དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས་ཁྲེང་ཏུའུ་ཡི་སྣྲོན་ཟླ་ཚེས་ལྔའི་བཟའ་བཅའི་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2020-07-02

    བོད་གྲོའི་འཚོ་བཅུད་རིན་ཐང་གཙོ་བོ་ཅི་ཡིན་རེད། གངས་ལྗོངས་འོ་སེ་ཇ་ནི་དཀར་མཛེས་ཁུལ་བྲག་མགོ་ནས་ཐོན་པ་ཡིན་རེད་དམ། བེ་ཤའི་ཨ་རག་ལ་བལྟས་ན་ཡག་པོ་འདུག ད་ལོར་དཀར་མཛེས་ཁུལ་གྱི་བེ་ཤ་ཚོང་རར་ནམ་ཐོན་གྱིན་རེད། ཉེ་ཆར་ཁྲེང་ཏུའུ་ཡི་སྣྲོན་ཟླའི་ཚེས་ལྔའི་བཟའ་བཅའི་རིགས་དངོས་མང་སྟོན་ཚོགས་དང་ཁྱད་ཆོས་ཞིང་ལས་ཐོན་རྫས་འགྲེམས་སྟོན་ཁང་གི་ཟུར་ཞིག་ཏུ་གཉེར་བའི་དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས་ལ་ལྟད་མོ་བ་ཚོས་ཡོངས་ཁྱབ་ཏུ་དོ་ཁུར་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི་སྤུས་ལེགས་ཐོན་རྫས་ཁྲེང་ཏུའུ་ཡི་སྣྲོན་ཟླའི་ཚེས་ལྔའི་བཟའ་བཅའི་དངོས་མང་སྟོན་ཚོགས་ཐོག་འགྲེམས་སྟོན་བྱས་པ་དེ་ནི་གནས་མཆོག་དཀར་མཛེས་ཁུལ་གྱི་ཁྱད་ཆོས་ཞིང་ལས་ཐོན་རྫས་འགྲེམས་སྟོན་ནང་ཞུགས་པའི་ལག་ལེན་ཞིག་རེད། ཁུལ་ཚོང་དོན་དང་དཔལ་འབྱོར་མཉམ་ལས་ཅུས། སྡེ་རོང་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས། ཉག་ཆུ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས། བྲག་འགོ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས། དཔལ་ཡུལ་རྫོང་དཔལ་འབྱོར་ཆ་འཕྲིན་དང་ཚོང་དོན་མཉམ་ལས་ཅུས་བཅས་ཀྱིས་སྒྲིག་འཛུགས་ཞིབ་ཚགས་བྱས་ནས་གྲུབ་པ་རེད།

   འགྲེམས་སྟོན་འདུས་ཚོགས་ཐོག་རང་ཁུལ་གྱི་སྡེ་རོང་དང་བྲག་འགོ། ཉག་ཆུ། དཔལ་ཡུལ་བཅས་རྫོང་ཁག་བཞིའི་བོད་གྲོ་དང་། བོད་སྦྲང་། ཤིང་སྡོང་སེ་པན། རྒུན་འབྲུམ། བྲ་བོའི་ཇ། གངས་ལྗོངས་འོ་སེ་ཇ་ལྗང་དང་ཇ་དམར། ཇ་བག། ཟོག་ཤ་སྐམ་པོ། ལྡུམ་སྒོང་ཆུང་ངུ། ནས་ཀྱི་བཟའ་བཅའ། བེ་ཤ ར་གྲོད་ཤ་མོ། བེ་ཤའི་ཨ་རག་སོགས་ཁྱད་ཆོས་ཀྱི་ཞིང་ཞོར་ཐོན་རྫས་རིགས་སྣ་ཚོགས་གཅིག་བསྡུས་ཀྱིས་འགྲེམས་སྟོན་བྱས་པ་ལས་རང་ཁུལ་གྱི་སྐྱེ་ཁམས་ལ་སྤྱི་གནོད་མེད་པའི་ཇ་དང་། ཤ་མོ། ཤིང་ཏོག འབྲུ་རིགས། བཟའ་སྣུམ་སོགས་ཚུད་ཡོད་པ་རེད།སྤྱིའི་ཆ་ནས་བཤད་ན་ཁྱད་ཆོས་མངོན་གསལ་དོད་པ་དང་རྩེ་གྲའི་སྤུས་ཀ་མངོན་སྟོན་བྱས་པ་རེད།

    འགྲེམས་སྟོན་བྱས་རིང་སྒྲིག་འཛུགས་ཨུ་ལྷན་གྱིས་ད་དུང་ཁྲེང་ཏུའུ་ཡི་ཞིང་ལས་ཐོན་རྫས་ལྟེ་གནས་སྡེབ་ཚོང་ཁྲོམ་ར་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་དང་། ཁྲེང་ཏུའུ་ཡི་ཧུང་ཆིན་སྦྲེལ་མཐུད་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་། སི་ཁྲོན་ཡུང་ཧུའེ་ཚོན་ཁྲ་ཅན་མཁོ་སྤྲོད་སྦྲེལ་མཐུད་ཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་། ཧའོ་མ་ཤན་ཧྲེང་སོགས་ཉོ་སྒྲུབ་སྡེ་ཚན་གདན་དྲངས་ནས་དཀར་མཛེས་ཁུལ་གྱི་རྩེ་གྲའི་སྤུས་ཀ་ཐོན་རྫས་ལ་ལྟ་སྐོར་དང་གྲོས་དྲིས་ཉོ་སྒྲུབ་བྱས་པར་བརྟེན། ཚོང་པ་ཚོས་ཀྱང་ད་ཐེངས་ཀྱི་འགྲེམས་སྟོན་འདུས་ཚོགས་ཀྱི་ལས་སྟེགས་བརྒྱུད་ནས་ཚོང་ལས་མཉམ་ལས་གསར་སྤེལ་བྱ་རྒྱུའི་རེ་འདུན་བཅངས་པ་རེད།།


  • ལེ་ཚན་སྔོན་མ།:ཐོན་ལས་ལ་བརྟེན་ནས་དམངས་ཕྱུག་ཡོང་བར་སྐུལ་འདེད་བཏང་།
  • ལེ་ཚན་རྗེས་མ།:ལྕགས་ཟམ་རྫོང་གིས་སྟར་ག་ཐོན་ལས་འཕེལ་རྒྱས་བཏང་།
  • དོ་སྣང་ཆེ་བའི་རྩོམ།