དཔལ་ཡུལ་རྫོང་ལྷག་པ་གྲོང་སྡེ་ཡིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ནས་གཞིས་མིའི་ཡོང་འབབ་འཕར་བར་འགན་སྲུང་བྱེད།

ཡེ་མགོན་གྱིས་བསྒྱུར།        2020-07-07

    སྔོན་ཆད་ལྷག་པ་གྲོང་སྡེ་ཡོངས་སུ་རྡོ་ཧྲུལ་བཏིང་པའི་འཕྲང་ལམ་དོག་པོ་ཡིན་པས་འགྲོ་འོང་བྱེད་དུས་གནམ་དྭངས་དུས་ལུས་པོར་ཐལ་རྡུལ་ཁེངས་པ་དང་གནམ་འབབ་དུས་ལུས་པོར་འདམ་པ་འབྱར་བ་རེད། དེང་སང་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅིང་། ཡངས་ཤིང་སྙོམས་པའི་ཨར་འདམ་གཞུང་ལམ་དུད་ཚང་རེ་རེའི་སྒོ་ཁར་ལས་ཡོད་པའི་རྨང་གཞིའི་ཐོག ཞིང་ཆེན་པའི་གཞུང་ལམ458པ་ཡང་སང་ལོར་བརྒྱུད་ལམ་ཧྲིལ་པོ་ཤར་གཏོང་ཐུབ་ངེས་ཡིན་པར་བརྟེན། ཕྱིན་ཆད་ང་ཚོ་ཕྱི་རོལ་དུ་ཅ་ལག་ཉོ་ས་དང་ཡུལ་ཐོན་ཁྱད་རྫས་འཚོང་ས་འགྲོ་དུས་དེ་བས་སྟབས་མོ་ཡོད་པ་དང་འཚོ་བ་འདི་ཉིན་རེ་ཉིན་རེར་སྐྱིད་པོ་ཡོང་པའི་ཡིད་ཆེས་ཡོད་ཅེས་པ་འདི་ནི་ཉེ་ཆར་དཔལ་ཡུལ་རྫོང་རག་ཁྱབ་ཡུལ་ཤོག་ལྷག་པ་གྲོང་སྡེའི་གཞིས་མི་མགོན་པོས་ཡི་རང་བའི་ངང་ནས་དེ་ལྟར་བཤད་པ་རེད།

    ལྷག་པ་གྲོང་སྡེ་ནི་རྫོང་གི་གྲོང་ཁུལ་དང་སྤྱི་ལེ68རྒྱང་པའི་རི་སྐེད་དུ་ཆགས་ཤིང་། ཡུལ་ཤོག་སྲིད་གཞུང་ཡོད་ས་དང་སྤྱི་ལི12རྒྱང་བ་རེད། དབུལ་ཐར་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་གཞུང་ལམ་གསར་པ་བསྐྲུན་པ་དང་ཁྱད་ཆོས་ཐོན་ལས་གསོ་སྐྱོང་བྱས་མཐར། 2018ལོར་གྲོང་སྡེ་འདིའི་མི་ཚང་མ་དབུལ་ཐར་བྱུང་བ་རེད།

2017ལོར་ལྷག་པ་གྲོང་སྡེའི་གྲོང་བགྲོད་གཞུང་ལམ་དངོས་སུ་ཨར་ལས་མཇུག་བསྒྲིལ་བ་རེད། གཞུང་ལམ་འདི་ཕྱུག་འགྱུར་ལམ་དུ་འགྱུར་བཅུག་ཆེད། 2019ལོར་ཡུལ་དངོས་སུ་བརྟག་དཔྱད་ཞིབ་འཇུག་ཐེངས་མང་བྱས་རྗེས། གྲོང་སྡེའི་བཅའ་སྡོད་ལས་སྒྲུབ་རུ་ཁག་གིས་གྲོང་སྡེ་ཡོངས་ཀྱི་གཞིས་མི་ཚོར་ས་ཞིང་མུའུ10ཡི་ནང་ལ་ཕུག་འདེབས་རྒྱུ་ཚོད་ལྟ་བྱེད་པར་སྐུལ་སློང་བྱས་མཐར། ལོ་དེར་ལ་ཕུག་ཐོན་ཚད་ཏུན15ཡི་ཡོང་འབབ་སྒོར་ཁྲི7ལ་ཟིན་པ་རེད། གཞིས་མི་ཚོས་ལ་ཕུག་འདེབས་འཛུགས་བྱས་ནས་ཕན་འབྲས་ཡག་པོ་ཐོབ་པ་ནི་གྲོང་བགྲོད་གཞུང་ལམ་བསྐྲུན་ནས་ང་ཚོའི་ཐོན་རྫས་དུས་ཐོག་ཏུ་ཕྱི་ཕྱོགས་སུ་འདྲེན་ཆོག་པས་རེད། གཞིས་མི་ཚོས་ང་ཚོའི་འཕེལ་རྒྱས་འཆར་འགོད་ལ་ཡིད་ཆེས་དེ་བས་ཡོད་པར་བརྟེན། ད་ལོར་ང་ཚོས་འདེབས་འཛུགས་གཞི་ཁྱོན་རྒྱ་སྐྱེད་བཏང་ནས་སྤུས་ཀ་འགན་སྲུང་བྱས་པའི་དུས་མཚུངས་སུ། གློག་རྡུལ་ཚོང་དོན་གྱི་ལས་སྟེགས་བརྒྱུད་ནས་ཚོང་ལམ་སྔར་བས་རྒྱ་སྐྱེད་དང་ཚོང་ར་དེ་བས་རྒྱ་སྐྱེད་བཏང་ནས་ལྷག་པ་གྲོང་སྡེའི་ཞིང་ཞོར་ཐོན་རྫས་ཀྱི་ཟོང་རྟགས་སྐྱོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་གྲོང་སྡེའི་བཅའ་སྡོད་ལས་བྱེད་པ་ཚེ་རིང་མགོན་པོས་དེ་ལྟར་ངོ་སྤྲོད་བྱས་པ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། ལྷག་པ་གྲོང་སྡེ་ནས་ཐོན་པའི་ལ་ཕུག་དང་ཞོག་ཁོག པད་ཁ་བཅས་སྤྱི་གནོད་མེད་པའི་ཞིང་ཞོར་ཐོན་རྫས་སྤྱི་ཟླ8པའི་ནང་སྨིན་པའི་རེ་བ་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:མཚོ་བོད་མཐོ་སྒང་གི་མཚེའུ་ནས་ལོ་ལྟར་ཚྭ་མེད་ཆུ་ཏུན་དུང་ཕྱུར517རླངས་འགྱུར་བྱས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་བཏང་།
  • དོ་སྣང་ཆེ་བའི་རྩོམ།