ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2020-09-03

   

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

   འདི་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལོ་ཡིན་ཞིང་། ཁུལ་བཙུགས་ནས་ལོ70སོང་རིང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་གཟི་འོད་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་བརྟན་པོའི་འོག་སེམས་ཤུགས་གཅིག་སྒྲིལ་དང་འབད་འབུངས་ཡར་བརྩོན་བྱས་པས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད་པ་རེད། འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་མངོན་པར་བྱེད་ཆེད། རང་ཁུལ་གྱིས“དྲིན་དྲན་ཧུར་སྐྱོད་ཀྱི་དཀར་མཛེས་ཁུལ་གསར་པ། མི་བརྒྱ་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་སྐྲུན་ཞེས་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བའི་ལས་རིགས་ཀྱི་གྲུབ་འབྲས་རབ་དང་རིམ་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ”འཚོགས།

ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽


   ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་འཕེལ་སྒྱུར་ཨུ་ལྷན་དང་། ཁུལ་ཆུ་བེད་ཅུས། ཁུལ་འཕྲིན་གཏོང་འཕེལ་རྒྱས་གཞུང་དོན་ཁང་བཅས་ཀྱི་འབྲེལ་ཡོད་གསར་འགྱུར་མགྲིན་ཚབ་པས་འཕྲིན་སྦྱོར་དང་སྤྱི་ཚོགས་ལས་རིགས་ཁག་ལ་རང་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་འགྲོ་ཚུལ་དང་། གློག་ཤུགས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས། ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་དྲ་བ་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་ཚུལ།ཆ་འཕྲིན་འཕྲིན་གཏོང་དང་དྲ་བའི་བདེ་འཇགས་སོགས་ཀྱི་ཐད་ལ་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སོགས་འབྲེལ་ཡོད་ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། གསར་འགོད་པའི་དྲི་བར་ལན་བཏབ་པ་རེད།

   ཡོངས་བསྒྲགས་ཚོགས་འདུའི་ཐོག་བསྟན་དོན། སྤྱི་ལོ1950ལོར་ཁུལ་བཙུགས་པ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་འཆར་གཞི་གཅིག་གི་ཐོག་ནས་འབད་བརྩོན་ལྷོད་མེད་བྱས་ཏེ།འགྲིམ་འགྲུལ་དང་། གློག་ཤུགས། ཆུ་བེད། འཕྲིན་གཏོང་བཅས“དྲ་བ་བཞི”འཛུགས་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བས།རྨང་གཞིའི་སྒྲིག་བཀོད་ཀྱི་དྲ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མཛེས་སྡུག་ལྡན་པའི་སྣོད་བཅུད་དང་འཆམ་མཐུན་གྱི་འབྱོར་འབྲིང་བསྐྲུན་པར་ཕན་པ་བླ་ན་མེད་པ་ཐོབ་པ་རེད།


 འགྲིམ་འགྲུལ་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས།


ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

   ཉེ་བའི་ལོ་ཤས་རིང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་འགྲིམ་འགྲུལ་གྱི་སྔོན་ལ་ལག་བསྟར་བྱེད་པའི་འཐབ་ཇུས་དེ་རང་ཁུལ་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་གྲས་ཤིག་ཏུ་བརྩིས་ནས་སྔ་རྗེས་སུ་འགྲིམ་འགྲུལ་འཛུགས་སྐྲུན་དང་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་གྱི་ལོ་གསུམ་གྱི་གཅིག་སྡུད་འགག་སྒྲོལ་གྱི་བྱེད་སྒོ་སྤེལ་ཞིང་། འགྲིམ་འགྲུལ་འཛུགས་སྐྲུན་ལོ་གསུམ་ནང་གཅིག་སྡུད་བྱས་པས་འགྲིམ་འགྲུལ་ཆ་རྐྱེན་རྩ་བའི་ཆ་ནས་ལེགས་སུ་ཕྱིན་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་བྱུང་ཡོད། རང་ཁུལ་གྱི་གཞུང་ལམ་དང་། ཆུ་ལམ། འགྲིམ་འགྲུལ་བཅས་ཀྱི་གཏན་འཇགས་རྒྱུ་ནོར་ལེགས་སྒྲུབ་བྱེད་ཚད2019ལོར་སླེབས་སྐབས་སྒོར་དུང་ཕྱུར131.17ཟིན་ནས་དཔལ་འབྱོར་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད། 2019ལོའི་ཟླ་བཅུ་པར་གཡག་མདོ་མྱུར་ལམ་དུ་རླངས་འཁོར་ཤར་གཏོང་བྱས་ཡོད་པ་དང། དེ་ནི་མྱུར་བགྲོད་གཞུང་ལམ་མེད་པ་ནས་ཡོད་པའི་བར་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། དོན་སྙིང་གལ་ཆེན་ལྡན་པའི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་རྣམ་གྲངས་འབོར་ཆེན་ཞིག་བསྐྲུན་ནས་སྤྱོད་མགོ་ཚུགས་པ་དང་ཆབས་ཅིག་ཡུལ་ཤོག་དང་གྲོང་རྡལ། སྒྲིག་གཞི་ཚང་བའི་གྲོང་ཚོའི་གཞུང་ལམ་དུ་འཁོར་རིགས་ཤར་གཏོང་ཐུབ་ཚད100%ཟིན་ཡོད་པ་རེད། 2019ལོའི་ལོ་མཇུག་བར་དུ་ཁུལ་ཡོངས་ཀྱི་གཞུང་ལམ་དུ་འཁོར་རིགས་ཤར་གཏོང་ཐུབ་ཚད་སྤྱི་ལེ34310ཟིན་ཡོད་པ་དེ་ནི1952ལོའི་རང་ཁུལ་ཡོངས་ཀྱི་གཞུང་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ704ཡི་ལྡབ49ཡིན་པ་རེད།

ཆུ་བེད་ལས་དོན་འཕེལ་རྒྱས་ཀྱི་གྲུབ་འབྲས།


ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

   ཁུལ་བཙུགས་པ་ནས་བཟུང་སྔ་རྗེས་སུ་ཆུ་བེད་ལས་གྲྭ་འབྲིང་གྲས13ལག་ལེན་བསྟར་ཞིང་།དེའི་ནང་ཕྱག་ཕྲེང་གི་དམར་ཆུ་དང་། སྡེ་རོང་སྤུན་གསུམ། རོང་བྲག་རྒྱལ་རོང་། རྟའུ་ཉི་མཚོ། འདབ་པའི་ལོ་ཡག་ཐང་བཅས་ཆུ་བེད་ལས་གྲྭ5བསྐྲུན་ཟིན་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་། རང་ཁུལ་གྱི་ཆུ་བེད་ལས་གྲྭ་འབྲིང་གྲས་འཛུགས་སྐྲུན་ལོ་རྒྱུས་ཐོག་ལེགས་གྲུབ་བྱུང་ཞིང་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར10.16བཏང་ཡོད་པ་རེད།


གློག་ཤུགས་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས།


ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

   རང་ཁུལ་ལ་གློག་སྒྲོན་ཐོག་མ་འབར་བ་ནས་ད་བར་ལོ96སོང་ཡོད་ཅིང་། ཁུལ་མ་བཙུགས་སྔོན། རང་གིས་བཟོ་པའི་ལྷུ་ལག་གློག་འདོན་སྐུད་ལམ་མྱུར་བཟོ་ནས་ཐོག་མའི་མཐོ་གནོན་གློག་དྲ་བསྐྲུན་ཚར་བ་དང་། བད་སྣུམ་གློག་འདོན་འཕྲུལ་འཁོར་ལ་བརྟེན་ནས་གློག་འདོན་པ་ནས་ཆུ་གློག་དང་འོད་ཤུགས་སོགས་ནུས་ཁུངས་གཙང་མའི་གློག་འདོན་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ཡོད་པ་དང་། སི་ཁྲོན་གློག་དྲའི་མཇུག་ཏུ་གནས་པ་ནས་གློག་ཤུགས་སྐྱེལ་འདྲེན་བྱེད་པའི་བགྲོད་ལམ་གཙོ་བོ་དང་། སི་ཁྲོན་ཡང་ན་རྒྱལ་ཡོངས་ཀྱི་ནུས་ཁུངས་གཙང་མ་གསར་སྤེལ་འཛུགས་སྐྲུན་བྱེད་སའི་གཡུལ་ས་གཙོ་བོར་གྱུར་ཡོད་པས། དཀར་མཛེས་གློག་ཤུགས་འཕེལ་རྒྱས་ཀྱི་གོམ་སྟབས་དེ་བས་བརྟན་དུ་ཕྱིན་ཡོད་པ་རེད།


འཕྲིན་གཏོང་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས།


ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༢༽

   ཁུལ་བཙུགས་རྗེས། དོ་དམ་ནུས་པར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་སྟེ། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་སུ་སླེབས་པ་ན། འཕྲིན་གཏོང་གི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པར་བརྟེན་འོད་རྒྱུས་ཡངས་ལམ་དང4Gབརྡ་རྟགས་རང་ཁུལ་གྱི་སྲིད་འཛིན་གྲོང་སྡེ་ཚང་མར་ཁེབས་པ་དང་། རྒྱལ་སྤྱིའི་འབྲེལ་དྲྭ་ཁྱིམ་ཚང་མང་པོས་སྤྱད་ཐུབ་ཡོད་པས། 2013ལོར་བཙུགས་པའི་ཁུལ་དྲ་བའི་བདེ་འཇགས་འཚུབ་བསྟུན་འགན་སྲུང་ལྟེ་གནས་ཀྱིས་རང་ཁུལ་གྱི་རྩིས་འཁོར་དྲྭ་བ་ཡང་ན་ཆ་འཕྲིན་བདེ་འཇགས་ལ་འཚུབ་བསྟུན་ཐག་གཅོད་འགན་སྲུང་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱས་པ་རེད།

   ཁྱབ་བསྒྲགས་ཚོགས་འདུའི་ཐོག་གསར་འགྱུར་མགྲིན་ཚབ་པས་ད་དུང་སྨྱན་སྦྱོར་གསར་འགོད་པས་བཏོན་པའི“ཚན་རིག་དང་མཐུན་པའི་འཆར་འགོད་དང་ལུགས་མཐུན་ངང་ཆུ་གློག་གསར་སྤེལ་ཇི་ལྟར་བྱ་རྒྱུ”དང“དཀར་མཛེས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་མཚོན་ཚུལ་གཙོ་བོ”“རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྲོད་ཀྱི་ཞན་ཆ་གནད་དོན་གསབ་རྒྱུའི་བྱེད་ཐབས་ཅི་འདྲ་སྤྱད་རྒྱུ”“5Gདུས་རབས་ལ་སྡེབས་ཚན་ཐུམ་བརྒྱབ་ནས་རིན་པ་བསྡུ་ཚུལ་ལ་ལྟ་སྟངས་ཅི་འདྲ་ཡོད་པ”སོགས་སྤྱི་ཚོགས་ཀྱིས་དོ་ཁུར་བྱེད་པའི་གླེང་མདོ་གནད་དོན་ཐད་དྲི་བ་བཏོན་པ་རེད།

   སི་ཁྲོན་ཉིན་རེའི་ཚགས་པར་དང་སི་ཁྲོན་དཔལ་འབྱོར་ཉིན་རེའི་ཚགས་པར། ཁམས་པའི་བརྙན་འཕྲིན། སི་ཁྲོན་གསར་འགྱུར་དྲ་བ། དཀར་མཛེས་ཉིན་རེའི་ཚགས་པར། དཀར་མཛེས་ཁུལ་རྒྱང་བསྒྲགས་བརྙན་འཕྲིན་ཁང་། དར་མདོ་གྲོང་ཁྱེར་འཕྲིན་སྦྱོར་ལྟེ་གནས་སོགས་ཞིང་ཆེན་དང་ཁུལ། གྲོང་ཁྱེར་གྱི་གཙོ་བོའི་སྨྱན་སྦྱོར་མང་པོ་ཞིག་གིས་སྒྲོག་སྤེལ་དོ་ཁུར་བྱས་པ་དང་། མུ་མཐུད་དུ“སྤྱི་ཚོགས་བྱ་གཞག་”དང“དབུལ་ཐར་འགག་སྒྲོལ་”“འཆམ་མཐུན་འཕེལ་རྒྱས”སོགས་རབ་དང་རིམ་པའི་ཁྱབ་བསྒྲགས་ཚོགས་འདུ་ཁག་གསུམ་རེ་རེ་བཞིན་འཚོག་རྒྱུ་ཡིན་པ་རེད།

  • ལེ་ཚན་སྔོན་མ།:ལོ༧༠ཡི་གྲུབ་འབྲས་བཤད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ།༼༡༽
  • ལེ་ཚན་རྗེས་མ།:ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་སྣེ་ཁྲིད་བྱ།
  • དོ་སྣང་ཆེ་བའི་རྩོམ།