བདེ་སྐྱིད་ཀྱིས་བསྒྱུར། 2017-09-05
ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་དུང་དཀར་ལུང་པར་ཕྱིན་ནས་ཡུལ་དངོས་སུ་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོ་ཆུང་གིས་ལྗོངས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོང་ལས་ཀར་ཞིབ་བཤེར་བརྒྱུད་ནས་ཕྱིར་ལྡོག་བྱས་པའི་དག་བཅོས་གནད་དོན་དག་བཅོས་བྱས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་གནང་བ་རེད། ཁོང་གིས་ཕྱིར་ལྡོག་བྱས་པའི་གནད་དོན་ཁག་ལ་ལྟ་སྟངས་ནན་ཏན་འཛིན་དགོས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེ་བའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་དགོས། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དང་ཕྱིར་ལྡོག་གནད་དོན་དག་བཅོས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་།གཙོ་གནད་ཀྱི་དམངས་འཚོའི་ལས་གྲྭ། འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་པོ་བརྩིས་ནས་དམ་འཛིན་བྱས་ཏེ་གནད་དོན་དག་བཅོས་གནད་ལ་འཁེལ་བར་འགན་ལེན་བྱ་དགོས་ཞེས་གསུངས་པ་རེད།
ཁུལ་ཨུའི་རྒྱུན་ཨུ་ཁུལ་དྲིལ་བསྒྲགས་པུའི་པུའུ་ཀྲང་བྱམས་བློ་ཞིབ་བཤེར་ལྟ་སྐུལ་ལ་ཞུགས་ཡོད་པ་རེད།
ཞའོ་ཡིའུ་ཚའེ་ཡིས་གཙོ་བོ་འབོ་ཞབས་གྲོང་རྡལ་ནས་གྲམ་དམར་སྤྱི་གླིང་ལམ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་གནད་དོན་ལ་ལྟ་ཞིབ་དང་། འབོ་ཞབས་གྲོང་རྡལ་གྱི་འཚོ་བའི་ཆུ་བཙོག་གཙང་སེལ་བཟོ་གྲྭའི་ལས་གཞི་རྒྱུན་ལྡན་དུ་འཁོར་སྐྱོད་བྱེད་མེད་པ་བཅས་ཀྱི་དག་བཅོས་གནས་ཚུལ་ལ་ཞིབ་བཤེར་ལྟ་སྐུལ་གནང་བ་རེད།
ཞའོ་ཡིའུ་ཚའེ་ཡིས་ཡུལ་དངོས་སུ་ཆུ་བཙོག་གཙང་སེལ་བཟོ་གྲྭའི་ཆུ་བཙོག་གཙང་སེལ་སྒྲིག་བཀོད་དང་ཆུ་བཙོག་གཙང་སེལ་གྱི་བཟོ་རྩལ་འཁོར་རིམ་ལ་ལྟ་ཞིབ་བྱས་པ་དང་ལས་གཞིའི་མ་འཇོག་གནས་ཚུལ་དང་འཁོར་རྒྱུག་བྱས་ཚུལ་ལ་ཡང་རྒྱུས་ལོན་གནང་བ་རེད།
ཞིབ་བཤེར་ལྟ་སྐུལ་གནང་སྐབས། ཞའོ་ཡིའུ་ཚའེ་ཡིས་ད་དུང་གཉའ་ལུང་འགོ་ཤང་ནས་འབོ་ཞབས་གྲོང་རྡལ་བར་གྱི་གཞུང་ལམ་རྒྱས་སྐྲུན་ལས་གཞི་དང་དུང་དཀར་ལུང་པའི་གྲོང་ཁྱེར་དོ་དམ་བྱ་རྒྱུར་བླང་བྱ་ཞིབ་ཕྲ་བཏོན་པ་རེད། ཁོང་གིས་གཞུང་ལམ་འཛུགས་སྐྲུན་ཐད་ལ་ངེས་པར་དུ་ཁོར་ཡུག་སྲུང་སྐྱོང་སྔོན་སྤེལ་བྱ་དགོས། འབྲེལ་ཡོད་སྡེ་ཁག་དང་འཛུགས་སྐྲུན་སྡེ་ཁག་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་བརྟན་པོ་བཅངས་པ་དང་། རྗེས་མའི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་དེ་སྔའི་རྣམ་པ་སླར་གསོ་གང་ཐུབ་བྱ་དགོས། ཧུར་ཐག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དཔེ་སྟོན་ལས་གྲྭ་གཏོད་དགོས་ཞེས་གསུངས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10