2020-08-05
དབྱར་གཞུང་གི་བརྒྱད་ཟིལ་རྫོང་དུ་ཤིང་ཏོག་གི་དྲི་ཞིམ་ཕྱོགས་ཀུན་འཐུལ། རྦ་འོངས་ཡུལ་ཤོག་གི་ཞིང་ཁར་གཞིས་མི་ཚོས་སུར་པན་དང་ཆིང་ཤུན་ལི་འཐུ་རྒྱུར་བྲེལ་བཞིན་འདུག གྲུབ་འབྲས་ཐོབ་པའི་གཞིས་མིའི་གདོང་ལ་སྐྱིད་པའི་འཛུམ་མདངས་རྒྱས།
རྦ་འོངས་ཡུལ་ཤོག་ཆིང་ཤུན་ལི་རྟེན་གཞིར་ཕྱིར་ཚོང་འགན་འཁུར་བ་དང་ཤིང་འབྲས་འདེབས་མཁན་ཞིང་པས་སྒམ་ནང་དུ་ཤིང་ཏོག་ཆིང་ཤུན་ལི་བླུགས་ནས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་སྐུར་བཞིན་པའི་རྣམ་པ་དེ་གསར་འགོད་པའི་མིག་ལམ་དུ་མཐོང་བ་ཡིན། ཆིང་ཤུན་ལི་སྤྱི་གཉེར་ཁང་གི་འགན་འཁུར་བ་ལུའེ་ཁང་ཆོན་གྱིས་གསར་འགོད་པར“ད་ལོའི་ལི་ཧ་ཅང་ཆེན་པོ་འདུག་ལ་བྲོ་བའང་ཞིམ་པོ་འདུག ད་སྔར་སྟོན་འབབ་ཕལ་ཆེར་རྒྱ་མ་ཁྲི་བཅུ་ཡས་མས་ཡོད་ཀྱང་ད་ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཐེབས་པས་རིན་གོང་མར་ཆགས་ཏེ་མཉམ་ལས་ཁང་དང་སྤྱི་གཉེར་ཁང་གི་དཔལ་འབྱོར་ཡོང་འབབ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སོང་། འོན་ཀྱང་གཞིས་མིའི་ལས་མིའི་ལོ་རེའི་གླ་ཕོགས་དང་ལོ་རེའི་ས་ཞིང་བོགས་གླ་གཏོང་བའི་གླ་དངུལ་ཁྲི16ལྷག་ཚང་མ་གཞིས་མིའི་ལག་ཏུ་སྤྲད་ཡོད་ཅེས་བཤད།
ཉེ་བའི་ལོ་ཤས་རིང་རྦ་འོངས་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས“གྲོང་སྡེའི་ཁྱད་ལྡན་ཞིང་ལས་ཐོན་ལས་ཅན་དུ་རིམ་སྤོར་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ”དེ་འཕེལ་རྒྱས་ཀྱི་བསམ་ཕྱོགས་སུ་བྱས་ཤིང་། གོ་སྐབས་དམ་འཛིན་གྱིས་གྲོང་སྡེ་དང་ཚོ་ཆུང་ཁག་གི་ས་བབ་མཐོ་ཚད་དང་། ས་ཞིང་གི་རྒྱ་ཁྱོན། གནམ་གཤིས་ཀྱི་ཁྱད་ཆོས་བཅས་དང་ཟུང་འབྲེལ་བྱས་ཏེ་རྦ་འོངས་ཡུལ་ཤོག་གི་རིགས་ཁག་གི་ཐོན་ལས་འཕེལ་རྒྱས་བཀོད་སྒྲིག་ཞིབ་ཚགས་བྱས་པ་རེད། ད་སྔར་རྦ་འོངས་ཡུལ་ཤོག་གི་སེ་པན་དང་ཆིང་ཤུན་ལི་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ལ་རྫོང་ཁོངས་སུ་གདེང་འཇོག་ཡག་པོ་དང་དགའ་བསུ་ཆེན་པོ་ཐོབ་ཡོད། ལོ་ལྟར་ཐོན་སྐྱེད་བྱས་པའི་ཞིང་ལས་ཐོན་རྫས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས་གཞིས་མིའི་ཡོང་འབབ་མང་དུ་ཕྱིན་པ་དང་གཞིས་མིའི་འཚོ་བ་ལེགས་སུ་ཕྱིན་ཡོད།
རྦ་འོངས་ཡུལ་ཤོག་གི་ཡུལ་དཔོན་ལི་ཀོང་གིས་རྦ་འོངས་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་གིས་རྫོང་ཨུ་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་དབུལ་ཐར་འགག་སྒྲོལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། ཐོན་ལས་ཀྱིས་གཙོ་ཁྲིད་བྱས་ཏེ་རི་མཐོ་སར་གནག་ཕྱུགས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་རི་སྐེད་དུ་གཡེར་མ་འདེབས་འཛུགས་འཕེལ་རྒྱས་གཏོང་བ། རི་འདབས་སུ་ཁྱད་ལྡན་ཞིང་ལས་ཐོན་རྫས་འདེབས་འཛུགས་འཕེལ་རྒྱས་བཅས་བཏང་ནས་གནད་སྨིན་དབུལ་སྐྱོར་དུད་ཚང20ལྷག་ཙམ་ལ་སྣེ་ཁྲིད་དེ་ངལ་རྩོལ་མི་ལག50ལྷག་ཙམ་གྱི་ལས་གནས་ཐག་གཅོད་བྱས། དེ་དང་ཆབས་ཅིག་ས་གནས་དེ་གའི་ཆིང་ཤུན་ལི་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཡུལ་ཤོག་དེ་ཡོངས་སུ་སྔོ་ཚལ་མུའུ200ལྷག་ཙམ་འདེབས་འཛུགས་བྱས་ནས་ས་གནས་དེ་གའི་ལས་མི100ལྷག་གི་ལས་གནས་ཐག་གཅོད་བྱས་པ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10