རང་ཁུལ་གྱིས་རྒྱུགས་ཆེན་གཉིས་སྤྲད་རན་ཁར་གྲ་སྒྲིག་འདི་འདྲ་བྱས་འདུག

ཨོ་རྒྱན་གྱིས་བསྒྱུར།        2020-07-03

     ལོ་གཅིག་ཐེངས་གཅིག་གི་མཐོ་རྒྱུགས་དང་འབྲིང་རྒྱུགས་སྤྲད་རྒྱུའི་དུས་ཚོད་སླེབ་ལ་ཉེ་བས། རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་ལྷིང་འཇགས་དང་སྐྱིད་སྣང་དོད་པའི་རྒྱུགས་སྤྲོད་ཁོར་ཡུག་ཅིག་གཏོད་ཆེད། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ནས་བཀོད་སྒྲིག་བྱས་དོན།

     ཟླ7པའི་ཚེས1ནས་ཚེས15ཉིན་བར། ཉིན་གུང(12:00-14:30)དང་། མཚན་མོར(22:00-ཕྱི་ཉིན8:00)བར་དུ་འཛུགས་སྐྲུན་ལས་ཡུལ་ཁག་གིས་རྫོང(གྲོང་ཁྱེར)ཁག་གི་རྒྱུགས་ཞུགས་སློབ་མ་འདུས་སྡོད་བྱེད་སའི་ས་ཁུལ་ཁག་ཏུ་སུན་སྒྲ་ལྡན་པའི་ཨར་ལས་སོགས་གཏན་འགོག་བྱས་པ་རེད།

རང་ཁུལ་གྱིས་རྒྱུགས་ཆེན་གཉིས་སྤྲད་རན་ཁར་གྲ་སྒྲིག་འདི་འདྲ་བྱས་འདུག

ཟླ7ཚེས7ཉིན་ནས་ཚེས9ཉིན་བར་ཉིན་ཧྲིལ་པོ་གསུམ་ལ་མཐོ་རྒྱུགས་ཀྱི་དུས་ཚོད་ཡིན།

ཟླ7ཚེས13ཉིན་ནས་ཚེས15ཉིན་བར་ཉིན་ཧྲིལ་པོ་གསུམ་ལ་འབྲིང་རྒྱུགས་ཀྱི་དུས་ཚོད་ཡིན།


  མཐོ་རྒྱུགས་ཀྱི་རྒྱུགས་ཚིགས་ཁག་དང་རྒྱུགས་རའི་མཐའ་འཁོར་རྣམས་སུ་འཛེར་སྒྲ་ཡོད་པའི་ཨར་ལས་བྱེད་མཚམས་འཇོག་དགོས་པ་རེད།

     བཀག་སྡོམ་བྱེད་པའི་རིང་། རིམ་ཁག་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་གིས་བཟོ་སྐྲུན་ལས་ཡུལ་དུ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐོར་ཞིབ་ཐེངས་གྲངས་མང་དུ་གཏོང་རྒྱུ། ཨར་ལས་ཀྱི་འཛེར་སྒྲའི་སྦགས་བཙོག་ཚོད་འཛིན་བྱས་ནས་མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་ཏན་ཏིག་བྱ་དགོས།

     རང་ཁུལ་གྱི་ད་ལོའི་མཐོ་རྒྱུགས་དཀྱུས་མའི་མིང་ཐོ་འགོད་པའི་མི་གྲངས་ཁྱོན་བསྡོམས7343ཟིན་ཡོད་ལ། དར་རྩེ་མདོ་དང་། ལྕགས་ཟམ་ཁ། རོང་བྲག། བརྒྱད་ཟིལ། བྲག་མགོ། དཀར་མཛེས། ཉག་ཆུ་ཁ། འབའ་ཐང་བཅས་རྫོང(གྲོང་ཁྱེར)8ལ་རྒྱུགས་ཚིགས8དང་རྒྱུགས་ར210བཙུགས་ཡོད་པ་རེད། འབྲིང་རྒྱུགས་མིང་ཐོ་འགོད་པའི་མི་གྲངས12710ཡོད། རྫོང(གྲོང་ཁྱེར)18དང་དུང་དཀར་ལུང་པ་དོ་དམ་ཅུས་བཅས་སུ་རྒྱུགས་ཚིགས38དང་རྒྱུགས་ར460བཙུགས་ཡོད་པ་རེད།

     ཟླ6ཚེས17ཉིན་ལ་རོང་བྲག་རྫོང་ལ་ཆུ་ལོག་གིས་གནོད་འཚེ་ཐེབས་ཡོད་པས་རྫོང་འདི་གའི་ད་ལོའི་མཐོ་རྒྱུགས་དེ་རྫོང་སློབ་འབྲིང་དུ་སྔར་ལྟར་གཉེར་མི་ཐུབ་པའི་གནས་ཚུལ་ལ་དམིགས་ནས། ཁུལ་དང་རྫོང་གི་སློབ་བསྡུའི་རྒྱུགས་ལེན་ཨུ་ལྷན་གྱིས་ཡར་ཞུ་བྱས་པ་དང་ཞིང་ཆེན་གྱི་སློབ་བསྡུ་རྒྱུགས་ལེན་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་འོག། སི་ཁྲོན་མི་རིགས་སློབ་གླིང་གི(སློབ་ཁུལB)དེ་རོང་བྲག་རྫོང་གི་མཐོ་རྒྱུགས་རྒྱུགས་ཚིགས་བྱ་རྒྱུ་ཐག་བཅད་པ་དང་། མིག་སྔར་རྒྱུགས་སྤྲོད་གྲ་སྒྲིག་ལས་དོན་གོ་རིམ་ངང་སྒྲུབ་བཞིན་ཡོད་པ་རེད།

     རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམིགས་བསལ་རྒྱབ་ལྗོངས་འོག་འབྲེལ་ཡོད་གཏན་འབེབས་ལྟར། རྩ་དོན་ཐོག་རྒྱུགས་ར་སུམ་ཅུ་རེ་ལ་ཚ་བ་རྒྱས་མཁན་གྱི་རྒྱུགས་ར་རེ་དང་། སྤྱོད་དམིགས་རྒྱུགས་ར་རེ་འཛུགས་དགོས་པ་རེད། རྒྱུགས་ཚིགས་རེར་ཚ་བ་རྒྱས་མཁན་གྱི་རྒྱུགས་ར་གསུམ་ལས་ཉུང་མི་རུང་། དུས་མཚུངས་སུ་དེའི་ཐད་ལ་རྒྱུགས་ལེན་ལས་སྒྲུབ་མི་སྣ་འདང་ངེས་དང་སྔོན་འགོག་ཚོད་འཛིན་གྱི་དངོས་རྫས་ཀྱང་བཀོད་སྒྲིག་བྱས་ཡོད། མིག་སྔར་རྫོང་སོ་སོའི་རྒྱུགས་ཚིགས་ཚང་མས་གོ་རིམ་ལྡན་པའི་སྒོ་ནས་བླང་བྱ་ལྟར་གྲ་སྒྲིག་བྱེད་བཞིན་ཡོད།


  • ལེ་ཚན་སྔོན་མ།:༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ལས་འཛིན་དབྱང་ཀྲི་ཡོན་ལ་མཇལ་འཕྲད་གནང་།
  • དོ་སྣང་ཆེ་བའི་རྩོམ།