ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

སྐལ་ཐུབ་དང་མཁས་གྲུབ། བདེ་ཆེན། དངོས་གྲུབ།        2017-08-14

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

  ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་ལྟ་སྦྱོང་ཚོགས་པའི་གྲུབ་མི་ཚོས་ཚེས9ནས11ཉིན་གྱི་བར་ཉིན3རིང་ལ་རང་ཁུལ་གྱི་དར་མདོ་གྲོང་ཁྱེར་དང་ཉག་ཆུ།ལི་ཐང་། འདབ་པ་རྫོང་བཅས་སུ་ཡུལ་དངོས་རྟོག་ཞིང་བྱས་རྗེས་ཚེས11ཉིན་གྱི་ཕྱི་དྲོར་འདབ་པ་རྫོང་དུ་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོགས་པ་རེད།ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་ཚོགས་ཆེན་དུ་ཞུགས་ཤིང་གསུང་བཤད་གལ་ཆེན་གནང་།

  ཚོགས་ཐོག་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཐོན་ལས་དམངས་ཕྱུག་འཐབ་ཇུས་དང་།ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁང་གིས་གྲོང་ཡུལ་རིམ་སྤོར་འཐབ་ཇུས། ཁུལ་སྲིད་གྲོས་ཀྲུའུ་ཞི་བྱང་ཆུབ་ཀྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཐབ་ཇུས།    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཅང་གིས་དབུལ་སྐྱོར་འགག་སྒྲོལ་འཐབ་ཇུས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལའོ་ཀྲེན་ཧྭ་ཡིས་ཁྲིམས་ལྟར་ཁུལ་སྐྱོང་གི་འཐབ་ཇུས།  ཁུལ་ཨུའི་རྒྱུན་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་ཀྲའོ་པའོ་ཡིས་འགྲིམ་འགྲུལ་སྔོན་སྤེལ་གྱི་འཐབ་ཇུས་བཅས་ལ་སྐུལ་འདེད་བཏང་ཚུལ་གྱི་ཁྱབ་བསྒྲགས་གནང་བར་མ་ཟད་ལས་ཀ་ཁག་གི་ཕྱིན་ཆད་ཀྱི་ལས་འགན་ལ་བཀོད་སྒྲིག་གནང་བ་རེད། དར་མདོ་གྲོང་ཁྱེར་དང་ཉག་ཆུ། ལི་ཐང་། འདབ་པ་རྫོང་བཅས་ཀྱིས་འགན་ཁུར་བས་ཉམས་མྱོང་སྤེལ་རེས་ཀྱི་གཏམ་བཤད་བྱས་པ་རེད།

    སྙན་ཞུ་ལ་གསན་རྗེས་ལིའུ་ཁྲེང་མིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཐེངས་འདིའི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་པར་སྤྱི་ལེ600ལྷག་བསྐྱོད་ཅིང་འཐབ་ཇུས་ཆེན་པོ་དྲུག་གི་ཕྱོགས་སོ་སོའི་ནང་དོན་འདུས་པའི་ལྟ་སྦྱོང་བྱ་ཡུལ17ལ་ཕྱིན་ཡོད་ཅིང་ཚང་མས་རྫོང་དང་གྲོང་ཁྱེར་ཁག་གིས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་ཞིབ་ཕྲ་བྱས་པའི་རྣམ་འགྱུར་དང་ཁྱད་ཆོས་མངོན་གསལ་མཐོང་ཐོས་བྱས་ཡོད་ཅེས་གསུངས།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

    ལིའུ་ཁྲེང་མིང་གིས་བསྟན་དོན། རང་ཁུལ་གྱི་རྫོང་དང་གྲོང་ཁྱེར་ཁ་ཤས་ཀྱིས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་སྐུལ་འདེད་གཏོང་བའི་ཁྲོད་དུ་ད་དུང་གནད་དོན་མི་ཉུང་བ་འདུག་སྟེ། གཅིག་ནི་རྣམ་འགྱུར་བརྟན་པོ་མིན་ཞིང་བྱ་སྤྱོད་མགྱོགས་པོ་མེད་པ་དང་། གཉིས་ནི་ལས་ཀ་དོ་སྙོམས་འཕེལ་རྒྱས་བྱུང་མི་འདུག  གསུམ་ནི་ལས་ཀའི་གཙོ་གནད་བཙལ་ཐུབ་མེད་ཅིང་འགག་གནད་སྒྲོལ་ས་དང་འཇུག་སྒོ་མི་འདུག  བཞི་ནི་ཁྱད་ཆོས་མངོན་གསལ་ཆེན་པོ་རང་མི་འདུག  ལྔ་ནི་སྐྱེ་ཁམས་འཛུགས་སྐྱོང་བྱེད་ཤུགས་ད་དུང་ཇེ་ཆེར་གཏང་དགོས་ཀྱི་འདུག

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།  ཁུལ་ཡོངས་ཀྱིས་ཕྱིན་ཆད་སྔར་ལྷག་གིས་གཙོ་གནད་མངོན་གསལ་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱིས་འཐབ་ཇུས་ཆེན་པོ་དྲུག་སྐུལ་འདེད་གཏང་དགོས་པ་སྟེ། གཅིག་ནི་གནད་སྨིན་ཅན་གྱིས་དབུལ་སྐྱོར་འགག་སྒྲོལ་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། གཉིས་ནི་རྒྱུན་རྣམ་ཅན་གྱིས་ཁྲིམས་ལྟར་ཁུལ་སྐྱོང་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། གསུམ་ནི་ཁྲོམ་ར་ཅན་གྱིས་དམངས་ཕྱུག་ཐོན་ལས་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། བཞི་ནི་ཞིབ་ཐོ་ཅན་གྱིས་འགྲིམ་འགྲུལ་སྔོན་སྤེལ་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། ལྔ་ནི་ཚད་གཞི་ཅན་གྱིས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས། དྲུག་ནི་འགོ་ཁྲིད་མ་ལག་དང་ལས་རིགས་ཅན་གྱིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་འཐབ་ཇུས་ལ་སྐུལ་འདེད་གཏང་དགོས།

 གཅིག

འདབ་པ་རྫོང་བཅིངས་འགྲོལ་འདམ་རའི་སྤྱི་གླིང་།

   སྔ་དྲོའི་ཆུ་ཚོད8པ་ཙམ་ལ་ལྟ་སྦྱོང་ཚོགས་པ་འདབ་པའི་བཅིངས་འགྲོལ་འདམ་རའི་སྤྱི་གླིང་དུ་འབྱོར་བ་དང་། རི་ལྡེབས་ནས་འདབ་པ་རྫོང་མཁར་ཧྲིལ་པོ་མིག་ལམ་དུ་མངོན་ཐུབ། རི་ལ་ཤིང་འཛུགས་པ་དང་ལམ་འགྲམ་ལ་མེ་ཏོག་བཏབ་པ། གཙང་ཆུ་མཚེའུ་བསྒྱུར་བ་སོགས་ཀྱིས་ང་ཚོའི་ཕ་ཡུལ་ཇེ་ལེགས་ཇེ་མཛེས་སུ་འགྲོ་ཁོ་ཐག་རེད་ཅེས་ལྟ་སྦྱོང་ཚོགས་པའི་ཁོངས་མི་ཞིག་གིས་སྤྲོ་བའི་ཉམས་དང་བཅས་དེ་ལྟར་བཤད། ཁུལ་ཡོངས་ཀྱི་གཞི་ཁྱོན་ཆེ་བའི་སྔོ་འགྱུར་བྱ་སྤྱོད་ཁྲོད་དུ་འདབ་པ་རྫོང་གིས་ཧུར་ཐག་གིས་ནགས་ལས་ཀྱི་གཙོ་གནད་ལས་གཞི་འཛུགས་སྐྲུན་དང་ཤིང་ནགས་གཅོད་མཚམས་བཞག་ཅིང་། དབུལ་ཐར་འགག་སྒྲོལ་དང་ས་ཁོངས་རིག་གནས་ཟུང་འབྲེལ་དམ་ཟབ་བྱས་པ་དང་། འདབ་པ་རྫོང་འཕེལ་སྒྱུར་ཅུས་ཀྱིས་རྒྱབ་རིར་པདྨའི་རིས་ཅན་གྱི་སྐྱེ་ཁམས་ནགས་ཚལ་དང་མཛེས་ལྗོངས་ནགས་ཚལ་མུའུ700འཛུགས་གྲུབ་བྱུང་བས་དོན་དང་མཐུན་པའི་བཀོད་སྒྲིག་དང་གསོན་ཉམས་ལྡན་པའི་མཛེས་རིས་ཤིག་ཏུ་གྱུར།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

  ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་འདབ་པ་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ཀྱིས་རྫོང་མཁར་ཧྲིལ་པོར་དེ་བས་གསོན་ཉམས་ལྡན་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་འཛུགས་སྐྱོང་ལ་བརྟེན་ནས་འདབ་པའི་ས་བབ་མཐོ་ལ་གསོ་རླུང་མི་འདང་བ་ཞི་ལྷོད་དུ་སོང་བའི་ཕན་པ་ཐོབ་ཡོད་ལ། འདབ་པས་ད་དུང་ཡུལ་བབ་དང་བསྟུན་ནས་མུ་མཐུད་དེ་གྲོང་ཁྱེར་མཛེས་བཟོ་དང་། འཚོ་སྡོད་དང་འཚམ་པའི་ཁོར་ཡུག་བསྐྲུན་དགོས་ཞེས་གསུངས།

གཉིས།

འདབ་པ་རྫོང་དབང་ཆུ་ཤང་།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

  སྔ་དྲོའི་ཆུ་ཚོད9པ་ཡོལ་ཙམ་ལ་ལྟ་སྦྱོང་ཚོགས་པ་འདབ་པ་རྫོང་གྲོང་དང་བར་ཐག་སྤྱི་ལེ་6ཡོད་པའི་དབང་ཆུ་ཤང་དུ་འབྱོར། དབང་ཆུ་ཤང་གི་མཛེས་སྡུག་ཡིད་དབང་འཕྲོག་པའི་རྩྭ་ཐང་གི་མཛེས་ལྗོངས་ནི་རང་བྱུང་ཁམས་ཀྱི་གནང་བ་མཆོག་གྱུར་ཞིག་ཡིན་ལ། དེ་ཡང་གནད་དོན་གྱིས་ཕྱོགས་སྟོན་བྱ་རྒྱུར་མཐའ་འཁྱོངས་དང་། ཏན་ཏིག་གིས་ལས་དོན་ཁག་ཁྲིམས་ལྟར་བཅོས་སྐྱོང་བྱས་པའི་གྲུབ་འབྲས་ཀྱང་ཅི་ལ་མིན།2015ལོ་དང2016ལོར་དབང་ཆུ་ཤང་ཁུལ་ཡོངས་ཀྱི་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་སུ་བདམས་པ་དང་། 2016ལོར་རྫོང་ཡོངས་ནས་ཁྲིམས་ལྟར་རྫོང་སྐྱོང་བྱེད་པའི་སྔོན་ཐོན་ཚོགས་པ་རུ་བདམས་པ་རེད།

གསུམ།

འདབ་པ་རྫོང་ཕུ་ཡག་གྲོང་།

   ལྟ་སྦྱོང་ཚོགས་པ་རྫོང་གྲོང་ནས་སྐར་མ་བཅོ་ལྔ་ཙམ་བསྐྱོད་རྗེས་དབང་ཆུ་ཤང་གི་ཕུ་ཡག་གྲོང་ཚོར་འབྱོར། ན་ནིང་ལ་ཆ་བཞག་ནས་བཤད་ན་རྫོང་མཁར་དང་བར་ཐག་སྤྱི་ལེ་ཉི་ཤུ་ཙམ་ལས་མེད་པའི་ཕུ་ཡག་གྲོང་ཚོའི་འགྲིམ་འགྲུལ་མི་བདེ་ཞིང་ལམ་ཐག་དེ་ཙམ་ལ་ཆུ་ཚོད་གཅིག་ལྷག་གི་དུས་ཚོད་འགོར་བ་རེད།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

  གནད་དོན་དེ་ཐག་གཅོད་བྱ་ཆེད་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱིས་མཐུན་སྦྱོར་ཧུར་ཐག་བྱས་པར་བརྒྱུད་ཞིང་ཆེན་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་དང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་སོགས་ཀྱིས་མཉམ་དུ་མ་དངུལ་སྒོར་ཁྲི400ལྷག་བཏང་ནས་ཕུ་ཡག་གྲོང་ཚོའི་བགྲོད་ལམ་འཛུགས་སྐྲུན་བྱས་པ་དང་། ན་ནིང་ཟླ10པར་ལས་མཇུག་གྲུབ་ནས་གྲོང་མིའི་ལམ་བགྲོད་དཀའ་བ་སོགས་ཀྱི་གནད་དོན་རབ་དང་རིམ་པ་ཐག་གཅོད་བྱས་པ་རེད།

བཞི།

འདབ་པ་རྫོང་ཚེ་རོགས་ཤང་བཙལ་སྡེ་གྲོང་ཚོ།

   ལྟ་སྦྱོང་ཚོགས་པ་ཕུ་ཡག་གྲོང་ཚོ་ནས་ཚེ་རོགས་ཤང་བཙལ་སྡེ་གྲོང་ཚོར་འབྱོར། བཙལ་སྡེ་གྲོང་ཚོར་ཆ་བཞག་ནས་བཤད་ན། སྔོན་མར་འགྲིམ་འགྲུལ་སྟབས་བདེ་མེད་པས་ཕྱི་ཕྱོགས་སུ་བགྲོད་པར་ཧ་ཅང་དཀའ་ཚེགས་ཆེ་བ་རེད། ང་དང་ངའི་ཡབ་མེས་ཚོས་རྫ་བཟོའི་སྣོད་ཆས་དག་འབྲུ་རིགས་ཐོན་འབབ་ཆེ་བའི་ས་ཁུལ་དུ་ཁྱེར་ནས་བཟའ་འབྲུ་དང་བརྗེས་བ་དང་། རྗེས་ནས་སི་ཁྲོན་དང་ཡུན་ནན། བོད་ལྗོངས་སོགས་སུ་རྫ་སྣོད་ཕྱིར་འཚོང་གི་ཁྱབ་རྒྱ་ཆེ་རུ་སོང་བས་འཚོ་བའི་ཐད་ནས་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ཅེས་ཨ་སྐྱིད་རྫ་ཆས་ཀྱི་ལག་ཤེས་བ་ཞིག་གིས་ལྟ་སྦྱོང་ཚོགས་པར་དེ་ལྟར་ངོ་སྤྲོད་བྱས།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

   རྫ་ཆས་བཟོ་ལས་ནི་ཚེ་རོགས་ཤང་བཙལ་སྡེ་གྲོང་ཚོས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་ཡས་ཀྱི་རྒྱུ་ཆ་གཙོ་གྲས་ཤིག་ཡིན་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོ་དེས་ད་དུང་ཏང་འཛུགས་སྐྱོང་དང་དམངས་འཚོ་ལེགས་བཅོས་མཉམ་འབྲེལ་ལག་བསྟར་བྱས་ནས་ཏང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱ་རྒྱུ་དང་དབུལ་སྒྲོལ་ལ་སྐུལ་འདེད་གཏོང་བ་དང་ཡག་པོ་བཞིའི་གྲོང་སྡེ་འཛུགས་སྐྱོང་བྱས་ཏེ་འབྱོར་འབྲིང་དུ་སླེབས་པའི་དབུལ་ཐར་འགག་སྒྲོལ་གྱི་ཐབས་ལམ་ཡག་པོ་འཚོལ་བ་རེད།

ལྔ།

འདབ་པའི་ཉི་སྟེན་འཁྲབ་རྩལ་ལྟེ་གནས།

   སྔ་དྲོའི་ཆུ་ཚད11སྐབས་ལ། ལྟ་སྦྱོང་ཚོགས་པ་འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱི་ཤམ་བྷ་ལ་འཁྲབ་རྩལ་ལྟེ་གནས་སུ་འབྱོར། འཁྲབ་རྩལ་ལྟེ་གནས་ཀྱི་ཕྱི་ཡི་བཟོ་བཀོད་ལེགས་པོ་དང་ནང་གི་སྒྲིག་ཆས་ཆ་ཚང་བས་ལྟ་སྦྱོང་ཚོགས་པའི་གྲུབ་མི་ཡོངས་ཀྱི་ཡིད་དབང་རབ་ཏུ་འཕྲོག་པ་རེད།

ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།

  ཤེས་རྟོགས་བྱུང་བར་གཞིགས་ན། གླུ་གར་ཆེ་གྲསཉི་སྟེན་རིགས་གསུམ་མགོན་པོནི་ཁུལ་མི་རིགས་གླུ་གར་ཚོགས་པས་གསར་རྩོམ་བྱས་ཤིང་། ཟློས་གར་གྱི་འཁྲབ་ཚན་འདིར་ཚན་རིག་ལག་རྩལ་མཐོ་ཤོས་ཀྱི་སྒྲ་འོད་གློག་གསུམ་གྱི་ལག་རྩལ་བེད་སྤྱོད་ཞིང་། ཚད་མཐོན་པའི་ས་ཁོངས་རང་བཞིན་དང་མི་རིགས་རང་བཞིན། སྒྱུ་རྩལ་རང་བཞིན། བསམ་བློ་རང་བཞིན། སྤྱན་གཟིགས་རང་བཞིན་སོགས་ཡོད་པས་ཉི་སྟེན་རིགས་གསུམ་མགོན་པོའི་རིག་གནས་དང་དམངས་སྲོལ་རིག་གནས། རང་བྱུང་མཛེས་ལྗོངས་བཅས་མངོན་གསལ་གང་ལེགས་བྱས་པར་མ་ཟད།   སྔགས་གླུ་འཇམ་ལེན་བྱེད་པ་སོགས་སྣ་མིན་སྣ་ཚོགས་ཀྱི་སྒྱུ་རྩལ་བྱེད་ཐབས་བཀོལ་ནས་ཉི་སྟེན་རིག་གནས་དང་མཛེས་ལྗོངས་ཁྱོན་ཡོངས་ནས་བསྟན་པས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བས་བོད་མི་རིགས་ཀྱི་རིག་གནས་ལ་ཤེས་རྟོགས་གཏིང་ཟབ་འབྱུང་དུ་འཇུག་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འཁྲབ་ཚན་འདི་ཟླ་བ8པའི་ཚེས12ཉིན་གྱི་དགོང་མོའི་ཆུ་ཚོད20པར་ཐེངས་དང་པོར་འཁྲབ་སྟོན་བྱ་རྒྱུ་རེད།།


  • ལེ་ཚན་སྔོན་མ།:འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།
  • ལེ་ཚན་རྗེས་མ།:2017ལོའི་འདབ་པའི་ཉི་སྟེན་སྟོན་མཆོད་དུས་ཆེན།
  • དོ་སྣང་ཆེ་བའི་རྩོམ།