སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།

བསྟན་འཛིན་ཡེ་ཤེས་ཀྱིས་བསྒྱུར།        2020-09-27

 

སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།


སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།


     ཟླ9ཚེས23ཉིན། ཉིན་གཉིས་ཀྱི་རིང་ལ་སྤེལ་བའི་སེར་ཤུལ་རྫོང་གི་སྐབས་དང་པོའི་རྫ་ཆུ་ཁའི་གོས་རྒྱན་ཐོན་ལས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུའི་མཇུག་སྒྲིལ་ཚོགས་འདུ་དེ་མེ་ཏོག་ལྡུམ་རའི་གསོལ་སྟོན་གླིང་དུ་འཚོགས་ཤིང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ལོ་ནན་དང་རྫོང་ཨུའི་རྒྱུན་ཨུའི་རྩ་འཛུགས་པུའུ་ཀྲང་ཚུལ་ཁྲིམས་ཡེ་ཤེས་གཉིས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

     ཚོགས་འདུའི་སྔ་དྲོར་རྫོང་ཨུའི་རྒྱུན་ཨུའི་རྩ་འཛུགས་པུའུ་ཀྲང་ཚུལ་ཁྲིམས་ཡེ་ཤེས་ཀྱིས་བསྟན་དོན། ང་ཚོས་རྫ་ཆུ་ཁའི་རྒྱན་གོས་བགྲོ་གླེང་ཚོགས་འདུ་དེར་བརྟེན་ནས་ས་གནས་དེ་གའི་ཁྱད་ཆོས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་ནས་རྫ་ཆུ་ཁའི་གྱོན་ཆས་གཉེར་སྐྱོང་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་དུས་བསྟུན་འཕེལ་རྒྱས་དང་སྲོལ་རྒྱུན་རིག་གནས་ཀྱི་སྙིང་བཅུད་དཔྱད་གཞིར་འཛིན་ཏེ་ཐོན་རྫས་གསར་སྤེལ་དང་ཞིབ་འཇུག་གསར་སྤེལ་ཡག་པོ་བྱེད་དགོས། མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་བ་གསར་པ་བསྐངས་ནས་སེར་ཤུལ་རྫོང་གི་གྱོན་ཆས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་བར་མ་ཟད། ཁོང་ཚོར་ཕུན་སུམ་ཚོགས་པའི་བསམ་པའི་ནང་དོན་གནས་རྒྱུ་དེ་ནི་རྫ་ཆུ་ཁའི་གྱོན་ཆས་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཤིག་ཀྱང་རེད།

སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།

     ཚོགས་འདུའི་ཐོག་ད་དུང་འདེམས་ཤོག་འཕངས་ནས་སྐབས་དང་པོའི་སེར་ཤུལ་གྱོན་ཆས་མཐུན་ཚོགས་ཀྱི་མགོ་ཁྲིད་བདམས་ཤིང་། ཚོགས་ཞུགས་མི་སྣས་ཁ་བཏགས་ཕུལ་ནས་རྟེན་འབྲེལ་ཞུས་པ་དང་གསར་དུ་བདམས་ཐོན་བྱུང་བའི་མཐུན་ཚོགས་ཀྱི་མགོ་ཁྲིད་ཀྱིས་གཏམ་བཤད་བྱས་པ་རེད། ཁོང་གིས་ཏང་དང་རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས་ང་ཚོས་རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག་བྱ་སྤྱོད་སྤེལ་བ་དང་མཐུན་སྒྲིལ་བྱས་ཏེ་ང་ཚོའི་རྒྱན་གོས་ལག་རྩལ་རྒྱུན་འཛིན་ཡག་པོ་དང་འཕེལ་རྒྱས་ཡག་པོ་བྱེད་དགོས།

     རྫ་ཆུ་ཁའི་རྒྱན་གོས་རྒྱུ་ཆ་ཞིབ་འཇུག་ལ་མཐོང་ཆེན་བྱས་ནས། ལས་ཀ་ཞིབ་ཅིང་ཚགས་པ། རྫིག་ཉམས་ལྡན་པ། དཔེ་གསར་བཅས་ལས་སྲོལ་རྒྱུན་དོར་མེད་པས། གངས་ལྗོངས་ས་མཐོའི་ཁྱད་ཆོས་མངོན་གསལ་དོད་ལ་མཚོན་བྱེད་རང་བཞིན་གྱི་རྒྱན་གོས་རིག་གནས་མཚོན་རྟགས་ཤིག་ཏུ་གྱུར་ནས་ལོ་བཅུ་ཕྲག་ཁ་ཤས་རིང་བོད་རིགས་ཀྱི་སྲོལ་རྒྱུན་རྒྱན་གོས་ཁྲོམ་རར་ཤུགས་རྐྱེན་ཐེབས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད་པ་རེད།

སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།

     ཕྱི་དྲོར་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་ལོ་ནན་མཇུག་སྒྲིལ་ཚོགས་འདུར་ཞུགས་ཤིང་གལ་ཆེན་གནང་། ཁོང་གིས་བསྟན་དོན་དུས་ཡུན་ཉིན་གཉིས་ཡིན་པའི་རྫ་ཆུ་ཁའི་གྱོན་ཆས་ཐོན་ལས་འཕེལ་རྒྱས་བགྲོ་གླེང་འཚོགས་འདུ་མཇུག་བསྒྲིལ་ཉེར་ཡོད། ཁུལ་དང་རྫོང་གི་རིམ་ཁག་མགོ་ཁྲིད་དང་བོད་རིགས་གྱོན་ཆས་མཐུན་ཚོགས་ཀྱི་ཚོགས་མི་དང་དེ་བཞིན་ས་གནས་རང་གི་ཕུལ་བྱུང་རྒྱན་གོས་རིག་གནས་ལས་རིགས་གཉེར་མཁན་གྱི་འཐུས་མི་བཅས་ཀྱིས་མཉམ་འཛོམས་བྱས་ནས་ཐུན་མོང་ཐོག་སེར་ཤུལ་ནས་ཐུག་འཕྲད་བྱས་ཏེ་སེར་ཤུལ་རྫོང་གི་སྐབས་དང་པོའི་རྫ་ཆུ་ཁའི་གྱོན་ཆས་ཐོན་ལས་འཕེལ་རྒྱས་བགྲོ་གླེང་ཚོགས་འདུ་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་རེད། དེ་ནི་སེར་ཤུལ་རྫོང་དུ་རེ་བས་ཁེངས་པ་དང་འབྱུང་འགྱུར་གྱི་འོད་སྟོང་ལྡན་པའི་དོན་ཆེན་ཞིག་རེད། ངས་ཀྲུང་གུང་སེར་ཤུལ་རྫོང་ཨུ་དང་སེར་ཤུལ་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ད་ཐེངས་ཀྱི་གླེང་སྟེགས་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་ལ། སྤྲོ་སེམས་འཁོལ་བའི་ངང་རྟེན་འབྲེལ་ཞུ་རྒྱུ་ཡིན། དུས་ཡུན་རིང་པོའི་ནང་མི་རིགས་ཀྱི་གྱོན་ཆས་ཐོན་ལས་གོང་འཕེལ་གཏོང་རྒྱུར་སེམས་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རྫོང་དཔོན་ལོ་ནན་གྱིས་སེར་ཤུལ་རྫོང་གི་ཁྱད་ཆོས་ལྡན་པའི་གྱོན་ཆས་ཐོན་ལས་དང་གྱོན་ཆས་སྤུས་རྟགས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྣ་མང་རིག་གནས་ནང་འདྲེན་བྱས་ནས་ཐོན་ཁུངས་ལ་གཞི་ཚུགས་པ་དང་། རྟེན་གཞི་སྟོབས་ཆེར་གཏོང་བ། སྤུས་རྟགས་རྒྱ་ཆེར་གཏོང་བ། ཁྲོམ་ར་རྒྱ་ཆེར་གཏོང་བ། མང་ཚོགས་ལ་ཕན་པ་སྐྲུན་པ་བཅས་བྱེད་དགོས་པའི་བླང་བྱ་བཏོན་ཡོད། ང་ཚོ་ལོ་རྒྱུས་ཀྱི་མགོ་འཛུགས་ས་གསར་པའི་ཐོག་འཛམ་གླིང་གི་མིག་རྒྱང་དང་། ཀྲུང་གོའི་སྟོབས་ཤུགས། མི་རིགས་རིག་གནས། སེར་ཤུལ་གྱི་ཁྱད་ཆོས་བཅས་ཀྱི་ཐོག་ནས་ང་ཚོའི་མི་རིགས་ཀྱི་གྱོན་ཆས་ཐོན་ལས་ཀྱི་ལོ་རྒྱུས་མཚོན་པར་བྱས་ཡོད། མཇུག་ཏུ་རྫོང་དཔོན་ལོ་ནན་གྱིས་རེ་བ་གསུམ་བཏོན་པ་སྟེ། གཅིག་ནི་སེར་ཤུལ་རྫོང་གི་མི་རིགས་ཀྱི་གྱོན་ཆས་ཐོན་ལས་གསར་པ་གཏོད་རྒྱུ་དང་། གཉིས་ནི་སེར་ཤུལ་གྱི་མི་རིགས་གྱོན་ཆས་ཀྱི་ཤོང་ཚད་གསར་པ་འཚོལ་ཞིབ་དང་ཕུན་སུམ་ཚོགས་སུ་གཏོང་རྒྱུ། གསུམ་ནི་སེར་ཤུལ་གྱི་གྱོན་ཆས་ཐོན་ལས་ལ་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བའི་གཤོག་ཟུང་འདོགས་དགོས་པའི་རེ་བ་བཅས་གསུངས་པ་རེད།

སེར་ཤུལ་རྫོང་དུ་གོས་རྒྱན་འཕེལ་རྒྱས་སྐོར་གྱི་བགྲོ་གླེང་ཞིག་སྤེལ།

རྫོང་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱི་ལས་དོན་མི་སྣ་དང་ཁེ་ལས་ཁག་གི་འཐུས་མི་ད་ཐེངས་ཀྱི་ཚོགས་འདུར་ཞུགས་ཡོད་པ་རེད།

  • ལེ་ཚན་སྔོན་མ།:པར་རིས་ནས་མཚོན་པའི་དཀར་མཛེས་ཁུལ་ལོ70རིང་གི་འཕེལ་རྒྱས་གྲུབ་འབྲས།
  • ལེ་ཚན་རྗེས་མ།:སྡེ་རོང་ཉི་མའི་ལུང་པ་རུ། ཡིག་གཟུགས་སྣ་བརྒྱའི་གཟི་འོད་སྤྲོ།
  • དོ་སྣང་ཆེ་བའི་རྩོམ།