྱུར་ཐུབ་ཡོད་པ་རེད།


ད་ལོའི་རྒྱལ་སྟོན་གུང་གསེང་ལ་ཡུལ་སྐོར་བ་འབུམ8ལྷག་རང་ཁུལ་དུ་འཛོམས།


    ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་རྒྱལ་སྟོན་གྱི་གསེར་གྱི་གཟའ་འཁོར་ནང་རང་ཁུལ་གྱི་སྐོར་སྣེ་ལེན་ལས་དོན་ཐད“གཅིག་གྱུར་བཞིའི”དམིགས་ཚད་མངོན་འགྱུར་ཐུབ་པའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་སྟེ། གཅིག་ནི་རྩ་འཛུགས་ཀྱི་མགོ་ཁྲིད་ནུས་ལྡན་ཡིན་པ་དང་། གཉིས་ནི་ཞབས་ཞུ་འགན་སྲུང་གོ་རིམ་ལྡན་པ།གསུམ་ནི་རིམས་བབ་འགོག་ཟོན་ནུས་ལྡན་ཡིན་པ་བཅས་རེད།

ད་ལོའི་རྒྱལ་སྟོན་གུང་གསེང་ལ་ཡུལ་སྐོར་བ་འབུམ8ལྷག་རང་ཁུལ་དུ་འཛོམས།

  སླད་ཕྱིན་རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་བསྐྲུན་རྒྱུ་དང་ཟུང་འབྲེལ་བྱས་ནས་ཁྱོན་ཡོངས་ནས་ཡུལ་སྐོར་ཞབས་ཞུའི་འགན་སྲུང་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱུན་རྣམ་ཅན་གྱི་ཡུལ་སྐོར་ཞབས་ཞུ་འགན་སྲུང་གི་ཡུན་ཕན་ལམ་སྲོལ་བཙུགས་ནས་འགན་འཁྲི་འཁུར་སེམས་དང་ལས་ཀའི་བརྩོན་སེམས་སྔར་ལས་ཆེ་བར་བརྟེན། རང་རྟོགས་ངང་ལག་ལེན་བསྟར་ནས་ལྗོངས་ཁུལ་ལམ་ཆེན་དང་ཡུལ་སྐོར་ལམ་ཐིག་སྤུས་དག་གཙོ་གནད་དུ་བྱེད་པ་དང་། འཕྲིན་གཏོང་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ་དང་འཕྲིན་གཏོང་མི་ཐུབ་ས་མེད་པར་བཟོས་ཤིང་། ནུས་ཁུངས་མཁོ་སྤྲོད་འགན་ལེན་དང་ཟས་རིགས་ཉེན་མེད།སྨན་བཅོས་རོགས་སྐྱོབ་བཅས་གཙོ་གནད་དུ་བཟུང་སྟེ། འཚུབ་བསྟུན་ཐོལ་བྱུང་དོན་རྐྱེན་ཐག་གཅོད་བྱེད་པའི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། ཡུལ་སྐོར་ཚོང་རའི་གཉེར་ཚོང་ལ་སྐུལ་འདེད་གཏོང་བ། འགྲུལ་ཁུངས་ཚོང་ར་རྒྱ་ཆེར་བཏང་ནས་ལོ་འཁོར་ཡུལ་སྐོར་སྣེ་ལེན་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་ཧུར་ཐག་ཐུབ་པ་བཅས་བྱ་རྒྱུ་རེད།།

  • ལེ་ཚན་སྔོན་མ།:ཚེ་སྲོག་བླ་ན་མེད། ཉེན་མེད་དང་པོར་ཞོག
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་གྱི་གུང་གསེང་ནང་ཡུལ་སྐོར་ཚོང་ར་བྲིན་ཁ་རྒྱུག་པོ་བྱུང་།
  • དོ་སྣང་ཆེ་བའི་རྩོམ།