མཚོ་བོད་མཐོ་སྒང་གི་མཚེའུ་ནས་ལོ་ལྟར་ཚྭ་མེད་ཆུ་ཏུན་དུང་ཕྱུར517རླངས་འགྱུར་བྱས།

    མི་དམངས་དྲ་བ་ནས་དྲངས།    2020-07-07

    མི་དམངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན།ཉེ་ཆར།ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་ལས་མངོན་པར། ཚོད་རྩིས་བྱས་ན། མཚོ་བོད་མཐོ་སྒང་གི་མཚེའུ་ཡི་རླངས་འགྱུར་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར517ལ་ཟིན་པ་དེ་ཧང་ཀྲོའུ་ཡི་ཤིས་ཧུའུ་མཚེའུ3570ཡི་ཆུ་འབོར་དང་མཚུངས་པ་དང་། གྲངས་གཞི་དེ་ལས“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཁྲོད་ཀྱི་མཚེའུ་ཡི་ཆུའི་ཐོན་ཁུངས་གསོག་ཚད་ལ་གནད་ལ་འཁེལ་བའི་ཚོད་རྩིས་བྱ་རྒྱུར་དཔྱད་གཞི་མཁོ་འདོན་བྱས་པ་རེད།

     ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་ས་གཤིས་དང་རླངས་འགྱུར་གྱི་ནུས་པ་དང་གནམ་གཤིས་འགྱུར་ལྡོག་ཚོགས་པའི་ཞིབ་འཇུག་པ་མཱ་ཡའོ་མིང་སོགས་ཀྱི་ཞིབ་འཇུག་གྲུབ་འབྲས་དེ་པེ་ཅིང་གི་དུས་ཚོད་སྤྱི་ཟླ6པའི་ཚེས27ཉིན་རྒྱལ་སྤྱིའི་གྲགས་ཅན་རིག་གཞུང་དུས་དེབ《ཚན་རིག་དང་ཡར་རྒྱས》ཞེས་པའི་ཐོག་བཀོད་པ་རེད།

      མཚོ་བོད་མཐོ་སྒང“ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་པ་དང་མཚེའུ་ཡི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི5ཙམ་ལ་ཟིན་པ་དེས་ཀྲུང་གོའི་མཚེའུ་ཡི་སྤྱིའི་རྒྱ་ཁྱོན་གྱི་བརྒྱ་ཆ50ཡན་ཆད་བཟུང་ཡོད། དེའི་སྔོན་མཚོ་བོད་མཐོ་སྒང་གི་མཚེའུ་ཡི་ཆུའི་འཁོར་སྐྱོད་བརྒྱུད་རིམ་ལ་ཞིབ་འཇུག་བྱེད་པའི་ནང་། ས་བབ་མཐོ་བའི་མཚེའུ་ཡི་མཚེའུ་དང་རླངས་པའི་ཕན་ཚུན་ལ་ཐོན་པའི་ནུས་པར་ལྟ་ཞིབ་ཚད་ལེན་བྱེད་ཚད་ཉུང་ཉུང་རེད། མཚེའུ་གཅིག་ལ་ཞིབ་འཇུག་བྱེད་ཐབས་མི་འདྲ་བ་སྤྱད་པ་ལས། མཚེའུ་ཡི་རླངས་འགྱུར་བྱེད་ཚད་ལའང་ཧེ་བག་མངོན་གསལ་དོད་པོ་ཡོད་ལ། མཚེའུ་ཡི་རླངས་འགྱུར་བྱེད་ཚད་ཀྱི་བར་མཐོངས་ཁྱབ་ཚུལ་དང་དེ་བཞིན་རླངས་འགྱུར་བསྡོམས་འབོར་སྔར་བཞིན་ཤེས་ཐུབ་ཀྱི་མེད།དཔྱད་རྩོམ་དེའི་རྩོམ་པ་པོ་གཙོ་བོ་སྟེ།ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་ཞིབ་འཇུག་ཁང་གི་འབུམ་རམས་པ་ཝང་པིན་པིན་གྱིས“ཕྱོགས་བསྡུས་གྲུབ་འབྲས་ལས་མངོན་པར། མཚོ་བོད་ས་མཐོའི་མཚེའུ་རླངས་འགྱུར་གྱི་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར517±21ལ་ཟིན་པའི་ནང་། མཚེའུ་ཆེ་གྲས75ཡི་རླངས་འགྱུར་གྱི་བསྡོམས་འབོར་ལོ་ལྟར་ཏུན་དུང་ཕྱུར294±12ལ་ཟིན་ཡོད”ཅེས་ངོ་སྤྲོད་བྱས། ཞིབ་འཇུག་ལས་ད་དུང་དགུན་དུས་སུ་མཚེའུ་ཡི་དར་ངོས་ཐད་ཀར་རླངས་འགྱུར་གྱི་ཆུ་འབོར་གྱིས་ལོར་མཚེའུ་རླངས་འགྱུར་བྱེད་ཚད་ཀྱི12.3ནས་བརྒྱ་ཆ23.5བར་བཟུང་ཡོད། དེ་ནི་མཚེའུ་ཡི་ཆུ་འབོར་དོ་སྙོམས་ཞིབ་འཇུག་གི་གྲུབ་ཆ་གལ་ཆེན་ཞིག་རེད། མཚོ་བོད་ས་མཐོའི་ལྷོ་རྒྱུད་ཀྱི་མཚེའུ་ཡི་དར་མི་ཆགས་པའི་དུས་ཡུན་དང་མཚེའུ་རླངས་པར་འགྱུར་ཚད་བྱང་རྒྱུད་ཀྱི་མཚེའུ་ལས་མངོན་གསལ་གྱིས་མཐོ་བ་ཡོད་པ་རེད། དཔྱད་རྩོམ་དེའི་རྩོམ་པ་པོ་མཱ་ཡའོ་མིང་གིས། བྱེད་ཐབས་གསར་པ་དེས་མཚོ་བོད་ས་མཐོའི་མཚེའུ་ཡི་རླངས་འགྱུར་ལ་གནད་སྨིན་ཚོད་སྐོར་བྱེད་ཐུབ་ལ། འཛམ་གླིང་གི་ས་ཁུལ་གཞན་གྱི་མཚེའུ་ཡི་རླངས་འགྱུར་ལའང་ཚོད་སྐོར་བྱེད་ཐུབ་ཅེས་བཤད།


  • ལེ་ཚན་སྔོན་མ།:“དམངས་ཕྱུག་གནས་ཚད”གཏན་འཁེལ་བྱས་ཏེ་ཕྱུག་འགྱུར་གྱི་སྒོ་མོ་ཕྱེ།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་ལྷག་པ་གྲོང་སྡེ་ཡིས་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱས་ནས་གཞིས་མིའི་ཡོང་འབབ་འཕར་བར་འགན་སྲུང་བྱེད།
  • དོ་སྣང་ཆེ་བའི་རྩོམ།