རང་ཁུལ་གྱིས་ཆུ་དཔོན་ལམ་ལུགས་གྲོང་སྡེར་བཙུགས།

བདེ་སྐྱིད་ཀྱིས་བསྒྱུར།        2017-08-17

   ཉེ་ཆར།  དཀར་མཛེས་ཁུལ་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་གི་ཚོགས་འདུ་དར་མདོར་འཚོགས་པ་རེད། གསར་འགོད་པས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར་གཞིགས་ན།  རང་ཁུལ་གྱིས་ཀྲུང་དབྱང་གི་ཞིང་ཆེན་དང་གྲོང་ཁྱེར།  རྫོང་།  ཤང་བཅས་རིམ་པ་བཞིའི་ཆུ་དཔོན་ལམ་ལུགས་བཀོད་སྒྲིག་ལས་ཀར་སྐུལ་འདེད་གཏང་རྒྱུའི་རྨང་གཞིའི་སྐོར་དོན་འཁྱོལ་ནན་པོ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་སྔོན་དཔེ་ཡིན་པ་དང་། རང་འགུལ་ངང་གནོན་ཤུགས་ཆེ་རུ་བཏང་ནས་ཆུ་དཔོན་ལམ་ལུགས་དེ་གྲོང་སྡེའི་རིམ་པར་བཙུགས་ཡོད་ཅིང་། མིག་སྔར།  རང་ཁུལ་གྱིས་ཁྱོན་བསྡོམས་གྲོང་སྡེ་རིམ་པའི་ཆུ﹙ཆུ་ཁོངས﹚དཔོན2528བཟོས་པ་རེད།

   རང་ཁུལ་གྱི་ཁྱོན་བསྡོམས་ཆུ་བོ﹙ཆུ་ཁོངས﹚880ལ་ཆུ་དཔོན་བཞག་ཡོད་ཅིང་། དེའི་ནང་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི﹙དཀར་མཛེས་ཆུ་ཁོངས﹚དང་འབྲི་ཆུའི﹙དཀར་མཛེས་ཆུ་ཁོངས﹚ཉག་ཆུའི﹙དཀར་མཛེས་ཆུ་ཁོངས﹚གཙོ་བོ་ཆུ་བོ﹙ཆུ་ཁོངས﹚གསུམ་ལ་ཆུ་དཔོན་གཉིས་ཀྱི་ལམ་ལུགས་བཙུགས་ཏེ། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁུལ་དཔོན་ཞའོ་ཡིའུ་ཚའེ། ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཁང་།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་དང་ཧྲེན་དབྱང་སོགས་མི་གཉིས་ཀྱིས་ཚོ་ཆུང་རེ་རེ་བྱས་ནས་ཆུ་དཔོན་གྱི་འགན་འཁུར་བ་རེད།

   ཆུ་དཔོན་གྱི་ལས་འགན་གཙོ་བོ་ནི། ཆུའི་ཐོན་ཁུངས་སྲུང་སྐྱོང་དང་ཆུ་བོ་དང་མཚེའུ་ཡི་ཆུ་ཁོངས།  ཆུ་ངོགས་ཀྱི་དོ་དམ་སྲུང་སྐྱོང་།  ཆུའི་བཙོག་བསླད་འགོག་བཅོས།  ཆུའི་ཁོར་ཡུག་བཅོས་སྐྱོང་།  ཆུའི་སྐྱེ་ཁམས་བསྐྱར་གསོ།  ཁྲིམས་འཛིན་ལྟ་སྐུལ་དོ་དམ་སོགས་ཕྱོགས6གི་ཐད་ལ་ཤུགས་སྣོན་རྒྱག་དགོས་པ་དེ་རེད།

   རང་ཁུལ་གྱིས་ད་ལོའི་ཟླ་བ2པ་ནས་བཟུང་ཆུ་དཔོན་ལམ་ལུགས་འཛུགས་འགོ་ཚུགས་པ་རེད། མིག་སྔའི་བར། དཀར་མཛེས་ཁུལ་སྤྱི་ཁྱབ་ཆུ་དཔོན་གཞུང་ལས་ཁང་དང་དཀར་མཛེས་ཁུལ་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་བཙུགས་ཟིན་ཞིང་ལས་ཀ་སྒྲུབ་སྒང་ཡིན་པར་མ་ཟད།  དེའི་རྨང་གཞིའི་ཐོག་ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་ནས་འགན་འཁྲི་ཁག་བགོས་ཁ་གསལ་བྱས་པ་དང་། 《སི་ཁྲོན་ཞིང་ཆེན་གྱི་ཆུ་བོ་མིང་ཐོ་དང་ཆུ་དཔོན་ཆ་འཕྲིན་རེའུ་མིག》བཟོས་ཚར་བ་རེད།  དཀར་མཛེས་ཁུལ་གྱི་ཆུ་དཔོན་ལམ་ལུགས་ཀྱི་ཆུ་རྒྱུད་རི་མོ་དང་ཆུ་བོ་གཙོ་བོ34ཡི《ཆུ་བོ་གཅིག་ལ་སྲིད་ཇུས་གཅིག་གི་དོ་དམ་སྲུང་སྐྱོང་འཆར་གཞི》ཞེས་པའི་རྩོམ་སྒྲིག་ལས་དོན་སྤེལ་འགོ་ཚུགས་པ་རེད།   འཆར་གཞི་ལྟར་ན།  ད་ལོའི་ཟླ་བ12པའི་ཟླ་མཇུག་རང་ཁུལ་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་གཏང་རྒྱུའི་ཞིབ་བཤེར་རྩིས་ལེན་བྱས་ཏེ།  ཁུལ་ཡོངས་ཀྱིས་ཁྱོན་ཡོངས་ནས་ཆུ་དཔོན་ལམ་ལུགས་འཛུགས་རྒྱུ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ཡུན་ནན་གྱིས་ཁ་བ་དཀར་པོར་རྐང་ཐང་མར་སྐྱོད་པ་སོགས་ཀྱི་ལུས་རྩལ་ཡུལ་སྐོར་གྱི་མིང་བྱང་བཏོད་པ།
  • དོ་སྣང་ཆེ་བའི་རྩོམ།