གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག

    མཚོ་སྔོན་པོ་དྲ་བ།    2020-08-03

ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་དངོས་སུ་འགྲེམ་སྤེལ་བྱས།


གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
མདོ་འཛིན་བྱེད་བཞིན་པའི་ཚུལ།

     སྤྱི་ཟླ8པའི་ཚེས3ཉིན་གྱི་སྔ་དྲོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བའི་ཚོགས་ཆེན་སྟེང་ཡོངས་འཛིན་འཚོལ་བཤེར་ལག་རྩལ་དཔུང་སྡེ་ཡིས་ལོ་ངོ་གཅིག་ལྷག་གི་རིང་ཧུར་ཐག་དང་འབད་བརྩོན་བྱས་ནས་ལེགས་འགྲུབ་བྱུང་བའི་ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་དངོས་སུ་འགྲེམ་སྤེལ་བྱས། མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་དང་ཀྲུང་གོའི་བོད་ལྗོངས་ཆ་འཕྲིན་ལྟེ་གནས་ཀྱི་རིམ་པ་བཞི་བའི་ལས་མི་བུ་ཆུང་ཐར། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དཔལ་ལྡན། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་གཙོ་སྒྲིག་གཞོན་པ་ཚེ་མགོན། སི་ཁྲོན་ཏང་འཛུགས་དུས་དེབ་ཁང་གི་གཙོ་སྒྲིག་པ་དཀོན་མཆོག་རྡོ་རྗེ། ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་འབུམ་རམས་པའི་ཁྲིད་སྟོན་དགེ་རྒན།ཡོངས་འཛིན་ལག་རྩལ་སྤྱིའི་ལྟ་སྐུལ་བ་རྡོ་ལྷ་བཅས་ཀྱིས་མཉམ་དུ་ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ཤར་གཏོང་ཁྱབ་བསྒྲགས་བྱས།


གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
མཚོ་ལྷོ་ཁུལ་གྱི་ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་ཤིས་ཚིག་འབུལ་བཞིན་པ།


     ཁུལ་དཔོན་གཞོན་པ་དཔལ་འབུམ་ཐར་གྱིས་ཤིས་ཚིག་ཁྲོད་བསྟན་དོན། དེང་རབས་ཆ་འཕྲིན་ལག་རྩལ་ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད།མཚོ་ལྷོ་ཁུལ་གྱིས་གཙོ་ཆེར་གཞི་གྲངས་ཆེན་མོའི་ཐོན་ལས་གླིང་དང་།ཡོངས་འཛིན་བོད་ཡིག་ཆ་འཕྲིན་ཞབས་ཞུ་ཐོན་ལས་ཅན་སོགས་གྲངས་འཛིན་དཔལ་འབྱོར་དང་།སྒོས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གསར་སྤེལ་བྱས་པ་འདིས།ཡོངས་འཛིན་བོད་ཡིག་རིག་ལྡན་ཆ་འཕྲིན་སྟེགས་བུ“ལྔའི་འཆར་འགོད་བཅུ་བཞི་བའི”འཕེལ་རྒྱས་འཆར་འགོད་སྒྲིག་ཁུངས་བྱ་བ་མགོ་རྩོམ་པ་དང་།བོད་ཡིག་ཆ་འཕྲིན་འན་འཕེལ་རྒྱས་ལ་བསམ་ཕྱོགས་གསར་བ་དང་རྣམ་པ་གསར་བ་བཏོན་ཏེ།རང་རྒྱལ་བོད་ཁུལ་གྱིས་ཕྱི་ཕྱོགས་སུ་དྲིལ་སྒྲོག་བྱེད་པའི་སྒེའུ་ཁུང་ཕྱེས་པ་དང་།མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་མཚོན་རྟགས་གལ་ཆེན་ཞིག་ཏུ་གྱུར།དེའི་མཚུངས་སུ་སྐབས་འདི་དང་བསྟུན་ནས་བོད་ཁུལ་གྱི་སྨྱན་སྦྱོར་སོ་སོས་མཉམ་འབྲེལ་བྱེད་པ་དང་།མུ་མཐུད་དུ་ཡོངས་འཛིནappནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ།སྤྱོད་མཁན་གྱི་མྱོང་ཚོར་ལེགས་པོར་བསྐྱེད་དགོས།


གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་དངོས་སུ་འགྲེམ་སྤེལ་བྱས།

     མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་དང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཚེ་ལོ་ཡིས་མཚམས་སྦྱོར་གནང་བ་སྟེ། ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་ལ་ཤེས་ཡོན་པ་དང་བཟོ་བཀོད་པ་མང་པོའི་བློ་གྲོས་དང་སེམས་ཤུགས་འདུས་ཡོད་པ་དང་། སྔོན་ཐོན་གྱི་ལག་རྩལ་དང་ཇུས་འགོད་བེད་སྤྱད་ཡོད་པས།སྤྱོད་མཁན་རྣམས་ཀྱིས་སྔར་ལས་ཕན་འབྲས་མཐོ་ཞིང་སྟབས་བདེ་བའི་བེད་སྤྱོད་མྱོང་ཚོར་མྱངས་ཐུབ།


གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
ཡོངས་འཛིན་འཚོལ་བཤེར་གྱི་བློ་འདོན་པ་ཚེ་ལོ་ལགས་ཀྱིས་ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་མཚམས་སྦྱོར་གནང་།

     ཡོངས་འཛིནAPPཔར་གཞི་གསར་བས་སྟེགས་བུ་ཆེན་པོiOSདངAndroidགཉིས་ལ་ཁེབས་ཡོད་ཅིང་།ལག་འཁྱེར་ཁ་པར་དང་ངོས་ལེབ་གློག་ཀླད་བཅས་སྒྲིག་ཆས་གཉིས་ལ་རྒྱབ་སྐྱོར་བྱེད་པ་དང་།ཇུས་འགོད་གསར་ལ་སྤེལ་རེས་མྱུར། སྤྱོད་ནུས་འཐུས་ཚང་ཡིན།སྲོག་ཤིང་གི་འཚོལ་བཤེར་དྲ་ངོས་ལས་གཞན། གསར་འགྱུར་དང་པར་རིས། བརྙན་རིས། གླུ་དབྱངས།ཡིག་ཚང་། དྲིས་ལན། རིག་མཛོད་བཅས་དྲ་ངོས7འདུས། དྲ་ངོས་རེ་རེ་ཁེར་རྐྱང་དུ་བེད་སྤྱོད་ཆོག་པ་དང་སྤྱོད་ནུས་ལེགས་ཤིང་ནང་དོན་ཕུན་སུམ་ཚོགས་པ་ཡིན།སྲོག་ཤིང་གི་འཚོལ་བཤེར་དྲ་ངོས་ཀྱང་རིམ་སྤར་བྱས་ཡོད་པ་དང་།ཡོངས་བཤེར་ཚད་དང་བཤེར་དག་ཚད་མཐོར་འདེགས་ཆེན་པོ་བྱུང་ཡོད།སྤྱོད་མཁན་གྱིས་བོད་ཡིག་གི་ཉིན་རེའི་གསར་འགྱུར་ལེགས་གྲས་དང་ཐེང་ཞུན་བརྙན་རིས།ཝང་དབྱི་ཡུན་གླུ་དབྱངས། ལག་འཁྱེར་པའེ་ཏུའུ་སོགས་དང་འདྲ་བར་བསྟོད།ཡོངས་འཛིན་དཔུང་སྡེས་ཡོངས་འཛིནAPPཔར་གཞི་གསར་བ་འདི“བོད་ཡིག་དྲ་རྒྱ་སྤྱོད་མཁན་གྱིས་འཛམ་གླིང་འཚོལ་ཞིབ་བྱེད་པའི་སྒེའུ་ཁུང”དུ་ངོས་འཛིན་བྱས་ཏེ།མུ་མཐུད་དུ་དམིགས་འབེན་འདིར་བརྩོན་པ་བྱ་རྒྱུ་རེད།


གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
ཡོངས་འཛིན་ལག་རྩལ་པུའུ་ཡི་ལག་རྩལ་མི་སྣ་དཀོན་མཆོག་རྡོ་རྗེས་ཡོངས་འཛིན་གཏག་ཐབས་མཚམས་སྦྱོར་བྱེད་བཞིན་པ། 

     ཡོངས་འཛིན་གཏག་ཐབས་གསར་བས་མིང་མཛོད་ས་ཡ་ལྷག(མིང་རྐྱང་དང་ཚིག་དུམ་སོགས་ཀྱི་གཏག་འཇུག་སྔར་ལས་དག་ཅིང་མྱུར)དང་། བོད་ཡིག་གཏག་ནོར་རང་བཅོས། རྗེས་དཔག་གཏག་ཐབས། བརྩེགས་འདོགས་རང་སྦྱོར་སོགས་སྤྱོད་ནུས་གཅིག་ཏུ་འདུ་བའི་རྩོལ་བྱུང་གི་རིག་སྟོབས་ལྡན་པའི་འཚོལ་བཤེར་གསར་སྤེལ་བྱས་ཤིང་། བོད་རྒྱ་དབྱིན་གསུམ་གྱི་སྐད་རིགས་གཏག་ཐབས་རྒྱབ་སྐྱོར་བྱེད།དེ་མིན་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གདོང་རིས་སྣ་ཚོགས་དང་། ཡིག་གཟུགས།གླུ་དབྱངས་སོགས་ཇུས་འགོད་བྱས་ཡོད་པས། གཏག་འཇུག་སྐབས་སུ་སེམས་ཁམས་སྤྲོ་བོ་འབྱུང་ངེས།ཡོངས་འཛིན་དཔུང་སྡེས་ཡོངས་འཛིན་གཏག་ཐབས་གསར་བ་འདི“བོད་ཡིག་དྲ་རྒྱ་སྤྱོད་མཁན་གྱིས་རང་ཉིད་མཚོན་པར་བྱེད་པའི་ལག་ཆ”རུ་ངོས་འཛིན་བྱས་ཏེ།རྗེས་མར་མུ་མཐུད་དུ་ལེགས་སྒྱུར་དང་སྤྱོད་ནུས་གསར་བ་སྤེལ་རྒྱུ་རེད།

གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག
ཀོང་ཀྲིག་ཡོངས་འཛིན་ཆ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིའི་འགན་འཛིན་པ་ལི་ནན་གྱིས་ཡོངས་འཛིནappམཚམས་སྦྱོར་གནང་བཞིན་པ།


     དེ་རིང་གི་འགྲེམ་སྤེལ་ཚོགས་འདུ་འདི་ནི་ཡོངས་འཛིནAPPཔར་གཞི་གསར་པ་དང་ཡོངས་འཛིན་གཏག་ཐབས་བྱུང་བ་ཙམ་མ་ཡིན་པར། དེའི་མཚུངས་སུ་ཡོངས་འཛིན་བཤེར་ཆས་དང་ཡོངས་འཛིན་དྲ་ལམ་སློབ་གསོའི་སྟེགས་བུ་སོགས་ཀྱི་སྔ་ལྟས་ཀྱང་ཡིན། མ་འོངས་པར་ཡོངས་འཛིན་དཔུང་སྡེས་སྔར་ལས་བརྩོན་པ་ཆེན་པོས་ཡོངས་འཛིན་དྲ་རྒྱའི་སྟེགས་བུ་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་། ལག་རྩལ་ཐད་ཀྱི་གསར་གཏོད་མང་པོ་དང་ཐོན་ཁུངས་ཐད་ཀྱི་གསོག་འཇོག་མང་པོར་བརྒྱུད། སྤྱོད་མཁན་གྱི་བསམ་འཆར་ལེགས་པོ་བསྡུ་ལེན་དང་དཀའ་གནད་མང་པོ་ཁྱད་བསོད་ཀྱིས་མུ་མཐུད་དུ་སྤྱོད་སྒོ་ལྡན་པའི་ཐོན་རྫས་གསར་བ་སྤེལ་ཏེ་བོད་ཡིག་དྲ་རྒྱ་སྤྱོད་མཁན་རྣམས་ལ་སྔར་ལས་སྤུས་ལེགས་དང་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོན་འདོན་དང་། བོད་ཡིག་ཆ་འཕྲིན་ཅན་སྒྲིག་གཅོད་དང་བོད་ཀྱི་རིག་གནས་དྲིལ་སྒྲོག་ཐད་ཤུགས་འདོན་རྒྱུ་ཡིན།

གཏམ་བཟང་། ཡོངས་འཛིནAPPཔར་གཞི་གསར་པ་ཐོན་འདུག

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་བརྒྱད་གཅིག་དམག་འཛུགས་དུས་ཆེན་ཐོན་ལ་ཉེ་བའི་སྐབས་སུ་མཁའ་དམག་མཁའ་འགྲུལ་སློབ་ཆེན་གྱི་བྱ་བར་གཟིགས་ཞིབ་གནང་།
  • ལེ་ཚན་རྗེས་མ།:སི་ཁྲོན་དཀར་མཛེས་ཁུལ་གྱིས་གློག་རྡུལ་ཚོང་དོན་གྱི་ལས་གཏོད་ལས་ཞུགས་འགྲན་བསྡུར་ཆེ་མོ་སྐབས་གསུམ་པ་གཉེར་ནས་
  • དོ་སྣང་ཆེ་བའི་རྩོམ།