དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཡེ་ཤེས་ཕན་བདེས་བྲིས།        2020-09-22

  

དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

   ཉེ་ཆར། དཀར་མཛེས་རྫོང་གིས2020ལོའི་རྒྱལ་ཁབ་ཀྱི་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་ལས་ཀ་སྤེལ་མགོ་བཙུགས་ཤིང་། བྱེད་སྒོའི་གཙོ་དོན་ནི་དྲྭ་རྒྱ་བདེ་འཇགས་དམངས་ཀྱི་ཆེད། དྲྭ་རྒྱའི་བདེ་འཇགས་དམངས་ལ་བརྟེན་ཞེས་པ་དེ་ཡིན་ཞིང་། ཐེངས་འདིར་སློབ་གྲྭ་དང་ལས་ཁུངས། ཡུལ་ཤོག  ཁེ་ལས་བཅས་ལ་དྲྭ་རྒྱའི་བདེ་འཇགས་སྐོར་དྲིལ་བསྒྲགས་བྱེད་པ་དང་། བྱེད་སྒོ་ནི་ཀྲུང་གུང་དཀར་མཛེས་རྫོང་ཨུའི་དྲྭ་རྒྱ་བདེ་འཇགས་དང་བརྡ་འཕྲིན་ཨུ་ལྷན་གྱིས་རྫོང་མི་དམངས་ཞིབ་དཔྱོད་ཁང་། རྫོང་མི་དམངས་ཁྲིམས་ཁང་། རྫོང་སྤྱི་བདེ་ཅུས། རྫོང་ཁྲིམས་འཛིན་ཅུས་བཅས་སྒྲིག་འཛུགས་བྱས་ནས་གཟའ་འཁོར་གཅིག་གི་དུས་རིམ་དུ་དྲྭ་རྒྱ་བདེ་འཇགས་སྐོར་གྱི་དྲིལ་བསྒྲགས་བྱས་པ་རེད།

དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

   བྱེད་སྒོའི་ཡུལ་དངོས་སུ་ལས་སྒྲུབ་པ་ཚོས་ལག་ཏུ་དྲིལ་བསྒྲགས་ལག་དེབ་ཁུར་ནས་མི་རྣམས་ཀྱི་ལག་ཏུ་སྤྲད་ཞོར་འགྲེལ་བཤད་བྱེད་པ་དང་། མི་སྒེར་རང་གིས་དྲ་བ་བེད་སྤྱོད་གཏོང་བའི་སྐབས་གཟབ་གཟབ་བྱ་དགོས་རྒྱུ་དང་། དྲྭ་ཐོག་དང་འཕྲིན་ཐུང་གི་བྱ་དགའ་དང་ཁུག་དམར་སོགས་ལ་དོགས་ཟོན་བྱ་དགོས་རྒྱུ། འཕྲིན་ཕྲན་ཚོགས་པ་ནང་གི་ཁུངས་ལུང་མེད་པའི་བརྡ་འཕྲིན་སོགས་གང་དགར་གཞན་ལ་བརྒྱུད་གཏོང་བྱས་ན་རང་ཉིད་དོན་མེད་ཁྲིམས་སར་ལྷུང་བའི་བྱ་སྤྱོད་ཡིན་པ་སོགས་ཀྱི་གནད་དོན་དེ་དག་གོ་སླའི་ཚིག་དོན་གྱིས་སྒྲ་སྒམ་ནས་དྲིལ་བསྒྲགས་བྱས་པ་རེད།

དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།
དཀར་མཛེས་རྫོང་གིས་དྲྭ་རྒྱའི་བདེ་འཇགས་དྲིལ་བསྒྲགས་བྱེད་སྒོ་སྤེལ།

     ཤེས་རྟོགས་བྱུང་བ་ལྟར་ན།  ཐེངས་འདིའི་བྱེད་སྒོར༼རྒྱུན་མཐོང་གི་དྲྭ་རྒྱའི་ཉེན་ཁར་ཁ་གཏད་ཇི་ལྟར་འཇལ་བ།༽དང་༼དྲྭ་རྒྱ་དང་བརྡ་འཕྲིན་གྱི་ཁ་བསླུས་རིགས་སྣ་ཚོགས།༽༼དྲྭ་རྒྱའི་བདེ་འཇགས་བཅའ་ཁྲིམས༽སོགས་རིགས་མི་འདྲ་བའི་དྲིལ་བསྒྲགས་དེབ་ཆུང1100ལྷག་བཀྲམ་ཡོད་ལ། བྱེད་སྒོའི་དྲན་རྟེན་གྱི་ཆར་གདུགས་དང་ཁུག་མ་སོགས་དངོས་རྫས500ལྷག་བཀྲམ་ཡོད་པ་རེད།།


 

  • ལེ་ཚན་སྔོན་མ།:འབད་འཐབ་ལྷོད་མེད་བྱས་ནས་བྱས་རྗེས་བཞག། ཕུགས་འདུན་དོན་དུ་གཉེར་ནས་མདུན་དུ་སྐྱོད།།
  • ལེ་ཚན་རྗེས་མ།:རང་རེའི་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཡང་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།