ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་ཞིང་གསུམ་འཐབ་ཕྱོགས་སུ་ཕྱག་ལས་གནང་མཁན་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་གནང་།

    མཚོ་སྔོན་བོད་སྐད་རླུང་འཕྲིན།    2020-09-24

 ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོའི་ཞིང་པའི་ལོ་ལེགས་དུས་ཆེན་ཐེངས་གསུམ་པ་སླེབས་ལ་ཉེ་བའི་སྐབས་འདིར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ། ཞིང་གསུམ་གྱི་འཐབ་ཕྱོགས་སྟེང་ལས་ཀ་བྱེད་མཁན་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་བློ་མཐུན་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་དང་ལྷག་བསམ་ཟོལ་མེད་ཀྱི་ངང་ནས་འཚམས་འདྲི་གནང་།
        ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་སྟོན་བསྡུའི་དུས་ཚིགས་ཡིན་པས་མེས་རྒྱལ་གྱི་ས་གཞི་ཆེ་མོ་གང་སར་ལོ་ལེགས་ཀྱི་རྣམ་པ་བཟང་བོ་མངོན་ཡོད། ད་ལོའི་ལོ་ལེགས་ནི་ལས་སླ་མོའི་སྒོ་ནས་བྱུང་བ་ཞིག་མིན་ལ། གློ་བུར་དུ་གློ་ཚད་ཀྱི་རིམས་ནད་གསར་པ་ཐོན་པ་དང་། འབྲི་ཆུའི་འབབ་རྒྱུད་དུ་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་བསྟུད་མུར་བྱུང་བ། བྱང་ཤར་ས་ཁུལ་དུ་དབྱར་དུས་ཐན་སྐྱོན་བྱུང་བ། དེ་མིན་ད་དུང་རྒྱ་མཚོའི་རླུང་འཚུབ་ཀྱིས་བསྟུད་མུར་འབྲུ་རིགས་དང་ཞིང་ལས་ཐོན་སྐྱེད་ལ་འགྲན་སློང་བྱས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་དང་གཞི་རིམ་ལས་བྱེད་པས་རིམས་ནད་འགོག་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔྱིད་ཀའི་ཞིང་འདེབས་བྱ་བར་འགན་ལེན་གང་ལེགས་བྱས་ནས་ཞིང་ལས་ལ་འཐུས་ཤོར་མི་ཡོང་བ་བྱས་པར་མ་ཟད། གནོད་འགོག་གེགས་སེལ་ལ་བརྟེན་ནས་ལོ་ལེགས་ཡོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་འཇགས་བྱ་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཟེར།
        ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཏང་ཨུ་དང་སྲིད་གཞུང་རིམ་པ་སོ་སོས་ཞིང་གསུམ་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཞིང་ལས་ལ་དོ་ཁུར་དང་གྲོང་གསེབ་ལ་སེམས་ཁུར། ཞིང་པར་གཅེས་སྐྱོང་བཅས་བྱེད་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་དགོས། ཡུལ་མི་ཚོའི་འཚོ་བ་ཉིན་རེ་བཞིན་ཇེ་ཡག་ཏུ་འགྲོ་བར་བྱེད་དགོས། རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཞིང་པ་ཚོས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་བྱེད་པའི་མཛེས་སྡུག་ལྡན་པའི་མ་འོངས་པ་བསྐྲུན་པ་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་དུ་འགྱུར་ཆེད་འབད་འཐབ་ཧུར་ཐག་བྱེད་རྒྱུའི་རེ་བ་ཡོད་ཟེར།  །

  • ལེ་ཚན་སྔོན་མ།:ཚང་མས་གཟོབས། སྨན་རྫས་འདི་རིགས་གཏན་ནས་འཐུང་མི་རུང་།
  • ལེ་ཚན་རྗེས་མ།:༄༅༎2020ལོའི་ནོ་པེར་བྱ་དགའ་སྤྲོད་པའི་མཛད་སྒོ་ཏོག་གསར་གློ་ཚད་ཀྱི་རྐྱེན་པས་དྲ་ཐོག་ཏུ་སྤེལ་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།