རང་ཁུལ་གྱིས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས།

ལྷ་འཛོམས་ཀྱིས་བསྒྱུར།        2017-08-17

    ཟླ་བ8པའི་ཚེས8ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་ཆེད་དོན་གྲོས་ཚོགས་འཚོགས་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོ་ཆུང་གི་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་བརྒྱུད་བསྒྲགས་བྱས་པ་དང་ཁུལ་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་འཁོར་རྒྱུག་དང་ལས་གཞི་མ་འཇོག་ལས་ཀའི་གནས་ཚུལ་གྱི་སྙན་སེང་ལ་གསན་འཇོག་གནང་ཞིང་། དེང་སྐབས་ཀྱི་དཔལ་འབྱོར་ལས་ཀའི་གནས་བབ་ལ་དབྱེ་ཞིབ་བྱས་ནས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གནས་བབ་དང་ལས་འགན་ལ་ཞིབ་འཇུག་གནང་ཞིང་། ཁུལ་ཡོངས་ཀྱི་ལོ་སྨད་ཀྱི་དཔལ་འབྱོར་ལས་ཀ་དང་ཡུན་རིང་བདེ་འགོད་ཀྱི་དངོས་པའི་རྨང་གཞི་སྲ་བརྟན་དུ་གཏོང་བའི་འབྲེལ་ཡོད་ལས་ཀ་བཀོད་སྒྲིག་མཛད་པ་རེད།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་སོགས་གྲོས་ཚོགས་ནང་ཞུགས་ཡོད།

   ལིའུ་ཁྲེང་མིང་གིས་སྙན་སེང་ཞུ་བ་དང་བསམ་ཚུལ་གླེང་བར་གསན་འཇོག་གནང་རྗེས་གསུངས་དོན། ད་ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་སྐྲུན་པར་དམིགས་ནས་དཔལ་འབྱོར་འཛུགས་སྐྲུན་གྱི་གཙོ་གནད་མངོན་གསལ་དོད་པོར་བྱས་ནས་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་དོན་ཆེན་གསུམ་ལྷན་གཅིག་ཏུ་འཛིན་ཞིང་། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་ཁ་ཡག་པོ་ཡིན་པ་རེད། འོན་ཀྱང་རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་དང་བསྡུར་ན་ཡུན་རིང་རྗེས་སུ་ལུས་པས་རྨང་གཞི་ཞན་པའི་རྐྱེན་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དམའ་བ་དང་། མ་འཇོག་རྗེས་ཤུགས་ཞན་ལ་ཐོན་ལས་རྒྱབ་སྐྱོར་ཡང་མི་འདང་བ། ནོར་སྲིད་ཡོང་འབབ་ལ་དཀའ་ངལ་ཡོད་ལ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱུང་བའི་ཐབས་ལམ་དོག་པོ་ཡིན་པའི་གནད་དོན་མངོན་གསལ་དོད་པོ་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་གནད་དོན་དེར་མཐོང་ཆེན་བྱས་ནས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་རང་ཁུལ་ལ་འཕེལ་རྒྱས་རྗེས་ནས་གཏོང་ཡང་འགོ་འཛུགས་ས་མཐོན་པོ་བྱ་དགོས་པའི་བླང་བྱ་ལྟར་མྱུར་དུ་རྗེས་ཟིན་ཐབས་སྤྲད་པ་དང་དཔའ་ངར་ཆེན་པོས་བསྙེགས་བརྒལ་བྱས་ནས་ནུས་ཤུགས་ཡོད་རྒུས་ལོ་སྨད་ཀྱི་དཔལ་འབྱོར་ལས་ཀ་དངོས་འཛིན་ལེགས་འཛིན་བྱ་དགོས།

    ཁོང་གིས་ནན་གསུང་གནང་དོན། དཔལ་འབྱོར་གྱི་རྨང་གཞི་ནི་སྟེང་གི་བཀོད་པ་ཡིན་པས། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་ཡོང་བ་བྱ་དགོས་ན་དངོས་པོའི་རྨང་གཞི་ནི་གནད་འགག་ཡིན་པས། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དེ་ཀྲུང་དབྱང་དང་ཞིང་ཆེན་གྱི་ཐབས་ཇུས་དང་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་ཏན་ཏིག་གིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་རང་ཁུལ་དུ་རྟོག་ཞིབ་ཕེབས་སྐབས་ཀྱི་གསུང་བཤད་གལ་ཆེན་དང་བཀའ་སློབ་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ལེགས་འཛིན་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞི་ཐད་ཀྱི་ལས་ཀ་ཁག་ཡག་པོ་བསྒྲུབ་དགོས།

    ཞའོ་ཡིའུ་ཚའེ་ཡིས་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར་གནད་དོན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས་བྱེད་ཐབས་ནུས་ལྡན་དང་ལས་གཞི་འཛུགས་སྐྲུན་དོན་ཐོག་འཁྱོལ་བ། དམིགས་འབེན་ལས་འགན་འགྲུབ་པར་དམིགས་ནས་ཐབས་ཇུས་ཆེན་པོ་དྲུག་གི་ལས་ཀ་ཁག་ལེགས་འཛིན་བྱས་ཏེ་ཡུན་རིང་བདེ་འགོད་ཀྱི་དངོས་པོའི་རྨང་གཞིར་དཔལ་འབྱོར་གྱི་རྒྱབ་སྐྱོར་སྲ་བརྟན་བྱ་དགོས།།   


  • ལེ་ཚན་སྔོན་མ།:མཉམ་ལས་དང་སྤེལ་རེས་བྱ་རྒྱུ་ཟབ་ཏུ་གཏོང་ཞིང་མཉམ་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ཆུ་དཔོན་ལམ་ལུགས་གྲོང་སྡེར་བཙུགས།
  • དོ་སྣང་ཆེ་བའི་རྩོམ།