དཔལ་འབྱོར་གསར་པ་དང་ཐོན་ལས་གསར་པ་མཉམ་སྐྱོང་བྱེད།

ཡེ་ཤེས་ཀྱིས་བསྒྱུར།        2020-05-21

དབུལ་ཐར་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོར་ཕྱིར་ལོག་པར་སྔོན་འགོག་བྱ་ཆེད། དཔལ་འབྱོར་གསར་པར་བརྟེན་ནས་ཐོན་ལས་གསར་པ་འཕེལ་རྒྱས་བཏང་ནས་རྒྱ་ཆེའི་ཞིང་འབྲོག་པ་དབུལ་ཐར་འབྱོར་འབྲིང་གི་ལམ་བུར་བདེ་བགྲོད་ཐུབ་པ་བྱས་པ་རེད།

མཚོ་འཕགས་སྨི4200ཡོད་པའི་ཧུང་ལུང་གྲོང་རྡལ་མ་ཐ་མ་དབྱི་གྲོང་སྡེ་ལ330Wpཤེལ་འདུས་སྭེལ་འོད་ནུས་ལྷུ་ལག1530ལས་གྲུབ་པའི500kWpའོད་ནུས་དབུལ་སྐྱོར་གློག་འདོན་ཁང་གིས་གློག་སྐུད་དྲ་བ་སྦྲེལ་ནས་གློག་བཏོན་ཡོད་པ་རེད། ཞིང་ཆེན་ཏང་ཨུའི་དམག་དམངས་མཉམ་འབྲེལ་གྱི་བཅའ་སྡོད་ལས་བྱེད་པ་དང་ཉག་ཆུ་རྫོང་གི500kWpའོད་ནུས་དབུལ་སྐྱོར་གློག་འདོན་ཁང་གི་སྲུང་སྐྱོང་མི་སྣ་ཚུའེ་ཐུང་ཞང་གིས་ངོ་སྤྲོད་བྱས་དོན། གློག་འདོན་ཁང་གནས་ཡུལ་དེ་སྔོན་མ་ཐང་སྟོང་ས་རྒོད་ཅིག་ཡིན་ཞིང་། འབྲུ་རིགས་འདེབས་ནའང་ཐོན་ཚད་མང་པོ་མེད་མོད། འོན་ཀྱང་དེ་གའི་ལེགས་ཆ་ཆེ་ཤོས་ནི་གནམ་དྭངས་བའི་དུས་ཚོད་མང་བ་དང་ཉི་འོད་བཟང་བ། ཉི་འོད་ཕོག་པ་བཅས་རེད། དེར་བརྟེན་འདིར་འོད་ནུས་གློག་འདོན་ཁང་འཛུགས་རྒྱུ་དགེ་ལེན་སྐྱོན་སེལ་བྱས་པའི་ཐོན་ལས་གནད་འཁེལ་ཞིག་ཡིན་ཟེར་ན་ཆོག་པ་རེད།

བཅར་འདྲི་བྱེད་སྐབས། ཧུང་ལུང་གྲོང་རྡལ་སྒྲིག་ཨུ་ཡི་ཧྲུའུ་ཅི་ཐང་ཨན་ཅང་གིས་སྨྱུག་འཛིན་པར་བཤད་དོན། གློག་འདོན་ཁང་དེ་ནི་རྫོང་ཡོངས་ཀྱི་ཤིན་ཏུ་དབུལ་པོའི་གྲོང་སྡེ17གྱིས་མ་རྐང་སྒོར་ཁྲི448བཏང་ནས་བསྐྲུན་པ་རེད། སྔོན་དཔག་བྱས་ན་གློག་འདོན་ཁང་གིས་ལོ་འཁོར་རེར་གློག་འདོན་ཚད་ཏུའུ་ཁྲི100ལ་ཟིན་པ་དང་། གློག་ཏུའུ་རེར་སྒོར0.75རེའི་རྒྱལ་ཁབ་ཀྱི་ཁ་གསབ་སྤྲད་པ་ལྟར་བྱས་ནས་རྩིས་ན། ལོ་རེར་གྲོང་སྡེ་དབུལ་ཕོངས17ལ་སྒོར་ཁྲི75ཡི་ཐུན་མོང་དཔལ་འབྱོར་གྱི་ཁེ་སྤོགས་བགོས་ཆོག་པར་མ་ཟད། འདི་ལྟ་གཏན་འཇགས་དང་བློས་འཁེལ་ཆོག་པའི་ཡོང་འབབ་ཀྱིས་གྲོང་སྡེ་དབུལ་པོ17ལ་རྒྱུན་མཐུད་ལོ25ཡི་གྲུབ་འབྲས་བཟང་པོ་ཐོབ་རྒྱུ་རེད།

ང་ཚོ་འདི་ལ་དབྱར་རྩྭ་དགུན་འབུ་དང་། སྙི་བ། གངས་ལྷ་མེ་ཏོག ཤ་མོང་བཅས་ནི་ང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི་རྩ་ཆེའི་ཐོན་ཁུངས་ཡིན་ལ། གློག་འདོན་ཁང་གིས་ཐོན་སྐྱེད་བྱེད་མགོ་ཚུགས་པ་ནས་བཟུང་ང་ཚོས་འཚོལ་བསྡུ་བྱས་པའི་ནོར་བུ་འདི་ཉིན་དེར་སྲོ་སྐམ་བྱས་ནས་གསོག་ཉར་བྱེད་ཐུབ་པ་རེད་ཅེས་གཞིས་་མི་འཆི་མེད་དབང་མོས་འོད་ནུས་གློག་འདོན་ཁང་ཡག་པོ་ཡོད་པའི་སྐོར་དེ་ལྟར་བཤད་པ་རེད། 


  • ལེ་ཚན་སྔོན་མ།:ལས་སྟངས་གསར་པ་དང་ནང་རྐྱེན་གསར་པ་མཉམ་འདྲེས་བྱེད།
  • ལེ་ཚན་རྗེས་མ།:ཕྱུག་འགྱུར་གྱི་ལམ་དུ་ཁྲིད་པའི་གསེར་གྱི་ནས་འབྲུ།
  • དོ་སྣང་ཆེ་བའི་རྩོམ།