ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་དྲུག་པ་འཚོགས།

བདེ་སྐྱིད་ཀྱིས་བསྒྱུར།        2020-07-13

     སྤྱི་ཟླ7པའི་ཚེས8ཉིན། ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་དྲུག་པ་འཚོགས་ཤིང་། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱིས་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ལག་བསྟར་བྱེད་པ་དང་འབྲེལ་ཡོད་བཅོས་བསྒྱུར་ཚོད་ལྟ་བྱེད་གནས་ཀྱི་ལས་ཀའི་སྙན་ཞུ་ལ་གསན་པ། ཆེད་དོན་བཅོས་བསྒྱུར་ཇུས་གཞིར་གྲོས་ཞིབ་བྱས་པ་དང་ཕྱིན་ཆད་བཅོས་བསྒྱུར་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་གྲོས་ཚོགས་ནང་ཞུགས་པ་རེད།

     ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་དམིགས་འབེན་ལ་དམིགས་ཏེ་ད་ལོའི་བཅོས་བསྒྱུར་ལས་འགན་ཁག་དུས་བཀག་ལྟར་སྤུས་ཚད་འགན་ལེན་ཐུབ་པར་འགན་སྲུང་ཏན་ཏིག་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

     ལིའུ་ཁྲེང་མིང་གིས་གཅིག་ནས་བརྟན་བརླིང་དྲུག་དང་འགན་སྲུང་དྲུག་གི་ལས་ཀ་ཡག་པོ་བསྒྲུབ་རྒྱུར་དམིགས་ནས་ཁྱབ་ཁོངས་སོ་སོའི་བཅོས་བསྒྱུར་ནུས་ལྡན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏང་དགོས་པ་དང་། གཉིས་ནས་དཀར་མཛེས་ཁུལ་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་དང་ཡུལ་ཤོག་གི་གཞི་རིམ་བཅོས་སྐྱོང་ལམ་ལུགས་བཅོས་བསྒྱུར་གལ་ཆེན་ལ་སྐུལ་འདེད་གཏིང་ཟབ་གཏང་དགོས། གསུམ་ནས་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏང་རྒྱུར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏང་དགོས་ཞེས་བླང་བྱ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་རྟའུ་རྫོང་དུ་བརྟག་དཔྱད་ཞིབ་འཇུག་གནང་།
  • ལེ་ཚན་རྗེས་མ།:སྐྱེ་ཁམས་ཀྱི་རྩ་བ་བརྟན་དུ་བཏང་ནས་རི་སྔོ་ཞིང་ཆུ་དྭངས་བའི་སྐྱེ་ཁམས་སྲུང་སྐྱོང་བྱས།
  • དོ་སྣང་ཆེ་བའི་རྩོམ།