རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་།

བདེ་སྐྱིད་ཀྱིས་བསྒྱུར།        2020-07-08

   ད་ལོར། རང་ཁུལ་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མུ་མཐུད་ནས་ལག་བསྟར་གཏིང་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོར་བཏིང་བ་རེད།

    འབྲུ་རིགས་ཐོན་སྐྱེད་དང་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཕྱོགས་གཉིས་ཀ་དམ་འཛིན་དང་ཕྱོགས་གཉིས་ཀ་མི་འགོར་རྒྱུའི་བླང་བྱ་ལྟར། གྲོང་གསེབ་ཀྱི་རིམས་ནད་འགོག་བཅོས་ཚོད་འཛིན་ཡག་པོ་བྱས་པའི་དུས་མཚུངས་སུ་འབྲུ་རིགས་ཐོན་སྐྱེད་ལས་ཀར་སྐུལ་འདེད་ཧུར་ཐག་གཏོང་བ། སོན་བཟང་དང་ཞིང་ལུད། ཞིང་སྤྱོད་འགྱིག་ཤོག་སོགས་ཚན་རིག་དང་མཐུན་ཞིང་ལུགས་དང་མཐུན་པར་གཏོང་འདྲེན་དང་སྙོམ་སྒྲིག་བྱས་པ་དང་། འཕྲུལ་ཆས་སྣ་ཚོགས་གོ་རིམ་ལྡན་པའི་ངང་ཐོན་སྐྱེད་ནང་སྤྱོད་པར་སྒྲིག་འཛུགས་བྱས་ནས་འཕྲུལ་འཁོར་གྱི་ས་ཞིང་མུའུ་ཁྲི73.38རྨོ་བ་དང་འཕྲུལ་འདེབས་ལས་ཀ་མུའུ་ཁྲི28.42ལེགས་སྒྲུབ་བྱས་པ་རེད། ཞིང་ལས་འཕྲུལ་ཆས་དམིགས་སར་འབྱོར་ཚད་བརྒྱ་ཆ100ལ་ཟིན་ཡོད་པ་རེད།

    ཞིང་ཕན་སྲིད་ཇུས་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞིང་རྨོས་དང་ས་བཅུད་སྲུང་སྐྱོང་གི་ཁ་གསབ་རོགས་དངུལ་སྒོར་ཁྲི6400ལྷག་ཙམ་སྤྲད་པ་དང་། འབྲུ་འདེབས་དུད་ཆེན་ལ་ཁ་གསབ་རོགས་དངུལ་སྒོར་ཁྲི550ལྷག་ཙམ་སྤྲད་པ་རེད། ཁ་གསབ་རོགས་དངུལ་སྤྲད་པའི་རྣམ་པའི་ཐོག་ནས་ཞིང་པ་མང་ཚོགས་ཀྱི་ཐོན་སྐྱེད་ཧུར་བརྩོན་སྐུལ་སློང་གང་ལེགས་བྱས་པ་རེད། རྨོད་དགོས་པ་ཚང་མ་རྨོས་རྒྱུའི་རྩ་དོན་ལྟར། བྱེད་ཐབས་མང་པོ་མཉམ་སྤྱོད་དང་ས་རྒོད་དུ་བཞག་པའི་ས་ཞིང་ཡོད་ཚད་ལ་མ་རྨོས་ལོ་ཏོག་དང་ཞོག་ཁོག སྲན་ཆེན་སོགས་འབྲུ་རིགས་མུའུ་ཁྲི1.08འདེབས་རྒྱ་ཆེ་རུ་བཏང་ཡོད། ཞིང་ཆེན་གྱིས་སྤྲད་པའི་འབྲུ་རིགས་འདེབས་རྒྱུའི་ལས་འགན་གྱི་བརྒྱ་ཆ117.8ལེགས་གྲུབ་བྱུང་ཡོད་པ་རེད།

    ཚད་གཞི་མཐོ་བའི་ཞིང་ཁའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཆེད་མངགས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང5བཙུགས་ནས་རྫོང﹙གྲོང་ཁྱེར﹚ཁག་ཏུ་ཆེད་དོན་ལྟ་སྐུལ་ཁྲིད་སྟོན་བྱེད་པར་བསྐྱོད་པ་དང་ལྷག་པར་དུ་འབྲེལ་ཡོད་ལས་གྲྭ་འཛུགས་སྐྲུན་གྱི་མྱུར་ཚད་དང་སྤུས་ཚད། ཉེན་མེད་ཐོན་སྐྱེད་སོགས་ཐད་ཀྱི་ལས་ཀར་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་བ་རེད། 2020ལོར《ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལས་གྲྭ་ལག་བསྟར་ཇུས་གཞིར》མཆན་བཀོད་བཀའ་ལན་ཐོབ་ཡོད་ཅིང་། སྔོན་དཔག་བྱས་ན་ད་ལོའི་སྤྱི་ཟླ9པའི་ཡས་མས་སུ་ཁྱོན་ཡོངས་ནས་ལས་མགོ་འཛུགས་ཐུབ་རྒྱུ་རེད། མིག་སྔར། ཁུལ་ཡོངས་སུ་འབྲུ་རིགས་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི88.51ལེགས་སུ་འགྲུབ་པ་དང་། སྔོན་དཔག་བྱས་ན་དབྱར་འདེབས་རྒྱ་ཁྱོན་མུའུ་ཁྲི7དང་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི7.55ལ་ཟིན་རྒྱུ་རེད། སྔོན་དཔག་བྱས་ན་དཔྱིད་རྨོད་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི95.52ལ་ཟིན་པ་དང་ལོ་ཧྲིལ་པོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི103.07ལ་ཟིན་པས་ན་ནིང་ལོའི་དུས་མཚུངས་ལས་བརྒྱ་ཆ1.91འཕར་ནས་ཐོན་ཚད་ཏུན་ཁྲི22.9ལ་ཟིན་རྒྱུར་བརྩོན་ལེན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་ལྷག་པ་གྲོང་སྡེ་ཡིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ནས་གཞིས་མིའི་ཡོང་འབབ་འཕར་བར་འགན་སྲུང་བྱེད།
  • ལེ་ཚན་རྗེས་མ།:གཟུགས་མེད་རིག་གནས་སློབ་གྲྭར་བསྐྱལ་ནས་སྲོལ་རྒྱུན་རིག་གནས་ཀྱིས་བྱིས་པའི་བསམ་བློ་སྐྱོང་།
  • དོ་སྣང་ཆེ་བའི་རྩོམ།