དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70 རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།

ངེད་གསར་འགོད་པས་བྲིས་ཤིང་པར་བླངས།        2020-09-21

   

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70 རིང་གི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་སྤེལ།

    སྤྱི་ཟླ9པའི་ཚེས17ཉིན་གྱི་ཕྱི་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་གྲུབ་འབྲས་འགྲེམ་སྟོན་གྱི་མཛད་སྒོ་དེ་ཁུལ་མི་རིགས་དངོས་མང་བཤམ་སྟོན་ཁང་དུ་སྤེལ་བ་རེད། ཀུའོ་ཝུའེ་ཕིང་དང་། ཐེན་ཤང་ལི།ལི་དབྱང་ཏི། ཏེང་ཡུང་། ཧོང་ཡའོ་ཕིང་། ཝང་ཧྲོའུ་ལི། ཡེ་ཀྲོང་། ཡེ་ཧན་པིང་།ལི་ཁྲང་ཕིང་སོགས་ཀྲུང་དབྱང་འབྲེལ་ཡོད་སྡེ་ཚན་གྱི་རྟེན་འབྲེལ་ཚོགས་པ་དང་ཞིང་ཆེན་རྟེན་འབྲེལ་ཚོགས་པའི་མགོ་ཁྲིད་བཅས་མཛད་སྒོར་ཞུགས་པ་རེད།ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་མཛད་སྒོའི་ནང་ཞུགས་ནས་ཤིས་ཚིག་ཕུལ་ཞིང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་མཛད་སྒོ་གཙོ་སྐྱོང་གནང་བ་དང་འབྲེལ་ཁུལ་བཙུགས་ནས་ལོ70འཁོར་བའི་གྲུབ་འབྲས་འགྲེམ་སྟོན་བྱ་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།ཁུལ་མི་དམངས་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་ལི་ཁང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་མཛད་སྒོར་ཞུགས་པ་རེད།

    ཐིང་རིམ་པ་ཡན་གྱི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་བློ་མཐུན་རྒན་གྲས་ཁག་གཅིག་དང་ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་མགོ་ཁྲིད།ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཐུན་ཚོགས་ཀྱི་འཐུས་མི།དེ་སྔའི་དར་མདོ་ས་ཆའི་མགོ་ཁྲིད་རྒན་གྲས་ཀྱི་མི་རབས་རྗེས་མ།དེ་བཞིན་འཐབ་ཇུས་མཉམ་ལས་ཚན་རིག་ཞིབ་འཇུག་ཁང་དང་ཁུལ་མ་དངུལ་འཇོག་པའི་ཁེ་ལས་ཀྱི་འཐུས་མི།ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བ་དང་མང་ཚོགས་ཀྱི་འཐུས་མི་ཁག་གཅིག་མཛད་སྒོར་ཞུགས་པ་དང་འབྲེལ་འགྲེམ་སྟོན་ལ་ལྟ་སྐོར་གནང་ཡོད་པ་རེད།

  • ལེ་ཚན་སྔོན་མ།:ཕེང་ཆིང་ཧྭ་ཡིས་དཀར་མཛེས་ཁུལ་བཙུགས་ནས་ལོ70འཁོར་བའི་ཞིང་ལས་ཁྱད་ཆོས་ཐོན་རྫས་ཐོན་ཚོང་སྦྲེལ་མཐུད་བྱེད་སྒོར་གཟིགས་སྐོར་རྟོག་ཞིབ་གནང་།
  • ལེ་ཚན་རྗེས་མ།:འབད་འཐབ་ལྷོད་མེད་བྱས་ནས་བྱས་རྗེས་བཞག། ཕུགས་འདུན་དོན་དུ་གཉེར་ནས་མདུན་དུ་སྐྱོད།།
  • དོ་སྣང་ཆེ་བའི་རྩོམ།