སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

མཁས་གྲུབ་ཀྱིས་བྲིས།        2020-09-27

 སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

 ཟླ9པའི་ཚེས25ཉིན། སྡེ་རོང་རྫོང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ༧༠འཁོར་བར་རྟེན་འབྲེལ་ཞུ་ཆེད། གྲོང་མཁར་གྱི་ཐང་ཆེན་དུ་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་གྱི་བྱེད་སྒོ་གཟབ་རྒྱས་ཤིག་སྤེལ་བ་རེད།

སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

   ཐེངས་འདིའི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་དེ་སྡེ་རོང་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་། དཀར་མཛེས་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་སྡེ་རོང་རྫོང་རྩོམ་རིག་དང་དམངས་ཁྲོད་རིག་གནས་སྲུང་སྐྱོང་མཐུན་ཚོགས་ཀྱིས་སྒྲུབ་འགན་ཁུར་བ་རེད།

སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

   སྔ་དྲོའི་འགོ་ཚུགས་མཛད་སྒོ་རུ་རྫོང་རང་གི་ལས་ཁུངས་སོ་སོའི་ལས་བྱེད་པ་དང་སློབ་གྲྭ་ཆུང་འབྲིང་གི་སློབ་མ། སྤྱི་ཚོགས་ལས་རིགས་ཁག་གི་མི་སེར་དང་དགོན་སྡེ་སོ་སོའི་གྲྭ་བཙུན་སོགས་མི་གྲངས་སྟོང་ལ་ཉེ་བ་ཞུགས་པ་དང་། ཐང་ཆེན་སྟེང་ན་རང་ཁུལ་གྱི་ས་གནས་སོ་སོའི་བྲིས་མཁན་དག་གི་སོར་རྩེའི་མཛེས་རྩལ་སྟེ་བོད་ཀྱི་ཡིག་གཟུགས་བརྒྱ་ལྷག་དང་། བྲིས་ཐང་རིང་མོ་སོགས་འགྲེམས་སྟོན་བྱས་པར་གཟིགས་ཤིང་། ཚང་མས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་རྒྱུས་ལོན་ཞིང་སེམས་སུ་བག་ཆགས་ཟབ་མོ་ཐེབས་པའི་རིག་གནས་ཀྱི་གསོལ་སྟོན་གྱ་ནོམ་པ་ཞིག་ཕུལ་བ་རེད།

སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

   ཕྱི་དྲོར་བྲིས་མཁན་རྣམས་སྡེ་རོང་རྫོང་གྲོང་མཁར་སློབ་ཆུང་དུ་སོང་ནས་སློབ་གྲྭའི་དགེ་སློབ་རྣམས་དང་མཉམ་དུ་བོད་ཀྱི་ཡིག་གཟུགས་སྐོར་ནས་སྒྱུ་རྩལ་མྱོང་རོལ་དང་ཡུལ་དངོས་ནས་སློབ་མ་རྣམས་ལ་སྨྱུ་གུ་འཛིན་སྟངས་དང་སྣག་ཤོག་སྒྲིག་ལུགས་ཀྱི་ཐད་ནས་ངོ་སྤྲོད་རགས་བཤད་དང་། ཡིག་གཟུགས་འབྲི་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

   ཐེངས་འདི་ནི་སྡེ་རོང་རྫོང་གི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་སྐབས་དང་པོ་ཡིན་ཞིང་། ཉིན་གཉིས་ཀྱི་རིང་ལ་ཐང་ཆེན་དུ་ཡིག་གཟུགས་འགྲེམས་སྟོན་དང་བྲིས་མཁན་རྣམས་ཀྱིས་ཡུལ་དངོས་ནས་བརྩམས་ཆོས་འབྲི་བ་དང་མཛུབ་སྟོན་བྱེད་པ། བརྩམས་ཆོས་ཞལ་འདེབས་འབུལ་བ། ཡིག་གཟུགས་སྐོར་གྱི་འཆད་ཁྲིད་དང་ཉམས་མྱོང་སྤེལ་རེས་བཅས་བྱ་རྒྱུ་རེད།

སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།

  • ལེ་ཚན་སྔོན་མ།:སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།
  • ལེ་ཚན་རྗེས་མ།:བོད་རིགས་རྩོམ་པ་པོ་གསུམ་ལ་སྐབས་འདིའི་རྟ་མཆོག་བྱ་དགའ་ཐོབ།
  • དོ་སྣང་ཆེ་བའི་རྩོམ།