གཞིས་ཆགས་ཡུལ་སྐོར་འཚམ་པའི་ཡུལ་ལྗོངས་མཛེས།། ཐོན་ལས་དར་རྒྱས་བྱུང་ནས་འཚོ་བ་སྐྱིད།།

ལྷ་འཛོམས་ཀྱིས་བསྒྱུར།        2020-06-15

     

གཞིས་ཆགས་ཡུལ་སྐོར་འཚམ་པའི་ཡུལ་ལྗོངས་མཛེས།། ཐོན་ལས་དར་རྒྱས་བྱུང་ནས་འཚོ་བ་སྐྱིད།།

མཚོ་གཉིས་གྲོང་སྡེ།

   ན་ནིང་ལོའི་སྤྱི་ཟླ12པའི་ཚེས5ཉིན་དར་མདོའི་རི་དཀྱིལ་ཐང་ཆེན་དུ་མི་ཡིས་གང་ནས་སྤྲོ་དགས་ཁེངས་བཞིན་འདུག 2019ལོའི་ཀྲུང་གོ·དར་མདོའི་གྲོང་སྡེ་ཡུལ་སྐོར་དུས་ཆེན་སྐབས་དང་པོའི་རིག་རྩལ་འཁྲབ་སྟོན་དེ་གྲོང་སྡེ་དེར་ངོ་མཚར་ཆེ་བའི་ངང་འཁྲབ་སྟོན་བྱས་ཤིང་། གྲོང་མི་དབྱང་ལིན་ཀྲིན་གྱིས་བྲེལ་འཚུབ་ངང་ཡུལ་སྐོར་བ་སྣེ་ལེན་བྱེད་ཞོར་གསར་འགོད་པར་ངེད་ཚང་གི་སྒོ་ར་དེ་གྲོང་སྡེའི་མཉམ་ལས་ཁང་ལ་བོགས་མར་བཏང་ཡོད། མཉམ་ལས་ཁང་གིས་གཅིག་བསྡུད་ཀྱིས་བསྐྲུན་རྗེས་ལོ་རེར་བོགས་གཏོང་གླ་དངུལ་སྒོར5000སྟེར་བྱུང་། གཞན་ཡང་ང་ཚོ་དེའི་ནང་ཞོར་ལས་འགྲོ་བ་དང་དུས་རྒྱུན་སིལ་ཏོག་སྣ་ཚོགས་འཚོང་རྒྱུ་ཡོད་པས། ད་ལོར་ཡོང་འབབ་སྒོར་ཁྲི་ཁ་ཤས་རག་བྱུང་ཞེས་བཤད་པ་རེད།

    རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་སྨད་རྒྱུད་ཀྱི་སྤྱི་ལེ30ཙམ་གྱི་སར་ལྕགས་ཟམ་རྫོང་མཚོ་གཉིས་གྲོང་སྡེར་ཁམ་བུ་མང་པོ་བཏགས་ནས་ཁམ་སྡོང་ཡལ་གས་མི་ལྕོགས་པའི་རྣམ་པར་གྱུར། དེ་ནི་ལིའུ་ཏའེ་ལུན་གྱིས1988ལོ་ནས་ཁམ་བུ་མུའུ12འདེབས་འཛུགས་བྱས་ཏེ། ལོ་རེར་མུའུ་རེའི་ཐོན་ཚད་རྒྱ་མ5000ལ་ཟིན་པས་ཡོང་འབབ་སྒོར་ཁྲི20ལྷག་ཙམ་ཡོད་པར་བརྟེན། ཡུལ་དེ་གའི་ཁམ་བུ་རྒྱལ་པོ་ཞེས་མཚན་སྙན་ཐོབ་པ་རེད། སྔ་མར་ཁམ་བུ་སྣ་ཁ་མང་པོ་མེད་པས་རྫོང་གི་གྲོང་ཁུལ་དུ་ཚོང་སར་འགྲོ་དུས་གོང་ཡག་མོ་རག་གི་མེད། ད་ལོར་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་དཔེ་སྟོན་ས་ཁུལ་འཛུགས་སྐྱོང་ལག་བསྟར་བྱས་རྗེས་ཁམ་བུ་སྣ་ཁ7ཙམ་བཟང་སྒྲུག་བྱས་ནས་ཡུལ་དེའི་ཡུལ་སྐོར་འཕེལ་རྒྱས་བྱུང་བ་དང་བསྟུན་ཁམ་བུའི་རིན་གོང་ཡང་ཇེ་མཐོར་སོང་བ་རེད། ད་ལྟར་སྒོ་འགྲམ་དུ་ཁམ་བུ་བཙོངས་ཆོག་པ་འདི་ནི་གྲོང་མི་ཚོས་སྔ་མར་རྨི་ལམ་དུའང་ཤར་མྱོང་མེད།

    བདེ་སྐྱིད་ལྡན་པའི་ཁམ་བུའི་ཞིང་ཁམས་ཞེས་པའི་བདེ་སྐྱིད་ཀྱི་གོ་བ་ནི་ཁམ་བུ་འཚོང་རྒྱུ་ཁོ་ན་མིན། དེ་ལས་བྱུང་བའི་ཐོན་ལས་སྔར་བས་ཕུན་སུམ་ཚོགས་པོ་ཡོད་པ་དང་ཞིང་པའི་སྤྲོ་སྐྱིད་ཁང་གིས་ཞིང་དུད་ལ་སྤྲོ་སྐྱིད་སྟེར་བར་གོ་དགོས། སྤྱི་ཟླ6པའི་ཚེས1ཉིན་གྱི་ཉིན་དགུང་དུ་མཚོ་གཉིས་ཡུལ་ཤོག་པན་པན་ཆའོ་ཞེས་པའི་ཞིང་དུད་སྤྲོ་སྐྱིད་གླིང་གའི་སྒོ་འགྲམ་དུ་རྒྱལ་ཡོངས་ས་གནས་ཁག་གི་འཁོར་བྱང་བཀལ་བའི་རླངས་འཁོར་མི་ཉུང་བ་ཞིག་གྲལ་ལྟར་བཞག་ཡོད་པ་གནས་ཚུལ་འདི་སྨྱུག་འཛིན་པའི་མིག་ལམ་དུ་མཐོང་བྱུང་།

    དེ་ནི2011ལོར་གཉེར་པའི་པན་པན་ཆའོ་ཞེས་པའི་ཞིང་དུད་སྤྲོ་སྐྱིད་གླིང་ག་ལ་བར་ཆད་མང་པོ་བརྒྱུད་ནས་ད་འཚོ་བ་ཡག་པོ་རོལ་ཐུབ་པ་བྱུང་ཡོད། ལོ་འགའི་རིང་ལ་འཕེལ་རྒྱས་གཏོང་བར་བརྒྱུད། ལྷག་པར་དུ་རྒྱལ་མོ་རྔུལ་ཆུའི་བབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལག་བསྟར་བྱས་རྗེས་མཚོ་གཉིས་གྲོང་སྡེ་འཕེལ་རྒྱས་ཇེ་ཆེ་བྱུང་། ཏོག་གསར་གློ་རིམས་འགོག་བཅོས་ཚོད་འཛིན་ལས་ཀ་དུས་བབ་བརྟན་པོའི་ངང་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཡུལ་སྐོར་གྱི་ཚ་རླབས་ཆུང་ཆུང་དེས་ཞིང་པའི་སྤྲོ་སྐྱིད་ཁང་གི་ཚོང་ལས་སླར་གསོ་ཐུབ་ནས་ད་ལོའི་ལོ་སྨད་ཀྱི་ཡོང་འབབ་ཅུང་ཡག་པོ་ཡོད་རྒྱུ་རེད་ཅེས་ཏེང་ཨན་མའེ་ཡིས་ཡིད་ཆེས་རབ་ཏུ་ཁེངས་བཞིན་དུ་དེ་ལྟར་བཤད་པ་རེད། མཚོ་གཉིས་གྲོང་སྡེའི་གྲོང་མི་མི་ཉུང་བ་ཞིག་གིས་ཁོ་དང་འདྲ་བར་ཡུལ་སྐོར་གྱི་ཟ་མ་རག་པ་རེད།

    རི་དཀྱིལ་གྲོང་སྡེའི་ཡུལ་སྐོར་ཚ་རླབས་ཕྱུར་བ་དང་མཚོ་གཉིས་གྲོང་སྡེའི་ཐོན་ལས་དར་རྒྱས་གཏོང་བ་ནི་རང་ཁུལ་གྱི་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ས་གནས་དེ་གའི་མང་ཚོགས་ལ་ཕན་པ་ཐོབ་པའི་དཔེ་མཚོན་རི་མོ་ཞིག་རེད། 2018ལོར་རང་ཁུལ་གྱིས་རྒྱལ་རོང་རྒྱལ་མོ་རྔུལ་ཆུའི་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱེད་མགོ་ཚུགས་པ་ནས་བཟུང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཁྱོན་ཡོངས་ནས་ཁོང་དུ་ཆུད་པ་དང་གཅིག་གྱུར་འཆར་འགོད། མཐུན་སྦྱོར་སྐུལ་འདེད་བཅས་བྱས་ནས་གྲོང་སྡེ་དར་རྒྱས་གཏང་རྒྱུའི་ཐོན་ལས་དར་རྒྱས་དང་སྐྱེ་ཁམས་སྡོད་འཚམ། ཡུལ་སྲོལ་ཡ་རབས། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག་བཅས་ཀྱི་སྤྱིའི་བླང་བྱར་དམ་པོར་དམིགས་ཏེ་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་རིག་གནས། བཀོད་པ། ལས་སྒོ་བཅས་མཉམ་འདྲེས་ནུས་ལྡན་བྱས་ནས་གྲོང་གསེབ་ཀྱི་རྣམ་པ་མྱོང་ཚོར་ཐུབ་པ་དང་ཁྱད་ཆོས་ཡུལ་སྐོར་མཛེས་ལྗོངས་རིམ་བཞིན་དུ་ཆགས་དང་ཆགས་བཞིན་ཡོད་པ་རེད།

    2019ལོར་རང་ཁུལ་གྱི་གྲོང་སྡེ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་གཏོང་ཞིང་། རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་དཔེ་སྟོན་དུ་བྱེད་པ་དང་ཁྲེང་ཏུའུ་ནུབ་རྒྱབ་ཀྱི་མེ་ཏོག་ལྡུམ་ར·ཁམས་གསོ་སྤྲོ་གསེང་གིས་བརྗོད་བྱ་གཙོ་བོ་བྱས་པའི་ངེས་གནས་ལ་དམ་པོར་དམིགས་ནས་མ་དངུལ་སྒོར་དུང་ཕྱུར8.3བཀོད་སྒྲིག་བྱས་ནས་དར་མདོ་གྲོང་ཁྱེར་གྱི་གསེར་ལུང་གྲོང་སྡེ་དང་ལྕགས་ཟམ་རྫོང་གི་མཚོ་གཉིས་གྲོང་སྡེ། རོང་བྲག་རྫོང་གི་དཔའ་དབང་ཆུང་ཆུང་གྲོང་སྡེ་སོགས་དཔེ་སྟོན་གྲོང་སྡེ102འཛུགས་སྐྱོང་བྱས་ཤིང་། ཉག་ཆུ་དང་འབྲི་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་ཀྱི་ཚན་པ་དང་པོའི་ཚོད་ལྟའི་གྲོང་སྡེ67གི་འཛུགས་སྐྲུན་མགྱོགས་སུ་གཏོང་ཞིང་། མཛེས་སྡུག་ལྡན་པའི་སི་ཁྲོན·སྡོད་གནས་འཚམ་པའི་གྲོང་སྡེ་ཞེས་པའི་ནང་ཚད་ལོན་གྲོང་སྡེ737འཛུགས་སྐྱོང་བྱས་ཡོད། ཁུལ་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་རྫོང(གྲོང་ཁྱེར)4དང་། སྔོན་ཐོན་ཡུལ་ཤོག་དང་གྲོང་རྡལ15དཔེ་སྟོན་གྲོང་སྡེ114བཅས་ལ་མིང་བཏགས་ཡོད། ཞིང་ཆེན་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་ཡུལ་ཤོག་དང་གྲོང་རྡལ2དང་དཔེ་སྟོན་གྲོང་སྡེ27གསར་དུ་གཏོད་ཡོད།།

    2020ལོར་རང་ཁུལ་གྱིས་གནས་མཆོག་དཀར་མཛེས·སྡོད་གནས་འཚམ་པའི་གྲོང་སྡེ་ཞེས་པ་དེ་མགྱོགས་སུ་འཛུགས་སྐྱོང་བྱས་ནས་རྒྱལ་རོང་རྒྱལ་མོ་རྔུལ་ཆུ་འབབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་བཏང་ནས་དཔེ་སྟོན་གྲོང་སྡེ15གསར་སྐྲུན་བྱས་པ་དང་ཉག་ཆུ་དང་འབྲི་ཆུ་བབ་རྒྱུད་ཀྱི་གྲོང་སྡེ་དར་རྒྱས་གཏོང་བའི་ཚན་པ་གཉིས་པའི་ཚོད་ལྟའི་གྲོང་སྡེ69འཛུགས་སྐྱོང་བྱེད་མགོ་བཙུགས་ཡོད། ཁུལ་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་རྫོང་དང་ཡུལ་ཤོག གྲོང་སྡེ་ཚན་པ་གཅིག་ལ་མིང་འདོགས་དགོས་པ་དང་ཞིང་ཆེན་རིམ་པའི་གྲོང་སྡེ་དར་རྒྱས་ཀྱི་སྔོན་ཐོན་རྫོང་དང་སྔོན་ཐོན་ཡུལ་ཤོག(གྲོང་རྡལ)དང་དཔེ་སྟོན་གྲོང་ཚོ་ཚན་པ་གཅིག་འཛུགས་དགོས། གྲོང་སྡེ96གི་ཆུ་གཙང་མ་འཐུང་རྒྱུར་མཐོར་འདེགས་ལས་གྲྭ་ལག་བསྟར་བྱ་དགོས་པ་དང་། གྲོང་གསེབ་ཀྱི་མིའི་སྡོད་གནས་ཁོར་ཡུག་བཅོས་སྐྱོང་དང་བྱ་སྤྱོད་ཆེ་གྲས་ལྔར་སྐུལ་འདེད་ཤུགས་ཆེན་བཏང་བ་དང། གྲོང་གསེབ་ཀྱི་དུད་ཚང་གི་གསང་སྤྱོད་ཁང42852གསར་དུ་བསྐྲུན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ས་གནས་དང་ཁེ་ལས་བར་གྱི་མཉམ་ལས་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱས།
  • ལེ་ཚན་རྗེས་མ།:མཐོ་སྒང་གི་ཁྱད་ཆོས་ཐོན་ལས་འབུར་ཐོན་བྱས་ནས་མང་ཚོགས་ཕྱུག་པོར་ཆགས་པའི་ལམ་དུ་ཁྲིད།
  • དོ་སྣང་ཆེ་བའི་རྩོམ།