ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་རྟོག་ཞིབ་འཕྲིན་ལམ་ནས་འདི་འདྲ་གསུངས།

        2020-05-26

     ཉེ་ཆར། རྒྱལ་ཡོངས་དམངས་ཆེན་འཐུས་མི།དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་སི་ཁྲོན་རྟོག་ཞིབ་འཕྲིན་སྟེགས་ཀྱི་གསར་འགོད་པའི་ཆེད་འདྲིར་དང་ལེན་ཞུས་པ་རེད།ཁོང་གིས་རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོར་བཟོ་རྒྱུ་དང་།དུས་རབས་གསར་པར་རང་ཁུལ་དར་རྒྱས་གོང་འཕེལ་ཅི་འདྲ་གཏང་རྒྱུའི་སྐོར་ལ་ཅི་གསུངས་འདུག་པ་ང་ཚོས་མཉམ་དུ་གཅིག་ལྟ།

གསར་འགོད་པ།  ཚང་མས་བོད་ཁུལ་གྱི་དབུལ་ཐར་སྤུས་ཚད་ལ་སེམས་ཁུར་བྱེད་བཞིན་ཡོད་པ་རེད། དཀར་མཛེས་ཁུལ་དུ་སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་ཚད་གཞི་ལག་ལེན་བྱེད་སྟངས་ཅི་འདྲ་རེད།

   ཞའོ་ཡིའུ་ཚའེ། ཏང་གི་མི་རིགས་སྲིད་ཇུས་བཟང་པོའི་འོག། ཉེ་བའི་ལོ་ཤས་རིང་ལ་བོད་ཁུལ་དུ་འཕོ་འགྱུར་ཆེན་པོ་བྱུང་ཡོད།ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཁུལ་གྱི་དབུལ་ཐར་གཞི་ཁྱོན་ཧ་ཅང་ཆེ་ཞིང་།གྲུབ་འབྲས་ཆེས་མངོན་གསལ་དོད་པ།དབུལ་ཐར་བྱེད་ཚུལ་དཔྱིས་ཕྱིན་པ་བཅས་ཡིན་པ་ནི་སྔར་བྱུང་མྱོང་མེད་པ་རེད།

     དཀར་མཛེས་ཁུལ་ལ་མཚོན་ན། སེམས་ཁྲལ་བྱ་མི་དགོས་པ་གཉིས་དང་འགན་སྲུང་བྱ་རྒྱུ་གསུམ་གྱི་ཚད་གཞིའི་ཐོག་བསླེབས་ཡོད་ཅིང་། དཀར་མཛེས་ཁུལ་གྱི་དབུལ་ཕོངས་འབྱུང་ཚད་དེ2014ལོའི་བརྒྱ་ཆ23.17ནས་ན་ལོའི་ལོ་མཇུག་ཏུ0.23ལ་མར་ཆག་པ་དང་། མི་འབོར་དབུལ་ཕོངས་ཁྲི22.0289ནས་ན་ལོའི་ལོ་མཇུག་ཏུ་དུད་ཚང564ཡི་མི2191ཡི་བར་དུ་མར་ཆག་ཡོད། མང་ཚོགས་ལ་མིག་མཐོང་ལག་རེག་གི་ཕན་ཆེན་པོ་ཐོགས་ཡོད། ད་ལོར་དུད་ཚང་དབུལ་པོ564དབུལ་ཐར་བྱ་རྒྱུ་རེད།

      དབུལ་ཐར་འགག་སྒྲོལ་བྱེད་པ་དང་བསྟུན་ནས།ཏང་དང་མང་ཚོགས་བར་གྱི་བརྩེ་དུང་ཉིན་བཞིན་ཇེ་ཟབ་ཏུ་སོང་བ་དང་།རྒྱ་ཆེན་མང་ཚོགས་ཀྱི་ཏང་དྲིན་དྲན་པ་དང་མེས་རྒྱལ་ལ་དགའ་བ། ཁྲིམས་ལུགས་སྲུང་བ།འབྱོར་འབྲིང་སྐྲུན་པ་བཅས་ཀྱི་འདུ་ཤེས་ཁྱོན་ཡོངས་ནས་བརྟན་པོར་ཆགས་ཟིན་པ་ནི་ང་རང་བོད་ཁུལ་དུ་ལོ་མང་པོར་ལས་དོན་བསྒྲུབས་པའི་ཁྲོད་དུ་ཐོབ་པའི་མྱོང་ཚོར་རེད།ཏང་ཀྲུང་དབྱང་གིས་འབོད་སྐུལ་དང་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དག་ང་ཚོས་གཞི་རིམ་ནས་ཐོག་མཐའ་བར་གསུམ་དུ་ལག་ལེན་དང་དོན་འཁྱོལ་བྱས་ཐུབ་ཡོད། དཔེར་ན་རྟའུ་རྫོང་གི་ས་གནས་ཁ་ཤས་ལ་ཏོག་གསར་གློ་རིམས་འགོག་རྒོལ་བྱས་ཚུལ་ལ་བལྟས་ན་ཧ་གོ་བ་རེད།།

གསར་འགོད་པ། ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་ནི་དཀར་མཛེས་ཁུལ་གྱི་མཐུན་རྐྱེན་རེད། མཐུན་རྐྱེན་དེ་ཁེ་རྐྱེན་དུ་ཅི་འདྲ་བསྒྱུར་རྒྱུ་ཡིན།

ཞའོ་ཡིའུ་ཚའེ།  ད་ལྟའི་དུས་རིམ་དུ་བཤད་ན་དཀར་མཛེས་ཁུལ་གྱི་ཀ་སྐྱོར་ཐོན་ལས་ནི་ཆུ་གློག་དང་ཞིང་འབྲོག་ལས་རེད།ཡིན་ན་ཡང་ཡུན་རིང་པོར་བལྟས་པ་ཡིན་ན། ཡུལ་སྐོར་ཐོན་ལས་ནི་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་ཤུགས་སུ་འགྱུར་ངེས་པ་རེད། ང་ཚོས་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཁྲོད་དུ་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ་ལྔའི་བསམ་ཕྱོགས་ཆགས་ཡོད་དེ། སྒོ་འཛིན་དཔལ་འབྱོར་དང་ཐོན་ལས་དཔལ་འབྱོར་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ་དང་། ལྗོངས་ཁུལ་ལྗོངས་གནས་དང་ས་ཁོངས་ཡོངས་ཀྱི་ཁོར་ཡུག་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ། ལྟ་སྐོར་ཡུལ་སྐོར་དང་བདེ་གསོ་སྤྲོ་གསེང་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ། རྨང་གཞིའི་སྒྲིག་ཆས་དང་དེའི་ལེ་ལག་ཆ་འགྲིག་འཛུགས་སྐྲུན་བྱ་རྒྱུ་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ། གཏན་འབེབས་ཞབས་ཞུ་དང་འདུ་ཤེས་ཞབས་ཞུ་མཉམ་འཛིན་འཕེལ་རྒྱས་གཏང་རྒྱུ་བཅས་རེད།

གསར་འགོད་པ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོར་བཟོ་བར་ཁྱེད་ལ་ཐབས་ཤེས་བཟང་པོ་ཅི་འདྲ་ཡོད།

ཞའོ་ཡིའུ་ཚའེ། ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏང་རྒྱུ་ནི་ཆེས་གལ་ཆེ་བ་གཅིག་རེད། གྲོང་སྡེ་རེ་དང་དུད་ཚང་རེ་ལ་ཐོན་ལས་རེ་ཡོད་དགོས་ན་བཤད་སླ་ཡང་སྒྲུབ་དཀའ་བ་རེད། སུས་འཚོང་བ་དང་ཁྲོམ་ར་གང་དུ་ཡོད་པའི་གནད་དོན་ཐག་གཅོད་བྱེད་ཆེད། ང་ཚོས་སྣེ་ཁྲིད་ཁེ་ལས་ཀྱིས་སྣེ་ཁྲིད་བྱས་པའི་དེང་རབས་ཞིང་འབྲོག་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པའི་བྱེད་ཐབས་སྤྱད་དེ་ཐོན་ལས་ཅན་གྱི་བྱེད་སྟངས་ལ་བརྟེན་ནས་ཞིང་འབྲོག་པའི་ཡོང་འབབ་འཕར་ཐབས་བྱས་ཡོད། དཔེར་ན་ནོར་གནག་གི་ཐོན་ལས་ལྟ་བུ་རེད།

གསར་འགོད་པ།  དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་མང་པོ་མི་ཚང་མས་ཧ་གོ་ཡོད་པ་རེད། ད་དུང་ལྗོངས་ཁུལ་གསར་པ་ཨེ་ཡོད།

ཞའོ་ཡིའུ་ཚའེ། ད་ཆ་དཀར་མཛེས་ཁུལ་དུ་གངས་དཀར་རི་བོ་བསྐོར་བ་དང་། འདབ་པའི་ཉི་སྟེན་བསྐོར་བ།དགེ་བསྙེན་བསྐོར་བ། གེ་སར་རིག་གནས་ཡུལ་སྐོར་རྒྱུད་ལམ། ཀྲུང་གོའི་མཐོ་སྒང་གི་འདམ་ར་ཆེས་མཛེས་པ། ཀྲུང་གོའི་རྩྭ་ཐང་འདམ་ར་ཆེས་མཛེས་པ་སྟེ་ཡུལ་སྐོར་སྐོར་ལམ་གསུམ་དང་རྒྱུད་ལམ་གཅིག འདམ་ར་གཉིས་བཅས་ཀྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་བཀོད་པ་ཆགས་ཟིན་པ་རེད།

ངས་འདིར་ཚང་མ་ལ་འབའ་ལི་ཐང་ཕྱོགས་ལ་ཡོད་པའི་དགེ་བསྙེན་གནས་ཆེན་ངོ་སྤྲོད་གཙོ་བོར་ཞུ་བསམ་ཡོད། གནས་དེ་ནི་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ཡོད་པའི་ལྗོངས་ཁུལ་ཞིག་ཡིན་ལ། དཀར་མཛེས་ཁུལ་གྱི་འཛམ་གླིང་རང་བྱུང་ཤུལ་བཞག་རེ་ཞུ་བྱ་འོས་པའི་ལྗོངས་ཁུལ་ཞིག་ཀྱང་ཡིན་པ་རེད།ཡུལ་སྐོར་ཐོན་ལས་གོང་འཕེལ་ཕྱིན་རྗེས། མང་ཚོགས་ལ་ཡོང་སྒོ་ཡོད་པ་དང་། ལས་རིགས་ཡོད་པ།ཐོན་ལས་ཡོད་པ་རེད། ཡུལ་སྐོར་ཐོན་ལས་ནི་དབུལ་སྐྱོར་ཐོན་ལས་ཆེས་ཆེ་བ་དང་མང་ཚོགས་དབུལ་པོ་བསྐྱར་ལོག་མི་ཡོང་བའི་གཞི་སྟེགས་ཆེ་གྲས་ཡིན་པས་ང་ཚོས་ནུས་ཤུགས་ཡོད་དགུས་སྐུལ་འདེད་གཏང་དགོས།

གསར་འགོད་པ། ད་ལོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་ཞིང་།གལ་ཏེ་མ་འོངས་པའི་ལོ་ལྔའི་དཀར་མཛེས་ཁུལ་ལ་བསམ་བློ་ཞིག་བཏང་བ་ཡིན་ན། ཁྱེད་ཀྱི་སེམས་ནང་འཆར་གཞི་ཅི་འདྲ་ཞིག་ཡོད།

ཞའོ་ཡིའུ་ཚའེ། འགྲོ་བ་མིའི་རིག་པ་བ་དང་ས་གཤིས་རིག་པ་བས་དཀར་མཛེས་ཁུལ་ནི་སའི་གོ་ལའི་ཐོག་གི་དག་ཞིང་ཆེས་མཐའ་མ་ཡིན་ཞེས་མཚན་སྙན་གནང་ཡོད། མ་འོངས་པའི་ལོ་ལྔའི་ནང་དུ། ང་ཚོས་འཛུགས་སྐྲུན་ཤུགས་ཆེན་བྱས་ཏེ་དཀར་མཛེས་ཁུལ་གྱི་ལངས་གཟུགས་རྣམ་པའི་འགྲིམ་འགྲུལ་རྣམ་པ་ཁྱོན་ཡོངས་ནས་ཆགས་རན་པ་དང་། ཐོན་ལས་མ་ལག་དེ་བས་འཐུས་སྒོ་ཚང་དུ་འགྱུར་བ།གྲོང་ཡུལ་གྱི་རྣམ་པ་ལ་འཕོ་འགྱུར་དེ་བས་ཆེན་པོ་འབྱུང་ཞིང་། དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་ལྗོངས་དེ་བས་མཛེས་ཤིང་ལོ་རྒྱུས་དེ་བས་རྒྱུན་རིང་བ། རིག་གནས་དེ་བས་ངོ་མཚར་བ་ཡིན་ངེས་ལ། རྒྱལ་ཡོངས་དང་འཛམ་གླིང་གི་འགྲུལ་པ་རྣམས་ཀྱི་ཡིད་སྨོན་འཆོར་བའི་གནས་མཆོག་གཅིག་ཏུ་འགྱུར་ངེས་སོ།།

སྐལ་ཐུབ་ཀྱིས་བསྒྱུར།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:འོད་སྣང་ཕོ་ཉ་ཡིས་གཅེས་སེམས་ཕུལ་ནས་དབུལ་སྐྱོར་བྱེད།
  • ལེ་ཚན་རྗེས་མ།:སྲོལ་རྒྱུན་བཟང་པོའི་མེ་ཏོག་བཞད་བཞིན་པའི་སློབ་གླིང་དེ་འདི་ག་ལགས།
  • དོ་སྣང་ཆེ་བའི་རྩོམ།