འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

ཐུབ་བསྟན་དང་མཁས་གྲུབ། མིག་དམར། བདེ་ཆེན། དངོས་གྲུབ།        2017-08-14

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

     ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་སྣེ་ཁྲིད་གནང་བའི་ཁུལ་ཡོངས་ཀྱི་འཐབ་ཇུས་ཆེན་པོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་ལྟ་སྦྱོང་ཚོགས་པའི་གྲུབ་མི་ཡོངས་རང་ཁུལ་ཉག་ཆུ་རྫོང་ཧོར་ལུང་གྲོང་རྡལ་མཚོ་ཁོག་གྲོང་སྡེ་གཉིས་པ་དང་། ལི་ཐང་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བཀོད་འདོམས་ལྟེ་གནས་དང་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དང་། འདབ་པ་རྫོང་གི་ཉི་སྟེན་འཁོར་གཏོང་སྒར་ས་སོགས་སུ་ཕྱིན་ནས་འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་ཚུལ་དང་ཐོབ་པའི་གྲུབ་འབྲས་ལ་རྒྱུན་ལོན་ཞིབ་ཕྲ་བྱས་པ་རེད། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུབ་བྱེད་སྒོར་ཞུགས་ཡོད། ཚེས11ཉིན་ལ་འདབ་པ་རྫོང་དུ་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་འཚོག་རྒྱུ་རེད།

གཅིག

ཉག་ཆུ་རྫོང་ཧོར་ལུང་གྲོང་རྡལ་མཚོ་ཁོག་གྲོང་སྡེ་གཉིས་པ།

  ལྟ་སྦྱོང་ཚོགས་པ་ཞོགས་པའི་ཆུ་ཚོད10པར་ཉག་ཆུ་རྫོང་ཧོར་ལུང་གྲོང་རྡལ་མཚོ་ཁོག་གྲོང་སྡེ་གཉིས་པར་སླེབས་ཤིང་། གྲོང་སྡེ་འདིའི་ཁྱད་ཆོས་ནི་སྔོ་ཚལ་སོ་མ་དང་ཁྱད་ཆོས་ལྡན་པའི་འོ་ལས་ཐོན་རྫས་ལ་བརྟེན་ནས་དབུལ་སྐྱོར་འགག་སྒྲོལ་གྱི་ཐབས་ལམ་གསར་གཏོད་བྱས་པ་དེ་རེད། གྲོང་སྡེའི་མཉམ་ལས་ཁང་གིས་རྩྭ་ར་མུའུ་ཁྲི3ལ་ཉེ་བ་སྤྱད་དེ་དབྱར་དུས་བདའ་གསོ་དང་དགུན་དུས་ལྷས་གསོ་བྱས་ནས་འབྲོག་པའི་བསམ་བློ་འདུ་ཤེས་རིམ་བཞིན་འགྱུར་བར་སྐུལ་ཁྲིད་བྱས་ཏེ་ནོར་ཕྱུགས་བཤས་ཁོངས་སུ་མི་གཏོང་བའི་གནད་འགག་སེལ་ཡོད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

     དུས་མཚུངས་སུ་སྲིད་གཞུང་གིས་རོགས་སྐྱོར་བྱ་རྒྱུ་དང་ཁ་གཏད་བྱ་ཡུལ་གྱིས་རོགས་སྐྱོར་བྱ་རྒྱུ། སྡེ་ཚན་གྱིས་རོགས་སྐྱོར་བྱ་རྒྱུ། འབྲོག་དམངས་རྐང་ཞུགས་བྱ་རྒྱུ་བཅས་ཀྱི་མ་དངུལ་གསོག་འཇོག་བྱེད་ཐབས་བརྒྱུད་ནས་མ་དངུལ་མི་འདང་བའི་དཀའ་ངལ་སེལ་ཐབས་བྱས་པ་རེད། མར་དང་ཆུར་བ། ཚགས་ཤ་སོགས་ཡུལ་ཐོན་ཁྱད་རྫས་བཙོང་ནས་ས་གནས་དེ་གའི་ཡུལ་མིའི་ཡོང་འབབ་འཕར་སྣོན་ཡོང་བ་རེད།

གཉིས།

ལི་ཐང་རྫོང་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས།

   སྔ་དྲོའི་ཆུ་ཚོད11ཡོལ་ཙམ་ལ་ལྟ་སྦྱོང་ཚོགས་པ་ལི་ཐང་རྫོང་སྤྱི་བདེ་ཅུས་ཀྱི་བཀོད་འདོམས་ལྟེ་གནས་སུ་སླེབས་ཤིང་། ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་སྤྱི་བདེ་ཅུས་ཀྱིས་གྲངས་གཞིའི་ཆ་འཕྲིན་ཅན་དུ་འགྱུར་བའི་སྣེ་ཁྲིད་བྱེད་པའི་ལས་ཀའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། རྫོང་ཧྲིལ་པོར་དྲྭ་མིག229རུ་དབྱེ་ཡོད་ཅིང་།དེའི་ནང་ནས་གྲོང་ཁུལ་དུ་དྲྭ་མིག27དང་ཆེད་ལས་གཅིག་ལྕོགས་ཀྱི་དྲྭ་མིག་དོ་དམ་ཞབས་ཞུ་བ315དང་དྲྭ་མིག་མཐུན་སྦྱོར་དོ་དམ་པ241བཅས་བཀོད་སྒྲིག་བྱེད། གོ་རྟོགས་གོང་ཞུ་དང་བདག་སྤྲོད་ཁག་བགོས། ཞིབ་བཤེར་ཐག་གཅོད། རྗེས་སྙེག་ཐག་གཅོད། དོན་རྐྱེན་ལྡོག་འདྲེན། གྱོད་ཐག་ཡིག་ཚགས་སུ་ཉར་བ་བཅས་བརྒྱུད་རིམ་དྲུག་བཙུགས་པས། གློག་མིག40ཡི་བརྙན་ལམ་ལྟ་སྐུལ་ཚོད་འཛིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས།  ལི་ཐང་རྫོང་གིས་དྲྭ་མིག་ཅན་གྱི་དོ་དམ་ལས་གཞིའི་ཁྲོད་ཆ་ཚང་ཞིང་མགྱོགས་པ་དང་ཕུན་སུམ་ཚོགས་པའི་སྒོ་ནས་སྤྱི་ཚོགས་ཀྱི་རྒྱུན་རྣམ་ཅན་དུ་འགྱུར་བར་བཅོས་སྐྱོང་སྐུལ་འདེད་བྱས་པ་ལས་ཐོབ་པའི་ཕན་འབྲས་བཟང་པོར་ལྟ་སྦྱོང་ཚོགས་པའི་ཁོངས་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་ཅིང་། དེའི་འཕྲོར། ཡང་བཀོད་འདོམས་ཚོམས་ཆེན་དུ་འཁྲུག་ཆ་དོད་པོས་ནང་སྦྱོང་བྱེད་པར་བལྟས་པ་རེད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

       ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ངོ་སྤྲོད་བྱས་པར་ཉན་རྗེས་བསྟན་དོན། རྫོང་ཁག་སོ་སོས་ནན་ཏན་གྱིས་ལི་ཐང་རྫོང་སྤྱི་ཚོགས་དྲྭ་མིག་ཅན་གྱི་དོ་དམ་ཐད་ཀྱི་ཡང་དག་པའི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་བསམ་བློ་བརྗེ་རེས་བྱ་དགོས། ཁོང་གིས་རང་ཁུལ་གྱི་སྤྱི་ཚོགས་བཅོས་སྐྱོང་རྒྱུན་རྣམ་ཅན་གྱི་ལས་དོན་དེ་སྔར་བས་དེང་རབས་ཅན་དུ་འགྱུར་བའི་ཆ་འཕྲིན་ལག་རྩལ་སྤྱོད་ཤུགས་ཆེ་རུ་བཏང་སྟེ། དེང་རབས་ཅན་གྱི་དོ་དམ་བྱེད་སྟངས་དེ་མེད་པ་ནས་ཡོད་པར་བྱ་དགོས་ལ། ཚོད་ལྟ་བྱེད་པ་ནས་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་མངོན་འགྱུར་བྱ་དགོས།

གསུམ།

ལི་ཐང་རྫོང་གེ་སར་ཐང་ཆེན།

   ཕྱི་དྲོའི་དུས་ཚོད13ཡོལ་ཙམ་ལ་ལྟ་སྦྱོང་ཚོགས་པ་ལི་ཐང་རྫོང་གེ་སར་ཐང་ཆེན་དུ་འབྱོར། ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་ནི་དར་མདོའི་ལྷོ་ཕྱོགས་ཀྱི་འགྲིམ་འགྲུལ་ལྟེ་བའི་གནས་སུ་གཞི་ཚུགས་པའི་དགེ་མཚན་དང་། ཁམས་ལྷོའི་ལྟེ་གནས་གྲོང་ཁྱེར་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་འཚོ་སྡོད་ཅན་གྱི་རྣམ་པ་བསྐྲུན་པའི་དམིགས་འབེན་ལ་གཞིགས་ནས་གྲོང་ཡུལ་རིམ་སྤོར་འཐབ་ཇུས་ལས་ཀའི་ལམ་སྲོལ་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀ་སྤེལ་བ་རེད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

    བཅོས་སྒྲིག་བྱེད་རིང་སྒོ་འགྲམ་གྱི་འགན་ལེན་ལྔའི་ཁས་ལེན་ལམ་ལུགས་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་འཕྲོད་བསྟེན་དང་བུད་མེད་ཤེས་དཔལ་ཁ་ཏ་མཛུབ་སྟོན་རུ་ཁག ལས་འཁྱུར་ངལ་གསོ་པའི་འཕྲོད་བསྟེན་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཅས་བཙུགས་ནས་གཙང་མར་ཕྱགས་པ་དང་དྲུག་འཁྲུད་གཅིག་ཕྱགས་གཅིག་ལེགས་སྒྲིག་ཅེས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་གྲོང་ཁུལ་གྱི་གད་སྙིགས་ཕོ་བའི་དུས་ཚོད་དང་ས་གནས་གཏན་འཁེལ་བྱས་ནས་བསྡུ་རུབ་བྱེད་པ་དང་། གཅིག་བསྡུས་ཐག་གཅོད་བྱེད་པས་ཕན་འབྲས་མངོན་གསལ་ཐོབ་ཡོད།

     གཞུང་གསུམ་འཕྲེད་གཅིག་གི་ཁྲོམ་གཞུང་གཙོ་བོའི་སྤྱིའི་རིང་ཚད་སྤྱི་ལེ6.8ཡོད། དེའི་ནང་ཁྲུང་ཁྲུང་ལམ་ཆེན་གྱི་ཤར་རྒྱུད་སོགས་གཞུང་ལམ་གྱི་གཡས་གཡོན་དང་། སྡོང་པོ་དང་རྫིང་བུ437སྔོ་འགྱུར་མཛེས་བཟོ་ལེགས་གྲུབ་བྱུང་བར་མ་ཟད། དེ་དང་བསྟུན་ནས་གྲོང་སྲིད་ཆ་སྦྱོར་སྒྲིག་ཆས་བཙུགས་ཤིང་། འབར་རླངས་མདོང་ལམ་སྔ་ས་ནས་ས་འོག་ཏུ་སྦས་པ་དང་། ཆར་ཆུའི་སྦགས་བཙོག་ཁག་བགོས་བ་སོགས་མངོན་འགྱུར་བྱུང་། གེ་སར་རྒྱལ་པོའི་ཐང་ཆེན་ནི་རྫོང་མཁར་གྱི་རྒྱ་ཆེ་བའི་མང་ཚོགས་ལ་སྤྲོ་གསེང་རོལ་རྩེད་དང་རིག་གནས་སྤེལ་རེས། ལུས་སྦྱོང་ཉེན་གཡོལ་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་གནས་ཡུལ་ཞིག་གྱུར་པ་རེད།

བཞི།

ལི་ཐང་རྫོང་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་།

    ཕྱི་དྲོའི་ཆུ་ཚོད14པར་ལྟ་སྦྱོང་ཚོགས་པ་ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་དུ་འབྱོར།ཁམས་བོད་ཉི་འོད་ཞིང་འབྲོག་ལས་ཀྱི་ཚན་རྩལ་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལི་ཐང་དུ་འཕེལ་རྒྱས་གཏོང་བའི་ས་མཐོའི་ཁྱད་ལྡན་ཞིང་ལས་ལྟ་སྦྱོང་ཚོགས་པའི་མིག་ལམ་དུ་མངོན་འཇུག་པ་དང་། ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཀྱི་མ་དཔེ་འདོན་སྤྲོད་བྱས་པ་རེད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

     ལིའུ་ཁྲེང་མིང་གིས་བསྟན་དོན། སྤྱི་གཉེར་ཁང་གིས་རིགས་མང་འདེམས་གསོ་བྱས་པ་དང་ཐོན་སྐྱེད་འདེབས་འཛུགས་བྱས་པ། ཚོང་རྟགས་གྲགས་ཅན་གྱི་སྣང་བརྙན་གསར་བཞེངས་བྱས་པ་དང་ཚོང་རའི་རྒྱ་ཁྱབ་ཆེ་རུ་བཏང་བར་ཆ་ཚང་བའི་ཐོན་སྐྱེད་དང་ཕྱིར་འཚོང་གི་ཐོན་ལས་མཉམ་སྦྲེལ་གྱི་བསྟར་ཕྲེང་དེས་རང་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཐད་མིག་དཔེ་ཧ་ཅང་བཟང་པོ་ཞིག་སྟོན་པ་རེད།

     ཁོང་གིས་རྫོང་ཁག་སོ་སོས་རང་ངོས་ཀྱི་དོན་དངོས་ལ་གཞིགས་ཏེ་སྐྱེ་འཚར་དང་འཚམ་པའི་ཐོན་ལས་སྤེལ་ནས་ཁྱད་ཆོས་ལྡན་པའི་ཞིང་ལས་འཕེལ་རྒྱས་གཏང་དགོས་ཞེས་པའི་བླང་བྱ་བཏོན་པ་དང་། ཁོང་གིས་མིག་སྔར་རང་ཁུལ་གྱི་དེང་རབས་ཞིང་ལས་ཀྱི་གཞི་ཁྱོན་ཆགས་མེད་པས་རིམ་ཁག་དང་སྡེ་ཚན་སོ་སོས་སློབ་སྦྱོང་སྤེལ་རེས་བྱེད་པར་ཤུགས་རྒྱག་རྒྱུ་དང་། མང་ཚོགས་རྩ་འཛུགས་དང་སྐུལ་སློང་བྱ་རྒྱུར་དོ་སྣང་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་སྒྱུར་ཡོང་བར་སྣེ་ཁྲིད་བྱ་དགོས་ཞེས་ནན་གསུང་གནང་།

     ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་གཉེར་ཁང་གིས་ཞིང་ལས་རྩེ་གྲ་གཏོད་རྒྱུ་གཙོ་བོ་བཟུང་ནས་པེ་ཅིང་དང་ཧྲང་ཧེ། ཀོང་ཀྲོའུ། ཞང་ཀང་དང་ཨའོ་མོན། ཐའེ་དབན་སོགས་སུ་བྲིན་ཚོང་བྱུང་བ་རེད།

ལྔ།

ལི་ཐང་རྫོང་ཚོ་གསུམ་ཤང་ལྷ་མགོ་གྲོང་ཚོ།

     ཕྱི་དྲོའི་ཆུ་ཚོད16སྟེང་ལྟ་སྦྱོང་ཚོགས་པ་ལི་ཐང་རྫོང་ཚོ་གསུམ་ཤང་ལྷ་མགོ་གྲོང་ཚོར་སླེབས་པ་རེད།

    ཁོད་སྙོམས་པའི་གཞུང་ལམ་ཁྱིམ་ཚང་ཚང་མའི་བར་དུ་ཤར་གཏོང་ཐུབ་པ་དང་། ཁྱད་ཆོས་ལྡན་པའི་བོད་ཁྱིམ་སྣེ་ལེན་ཁང་དང་རླངས་འཁོར་འཇོག་ར་སོགས་ཁྱིམ་གཞིས་སྔར་བས་མཛེས་པ་དང་རྨང་གཞིའི་སྒྲིག་བཀོད་སྔར་བས་འཐུས་ཚང་དུ་སོང་བ། ཐོན་ལས་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་བུ་དེ་བས་ཇེ་ཡངས་སུ་ཕྱིན་པ་རེད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

ལྟ་སྦྱོང་ཚོགས་པ་ལྷ་མགོ་མེ་ཏོག་གྲོང་ཚོའི་ཡུལ་སྐོར་ཞབས་ཞུའི་ཚད་ཡོད་སྤྱི་གཉེར་ཁང་དང་ལྷ་མགོ་མེ་ཏོག་གྲོང་ཚོའི་སྤྱི་གནོད་མེད་པའི་སྔོ་ཚལ་འདེབས་འཛུགས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་སོང་བ་ན། རང་བྱུང་སྐྱེ་ལྡན་གྱི་སྔོ་ཚལ་དང་ཤིང་ཏོག་སྣ་མའི་དྲི་བསུང་ཀུན་ཏུ་ཁྱབ།ཤེས་རྟོགས་བྱུང་བར་གཞིགས་ན། ལི་ཐང་རྫོང་ཚོ་གསུམ་ཤང་ལྷ་མགོ་གྲོང་ཚོའི་གྲོང་མི་རྣམས་ལ་ཡུལ་སྐོར་འདེབས་འཛུགས་ཀྱི་ཐོན་ལས་གཉིས་ཀྱི་དངོས་ཕན་ཐོབ་པ་དང་། ཐུན་མོང་དཔལ་འབྱོར་གྱིས་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར2900 འཕར་དུ་འཇུག་པ་རེད།

དྲུག

འདབ་པ་རྫོང་གསུམ་འདུས་གྲོང་རྡལ་རྒྱས་གཞི་གྲོང་གི་འདམ་ར་སྤྱི་གླིང་།

  ཕྱི་དྲོའི་ཆུ་ཚོད5པའི་སྟེང་ལྟ་སྦྱོང་ཚོགས་པ་འདབ་པ་རྫོང་གསུམ་འདུས་གྲོང་རྡལ་རྒྱས་གཞི་གྲོང་གི་འདམ་ར་སྤྱི་གླིང་དུ་འབྱོར་བ་དང་། འདམ་ར་སྤྱི་གླིང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་ཀར་ལྟ་སྦྱོང་བྱེད།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

    རྒྱ་ཁྱོན་མུའུ1260ཡོད་པའི་འདམ་ར་སྤྱི་གླིང་ནང་རྩྭ་ལྗང་གི་མགོ་ལྕོག་ལྡེམ་ཞིང་གཡུ་མདོག་གིས་རབ་ཏུ་བརྒྱན་པས་ལྟ་སྦྱོང་ཚོགས་པའི་ཡིད་དབང་ངང་གིས་འཕྲོག་པ་དང་། ཁོ་ཚོས་ལོ་གསུམ་ཡས་མས་ཀྱི་མེ་ཏོག་གསོ་སྤེལ་བྱས་པར་བརྒྱུད། ཡུལ་སྐོར་ཞབས་འདེགས་སྒྲིག་ཆས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། ས་ཁུལ་འདི་ཤང་དང་སྡེ་ཁུལ། གྲོང་གསེབ་བཅས་ཀྱི་མཛེས་ལྗོངས་ཁུལ་ཞིག་ཏུ་གྱུར་བས་ཞིང་འབྲོག་མི་དམངས་ཀྱི་འཚོ་བ་འབྱོར་འབྲིང་གི་ཕྱོགས་སུ་མྱུར་བར་སླེབས་པར་ཡིད་ཆེས་རབ་ཏུ་ཁེངས།

བདུན།

བསམ་དོན་འགྲུབ་པའི་ཉི་སྟེན་འཁོར་གཏོང་སྒར་ས།

འདམ་ར་སྤྱི་གླིང་ལྟ་སྐོར་བྱེད་ཚར་རྗེས། ལྟ་སྦྱོང་ཚོགས་པ་བསམ་དོན་འགྲུབ་པའི་ཉི་སྟེན་འཁོར་གཏོང་སྒར་སར་སླེབས། ཤེས་རྟོགས་བྱུང་བར་གཞིགས་ན། འཁོར་གཏོང་སྒར་སའི་རྒྱ་ཁྱོན་མུའུ50ཡས་མས་ཡོད་ཅིང་།

འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན་གྱི་འཕྲིན་གསར།

  རང་སྐོར་གྱི་རིག་གནས་བརྗོད་བྱ་གཙོ་བོར་བྱས་ནས་མགྲོན་ཁང་དང་ཟས་ཁང་། བག་ཕེབས་རོལ་རྩེད་སོགས་ནུས་མང་ཀུན་འཛོམས་ཀྱི་སྤྲོ་གསེང་གཏོང་བའི་སྒར་ས་ཞིག་ཡིན་པ་རེད། དེས་ལྟ་སྦྱོང་ཚོགས་པ་རྣམས་ལ་གདོད་མའི་སྐྱེ་ཁམས་ཀྱི་ཚོར་ཉམས་ཤིག་དང་རང་བྱུང་ཁམས་སུ་སོས་དལ་བག་ཕེབས་ཀྱི་ཚོར་བ་ཞིག་ངང་གིས་སྟེར་བར་བྱས།


  • ལེ་ཚན་སྔོན་མ།:ཧྲུའུ་ཅིའི་འཐབ་ཇུས་ཆེན་པོ་དྲུག་གི་ལྟ་སྦྱོང་བྱ་ཡུལ་གྱི་གསུང་བྱ།
  • ལེ་ཚན་རྗེས་མ།:ཁུལ་ཡོངས་ཀྱི་འཐབ་ཇུས་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་ཆེན།
  • དོ་སྣང་ཆེ་བའི་རྩོམ།