2017ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་བུ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོར་རྒྱུད་པ་འཚོལ་བའི་དབྱར་སྒར་སྤྲོ་སེང་གི་བྱེད་སྒོ་རང་ཁུལ་དུ་སྤེལ་སར་ཡོང་།

ལྷ་འཛོམས་ཀྱིས་བསྒྱུར།        2017-07-11



ཟླ་བ7པའི་ཚེས2ཉིན་ནས་ཚེས3ཉིན་བར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཕྱིར་སྡོད་རང་མིའི་གཞུང་ལས་ཁང་གིས་གཙོ་གཉེར་བྱས་པ་དང་ཞིང་ཆེན་ཕྱི་དོན་དང་ཕྱིར་སྡོད་རང་མིའི་ལས་དོན་གཞུང་ལས་ཁང་གིས་སྒྲུབ་འགན་ཁུར་བའི2017ལོར་ཕྱི་རྒྱལ་དུ་ཡོད་པའི་བོད་རིགས་བུ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོར་རྒྱུད་པ་འཚོལ་བའི་དབྱར་སྒར་སྤྲོ་སེང་གི་བྱེད་སྒོ་རང་ཁུལ་དུ་སྤེལ་སར་ཡོང་བ་རེད།

ཨ་མེ་རི་ཁ་དང་བལ་པོ་སོགས་རྒྱལ་ཁབ་ནས་འོངས་པའི་བོད་རིགས་བུ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང14དཀར་མཛེས་ཁུལ་དུ་ལྷན་འཛོམས་བྱས་ཏེ་ཐུང་མོང་དུ་རང་ཁུལ་འཕེལ་རྒྱས་འགྲོ་ཚུལ་ལ་བདེན་དཔང་བྱས་པ་རེད།

ཉིན་གཉིས་རིང་ལ་གཞོན་ནུ་ལོ་ཆུང་དེ་ཚོ་དར་མདོ་གྲོང་ཁྱེར་དང་ལྕགས་ཟམ་རྫོང་། དུང་དཀར་ལུང་པ་སོགས་ཀྱི་ས་གནས་ལ་ཕྱིན་ནས་ལྷ་སྒང་དགོན་པ་དང་ར་རྔ་ཁ་། ཁུལ་མི་དམངས་སྨན་ཁང་གཉིས་པ། ཞིང་ཆེན་བོད་ཡིག་སློབ་གྲྭ ལྕགས་ཟམ་ཟམ་པ་། དུང་དཀར་ལུང་པའི་མཛེས་ལྗོངས་སོགས་ལ་ལྟ་སྐོར་བྱས་ནས་རང་ཁུལ་གྱི་མི་རིགས་རིག་གནས་དང་སློབ་གསོ་བྱ་གཞག  སྨན་བཅོས་འཕྲོད་བསྟེན། གསར་བརྗེའི་གནས་གཞི་རྙིང་པའི་རིག་གནས། ཡུལ་སྐོར་འཕེལ་རྒྱས་སོགས་ལ་ཆ་རྒྱུས་བླངས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་ཚུལ་ལ་ཉམས་སུ་མྱོང་བ་རེད།   ལྟ་སྐོར་བྱས་རྗེས་ཕྱི་སྡོད་བོད་རིགས་གཞོན་ནུ་ལོ་ཆུང་དེ་ཚོས་རང་ཉིད་ཀྱི་མཐོང་ཐོས་མཐའ་དག་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཕྱི་རྒྱལ་དུ་བསྡད་ཡོད་པའི་བོད་རིགས་དེ་བས་མང་པོར་བཤད་ནས་དཀར་མཛེས་བོད་ཁུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ཚང་མ་ཆ་རྒྱུས་ལེན་བཅུག་རྒྱུ་ཡིན་ཞེས་བཤད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  དུས་ཡུན་ཉིན12ལ2017ལོར་ཕྱི་རྒྱལ་དུ་བསྡད་ཡོད་པའི་བོད་རིགས་བུ་རྒྱུད་ཀྱི་གཞོན་ནུ་ལོ་ཆུང་གིས་ཀྲུང་གོར་རྒྱུད་པ་འཚོལ་བའི་དབྱར་སྒར་སྤྲོ་སེང་གི་བྱེད་སྒོ་དེ་ད་དུང་ནང་ལོག་ས་ཁུལ་དུ་སྤེལ་རྒྱུ་ཡིན་པ་རེད།། 


  • ལེ་ཚན་སྔོན་མ།:མདོ་ཁམས་ཐུབ་བསྟན་མདོ་སྔགས་བཤད་སྒྲུབ་དར་རྒྱས་གླིང་གི་སློབ་གཙོ་ཨ་ཁུ་པད་ལོས་དར་མདོ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་རྣམས་ལ་གོན་པ་ཞལ་འདེབས་གནང་།
  • ལེ་ཚན་རྗེས་མ།:ཁུལ་ཨུས་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་འགོ་ཁྲིད་ཚོ་ཆུང་གི2017ལོའི་གྲོས་ཚོགས་ཐེངས་གཉིས་པ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།