ལས་སྟངས་གསར་པ་དང་ནང་རྐྱེན་གསར་པ་མཉམ་འདྲེས་བྱེད།

ཡེ་ཤེས་ཀྱིས་བསྒྱུར།        2020-05-21

ཉེ་ཆར། གསར་འགོད་པས་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་རྟོགས་བྱུང་དོན། སི་ཁྲོན་གྱིས་གསར་སྣོན་བྱས་ནས་གསོ་སྐྱོང་བྱས་པའི་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་འབྲུ་རིགས་གླིང་ཁུལ15ཡི་མིང་ཐོ་བཏོན་པ་དེ་ནི་ཞིང་ཆེན་ཡོངས་ཀྱི་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་བྱེད་པའི་བྱེད་ཐབས་ཤིག་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བསྣན་ནས་གསོ་སྐྱོང་བྱས་པའི་དེང་རབས་ཞིང་ལས་འབྲུ་རིགས་གླིང་ཁུལ15ནི་ཁག་བགོས་ནས་རྫོང(གྲོང་ཁྱེར་དང་ཆུས)15ཡིས་འགན་འཁུར་རྒྱུ་ཡིན་པ་དང་། རང་ཁུལ་གྱི་དཀར་མཛེས་རྫོང་གིས་དེའི་ཁྲོད་ཀྱི་ཞིང་ཆེན་རིམ་པའི་གླིང་ཁུལ་གཅིག་གསོ་སྐྱོང་བྱ་རྒྱུའི་ལས་འགན་འཁུར་བ་རེད།

རྫོང་དེའི་ཞིང་འབྲོག་གྲོང་སྡེ་དང་ཚན་རྩལ་ཅུས་ཀྱི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་དཀར་མཛེས་རྫོང་བདམས་ཐོན་བྱུང་བ་ནི་རྫོང་དེའི་ས་ཞིང་རྒྱ་ཁྱོན་གྱིས་ཁུལ་ཡོངས་ཀྱི་ས་ཞིང་རྒྱ་ཁྱོན་ལས་བཅུ་ཆ་གཅིག་དང་འབྲུ་རིགས་ཐོན་ཚད་ཀྱིས་ཁུལ་ཡོངས་ཀྱི་འབྲུ་རིགས་ཐོན་ཚད་བདུན་ཆ་གཅིག་བཟུང་བས་རེད། ཞིང་ལས་ཀྱི་བསྡུར་ཚད་ཁུལ་ཡོངས་ཀྱི་ཨང་དང་པོ་ཡིན་ཞིང་། ལོ་ལྟར་ཞིང་ལས་ལོ་ཏོག་གི་འདེབས་ཁྱོན་མུའུ་ཁྲི་ཧ་ལམ20ལ་ཟིན་པ་ནི་མིང་དོན་མཚུངས་པའི་ཞིང་ལས་རྫོང་ཆེན་པོ་ཞིག་ཡིན་པས་ཁམས་བྱང་འབྲུ་མཛོད་ཅེས་པའི་མཚན་སྙན་ཡོད་པ་རེད།

ད་ལོར། རྫོང་དེས་སི་ཁྲོན་གྱིས་ཞིང་ཆེན་རིམ་པའི་དེང་རབས་ཞིང་ལས་འབྲུ་རིགས་གླིང་ཁུལ་གསར་སྣོན་བྱས་ནས་གསོ་སྐྱོང་བྱེད་པའི་གོ་སྐབས་དང་བསྟུན་ནས་ཞིང་ཆེན་གྱིས་སྤྲད་པའི་གསོ་སྐྱོང་མ་དངུལ་སྒོར་ཁྲི1000བེད་སྤྱོད་གང་ལེགས་བྱ་རྒྱུ་ཡིན་ལ། ཞིང་ལས་ཡུལ་ཤོག་དང་གྲོང་རྡལ17ལ་ནས་མུའུ་ཁྲི10ཡས་མས་འདེབས་རྒྱུ་དང་། སྤྱི་གཉེར་ཁང་དང་རྟེན་གཞི། ཞིང་དུད་བཅས་ཀྱི་མཉམ་འབྲེལ་བྱས་པའི་རྣམ་པ་བེད་སྤྱོད་བྱས་ཏེ།ནས་ཀྱི་མ་ལག་གི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱས་པར་བརྟེན། སྔོན་ཚོད་བྱས་ན་ལོ་འཁོར་གྱི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི2.4ལ་ཟིན་པས་མ་ཚད། ནས་ཀྱི་རྟེན་གཞིའི་དཔེ་སྟོན་དང་ཟོག་རྟགས་འཛུགས་སྐྱོང་བྱེད་པ། ཞིང་ལས་དང་ཡུལ་སྐོར་ཟུང་འབྲེལ་བྱས་མཐར། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་དེང་རབས་ལྟད་མོ་ཞིང་ལས་དང་སྤྲོ་གསེང་ཞིང་ལས་འཛུགས་སྐྱོང་བྱས་ནས་མི་སེར་ལ་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་པའི་ཁྲོད་ནས་ཕན་པ་ཐོབ་པ་བྱ་རྒྱུ་ཡིན་པ་རེད། །



  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ལྗོངས་ཁུལ3རྒྱལ་ཁབ་ཀྱིA4རིམ་པའི་གྲས་སུ་ཚུད།
  • ལེ་ཚན་རྗེས་མ།:དཔལ་འབྱོར་གསར་པ་དང་ཐོན་ལས་གསར་པ་མཉམ་སྐྱོང་བྱེད།
  • དོ་སྣང་ཆེ་བའི་རྩོམ།