གསེར་ཐར་རྫོང་གིས་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད།

དབྱངས་ཅན་གྱིས་བསྒྱུར།        2017-10-10

     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་དང་། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་ལྔ་པས་རང་རེའི་ཞིང་ཆེན་གྱི་འབྲེལ་ཡོད་ལས་ཀར་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། གསེར་ཐར་རྫོང་གིས་གནད་དོན་ལ་བརྟེན་ནས་ཁྲིད་སྟོན་བྱ་རྒྱུ་དང་དོན་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བྱས་པ་རེད། ཉེ་ཆར། འགྲིམ་འགྲུལ་དང་། སྡོད་ཁང་འཛུགས་སྐྲུན། རྒྱལ་ས་ཐོན་ཁུངས། ཁོར་ཡུག་སྲུང་སྐྱོང་དང་ནགས་ལས་ཅུས། ཆུ་དོན་སོགས་སྡེ་ཁག་ལས་གྲུབ་པའི་ལས་སྒྲུབ་ཚོ་ཆུང་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ17ལ་ཕྱིན་ནས་ཁོར་ཡུག་སྲུང་སྐྱོང་གི་ལས་ཀར་ལྟ་ཞིབ་བྱས་པ་རེད།

     ལས་སྒྲུབ་ཚོ་ཆུང་གིས་ཤང་དང་གྲོང་རྡལ་སོ་སོའི་འཚོ་བའི་གད་སྙིགས་གང་མོས་སྤུངས་པ་དང་། འཛུགས་སྐྲུན་རྒྱུ་ཆ་གང་མོས་འཇོག་པ། ཆུ་ཁར་ཆབ་ཁང་གང་མོས་བཀབ་པ། བྱེ་རྡོ་གང་མོས་སྔོག་འདོན་བྱེད་པ་སོགས་ཚད་ལྡན་མིན་པའི་བྱ་སྤྱོད་ལ་དམིགས་ཏེ་ལྟ་སྐུལ་བྱས་ཤིང་། བཞུགས་མོལ་གྲོས་ཚོགས་འཚོག་པ་དང་།ཤང་དང་གྲོང་རྡལ་གྱི་འགན་ཁུར་མི་སྣ་གཙོ་བོ་དང་བྱེ་རྡོའི་རྒྱུ་ཆ་བཟོ་གྲྭའི་འགན་ཁུར་མི་སྣ་དང་བསམ་ཚུལ་བརྗེ་རེས་བྱེད་པ། ཡུལ་དངོས་སུ་སྐྱོན་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་པ་དང་། གཅིག་གིས་གཅིག་ལ་བཅོས་སྐྱོང་དང་ཤུགས་སྣོན་བརྒྱག་དགོས་པའི་གནད་དོན་བཤད་པར་མ་ཟད་ཁོར་ཡུག་སྲུང་སྐྱོང་ལ་ཁོངས་གཏོགས་ས་ཁུལ་གྱིས་བདག་གཉེར་བྱེད་པའི་ཕན་ཡུན་རིང་བའི་ནང་རྐྱེན་འཛུགས་གཉེར་བྱས་པ་རེད།

     ཧོར་ཤུལ་ཤང་གིས་ལྟ་སྐུལ་ཚོ་ཆུང་གིས་བཏོན་པའི་གད་སྙིགས་གང་མོས་སྤུངས་པ་དང་། ཆུ་ཁར་སྤྱི་སྤྱོད་ཆབ་ཁང་གང་མོས་བཀབ་པ། གཞུང་ལམ་འགྲམ་གཉིས་སུ་འཛུགས་སྐྲུན་གང་མོས་བྱེད་པ་སོགས་ཀྱི་གནས་ཚུལ་སྣ་ཚོགས་དུས་ཐོག་ཏུ་ལེགས་བཅོས་བྱས་པ་དང་། ཤང་དེའི་སྤྱི་ཕན་རང་བཞིན་གྱི་ལས་གནས་སུ་ཡོད་པའི་མི་སྣ60ལྷག་སྒྲིག་འཛུགས་བྱས་ནས་ཡོངས་ཁྱབ་ཏུ་གཙང་བཤེར་བྱས་ནས་ཤང་ཡོངས་སུ་ཁྱོན་བསྡོམས་གད་སྙིགས་རླངས་འཁོར10ལྷག་གཙང་བཤེར་བྱས་པ་དང་ཆབ་ཁང6མེད་པ་བཟོས་ཏེ་རྣམ་པ་བསྒྱུར་བཀོད་བྱ་རྒྱུའི་ལས་ཀར་འགྱུར་ལྡོག་ཆེན་པོ་བྱུང་ནས། རྣུབ་གཟུར་སོགས་ཤང་དང་གྲོང་རྡལ་དུ་གནས་པའི་གནད་དོན་དེ་དག་དུས་ཐོག་ཏུ་དག་བཅོས་བྱས་པ་རེད།

     ཉེ་བའི་ལོ་ཤས་རིང་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁོར་ཡུག་སྲུང་སྐྱོང་དང་གྲོང་ཁྱེར་དང་གྲོང་གསེབ་ཕྱོགས་བསྡུས་བཅོས་སྐྱོང་གི་བརྗོད་དོན་འདིར་དམིགས་ནས། རྣམ་པ་བསྒྱུར་བཀོད་དང་། སྒྲིག་ཆས་ཇེ་དྲག་ཏུ་གཏོང་བ། སྒྲིག་ཁྲིམས་དང་འགལ་བའི་འཛུགས་སྐྲུན་དངོས་པོ་བཤིག་པ། ཁོར་ཡུག་བཅོས་སྐྱོང་། ལྗང་མདོག་མངོན་གསལ་དང་མཛེས་པོར་འགྱུར་བ་སོགས་ཀྱི་ལས་ཀར་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ། ལོ་སྟོད་དུ་གྲོང་ཁྱེར་དོ་དམ་ཁྲིམས་འཛིན་གྱི་བྱེད་སྒོ་ཐེངས423སྤེལ་ཞིང་། གང་བྱུང་དུ་རླུང་རྟ་འགེལ་བའི་གནས་ཚུལ་རིགས86གཙང་བཤེར་བྱས་པ་དང་། ཁྲིམས་འགལ་གྱི་འཛུགས་སྐྲུན་རིགས62མེད་པ་བཟོས། གད་སྙིགས་གང་མོས་སྤུངས་པ་སོགས་ཀྱི་གནད་དོན693དང་སྒྲིག་ཁྲིམས་དང་འགལ་ནས་གཞུང་ལམ་བཟུང་སྤྱོད་བྱས་པའི་གནད་དོན446 ལ་ལྟ་སྐུལ་དག་བཅོས་བྱས་པ་རེད། མཚམས་སྦྱོར་འགེལ་བྱང 154བཤིག་པའི་དུས་མཚུངས་སུ། དུས་བཅད་ལྟར་ཆུ་འགྲམ་དུ་སྦག་བཙོག་ཐེབས་བཅུག་པ་དང་འཛུགས་སྐྲུན་རྒྱུ་ཆ་གང་མོས་བཞག་པ། དུད་ཚང་གི་སྒོ་རའི་ནང་སྦག་བཙོག་ཐེབས་བཅུག་པ་སོགས་ཀྱི་གནད་དོན་རིགས378ལ་དག་ཐེར་བཅོས་སྐྱོང་བྱ་དགོས་པའི་འགན་དཀྲི་བ། སྒོ་ཁར་བསྒྲུབ་དགོས་པའི་དོན་དག་ལྔ་འགན་གཙང་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འགན་འཁྲིའི་གན་རྒྱ་ཡི་གེ1268བཞག་ཅིང་། དུད་ཚང་དུ་རུབ་བསྡུས་དང་། གྲོང་སྡེས་བསྡུ་རུབ། ཤངགྲོང་རྡལགིས་སྐྱེལ་འདྲེན། རྫོང་གིས་ཐག་གཅོད་བཅས་བྱེད་པའི་གད་སྙིགས་བསྡུ་རུབ་དང་སྐྱེལ་འདྲེན་བྱེད་སྟངས་དང་གད་སྙིགས་ས་འོག་ཏུ་སྦས་པའི་ལམ་ལུགས་ལག་བསྟར་བྱས་ཏེ་རིགས་སྣ་ཚོགས་ཀྱི་གད་སྙིགས་ཏུན་ཁྲི1.2ལྷག་གཙང་མ་བཟོས་པ་རེད།

     རི་ཀླུང་སྔོ་ལ་ཆུ་བོ་དྭངས་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་ཆགས་པ་བྱས་ཏེ་མ་དངུལ་སྒོར་ཁྲི17292བཏང་ཏེ་རི་ཐོག་ལ་ཤིང་འཛུགས་པ་དང་།ལམ་ཁར་མེ་ཏོག་དང་རྩྭ་འདེབས་པ། ནགས་ཚལ་དང་རྩྭ་ཐང་སྲུང་སྐྱོང་བྱེད་པ། ས་གཤིས་ཀྱི་ཉེན་སྐྱོན་གཡོལ་བ།ཞིང་སྡེའི་གློག་དྲྭ་བསྒྱུར་བཀོད་སོགས་གསར་དུ་བཙུགས་པའི་ལས་གཞི9དང་རྩྭ་ཐང་སྲུང་སྐྱོང་གི་རྒྱུན་མཐུད་འཛུགས་སྐྲུན་གྱི་ལས་གཞི3ལག་བསྟར་བྱས་པ་རེད།།


  • ལེ་ཚན་སྔོན་མ།:དབུལ་ཕོངས་དུད་ཚང་གི་ཕྲུ་གུ་ཁ་ཤོ85ཡི་གདོང་ལ་འཛུམ་མདངས་ཁེངས།
  • ལེ་ཚན་རྗེས་མ།:ས་གནས་གཉིས་ཀྱིས་མཉམ་ལས་སྤེལ་རེས་བྱེད་པའི་ལེའུ་གསར་པ་འབྲི་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།