ལྕགས་ཟམ་རྫོང་གིས་སྟར་ག་ཐོན་ལས་འཕེལ་རྒྱས་བཏང་ནས་ཞིང་པའི་ཡོང་འབབ་འཕར་སྣོན་བཏང་དབུལ་ཐར་ཡོང་བར་སྐུལ་འདེད་གཏོང་།

ཡེ་མགོན་གྱིས་བསྒྱུར།        2020-07-02

    སྤྱི་ཟླ6པའི་ཚེས22ཉིན། ལྕགས་ཟམ་རྫོང་སྡེ་དབུས་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི་གཞིས་མི་ལི་ཡུན་ཞོན་ལ་སྟར་ག་སོས་མ་ཁུག་མ20མངགས་ཉོ་བྱས་པའི་ཁ་པར་འབྱོར་ཞིང་། ལི་ཡུན་ཞོན་གྱིས་མངགས་ཉོ་བྱེད་མཁན་ལ་ད་ལོར་སྟར་གའི་སྐྱེས་ཚུལ་སྔོན་མ་ལས་ཡག་པོ་རེད། སྟར་ག་སྨིན་རྗེས་ཁྱོད་ང་ཚོའི་སར་ཉོ་སར་ཡོང་ན་ཨ་འགྲིག་འདུག་ཅེས་བཤད།

    གྲོང་སྡེའི་གཞི་ཁྱོན་མུའུ2000ལྷག་ཙམ་ཡོད་པའི་སྟར་ག་ཐོན་ལེགས་བྱུང་བའི་རྣམ་པ་མཐོང་དུས། སྡེ་དཔོན་ཧུའུ་ཡུའེ་ཅུན་གྱིས་སྐྱེ་ཁམས་ལ་བརྟེན་ནས་དབུལ་སྐྱོར་བྱས་པའི་གྲུབ་འབྲས་ལ་བསྔགས་བརྗོད་ཚད་མེད་བྱས་པ་རེད། ཉེ་བའི་ལོ་ཤས་རིང་། ལྕགས་ཟམ་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་སྟར་གའི་ཐོན་ལས་འདི་རྒྱང་རི་ལུང་ཁུག་གི་མང་ཚོགས་ཕྱུག་པོར་ཆགས་པའི་གཙོ་ཁྲིད་ཐོན་ལས་ལ་བརྩིས་ནས་དམ་འཛིན་བྱས་པར་བརྟེན། ཁུའེ་ཝུའུ་གྲོང་སྡེའི་ནང་གཞི་ཁྱོན་མུའུ2000ཡི་ནང་ཤིང་སྡོང་དམའ་བོའི་སྟར་ག་བཙུགས་པ་རེད། མི་སེར་ཚོའི་ཚན་རྩལ་འདུ་ཤེས་དང་དོ་དམ་ཆུ་ཚད་ཇེ་དྲག་ཏུ་གཏང་ཆེད། རྫོང་ནགས་རྩྭ་ཅུས་ཀྱིས་ལོ་རྟག་པར་གྲོང་སྡེ་དེར་རིགས་སྣ་ཚོགས་ཀྱི་གསོ་སྦྱོང་ཐེངས20ལྷག་ཙམ་བྱས་ནས་ལག་རྩལ་འཇོན་ནུས་ཅན་མི100ལྷག་གསོ་སྦྱོང་བྱས་མཐར། གཞི་རྩའི་ཐོག་དུད་ཚང་རེར་ལག་རྩལ་འཇོན་ནུས་ཅན་གཅིག་རེ་ཡོད་པའི་དམིགས་ཚད་ཐོག་བསླེབས་པ་རེད། 2019ལོར་ཁུའེ་ཝུའུ་གྲོང་སྡེ་ཡོངས་ཀྱི་སྟར་གའི་ཐོན་ཚད་རྒྱ་མ་ཁྲི40ལ་ཟིན་པས་ཐོན་རྫས་རིན་ཐང་སྒོར་ཁྲི160ལ་ཟིན་པ་རེད།

    ལྕགས་ཟམ་རྫོང་གི་སྟར་གའི་ཐོན་ལས་ཕལ་ཆེར་རི་མཐོ་ས་དང་རི་སྐེད་ཁྱབ་ཚུལ་བྱས་ནས་ཡོད་པས་སྡེ་དབུས་གྲོང་རྡལ་ཁུའེ་ཝུའུ་གྲོང་སྡེའི་འཕེལ་རྒྱས་ནི་སྐྱེ་ཁམས་ལ་བརྟེན་ནས་དབུལ་ཐར་ཕྱུག་པོར་ཆགས་པའི་དཔེ་མཚོན་ཞིག་ཡིན་པ་རེད། མིག་སྔར། ལྕགས་ཟམ་རྫོང་རི་ཐོག་གི་སྟར་གའི་རྟེན་གཞི་གཞི་རྩའི་ཐོག་ཡོངས་སུ་ཁྱབ་པའི་རྣམ་པ་མངོན་འགྱུར་བྱུང་ནས་གཞི་ཁྱོན་བསྡོམས་འབོར་མུའུ་ཁྲི7.74ཡོད་པའི་སྤུས་ལེགས་སྟར་ག་ནི་རྒྱང་རིང་ལུང་ཁུག་མང་ཚོགས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པའི་ཕྱུག་འགྱུར་ཐབས་ལམ་དུ་གྱུར་དང་འགྱུར་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས་ཁྲེང་ཏུའུ་ཡི་སྣྲོན་ཟླ་ཚེས་ལྔའི་བཟའ་བཅའི་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས།
  • ལེ་ཚན་རྗེས་མ།:༄༅།།གསེར་ཐར་རྩྭ་ཐང་སྟེང་དུ་བཞག་པའི་དམར་དམག་གི་ཞབས་རྗེས།
  • དོ་སྣང་ཆེ་བའི་རྩོམ།