བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

ལོ་ཤུལ་བཀྲ་ནོར།        2020-05-21

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

  ཕ་ཡུལ་གྱི་མཛེས་སྡུག་པར་མིག་ལས་བཤམས།། བདེ་སྐྱིད་ཀྱི་འཚོ་བ་རྩོམ་རྩལ་ལ་དྲངས།། ང་ཚོས་པར་ལེན་པའི་པར་མིག་དང་རྩོམ་མཁན་གྱི་སྙུག་རྩལ་བེད་སྤྱད་དེ་ཕ་ཡུལ་བྲག་མགོའི་མཛེས་ལྗོངས་ཀྱི་ཉམས་དགའི་དཔལ་ཡོན་དང་། དབུལ་སེལ་གྲོང་ཚོའི་བདེ་སྐྱིད། དམངས་སྲོལ་འཚོ་བའི་འཕེལ་རྒྱས་བཅས་ཟླ་ལྔ་བའི་མེ་ཏོག་དང་ལྷན་དུ་ཁྱེད་ཅག་གི་མིག་ལམ་དུ་འབུལ་བར་བྱ།


བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

   ཟླ5པའི་ཚེས16ནས17བར་གཟའ་མཇུག་གི་དུས་ཚོད་དང་བསྟུན་ནས་བྲག་མགོ་རྫོང་པར་ལེན་མཐུན་ཚོགས་དང་རྫོང་རྩོམ་པ་པོའི་མཐུན་ཚོགས་གཉིས་ཀྱིས་མཉམ་སྒྲུབ་མཛད་དེ་འོ་སེ་མེ་ཏོག་གི་མཛེས་སྡུག་དང་ཞིང་གྲོང་མི་དམངས་ཀྱི་འཚོ་བའི་འཕེལ་རྒྱས་སོགས་པར་མིག་གི་འཇིག་རྟེན་ནས་བཞད་ཅིང་རྩོམ་མཁན་གྱི་ཡིག་རྩལ་ལས་མངོན་པར་བྱེད་ཆེད་ཞིང་གྲོང་གི་འཚོ་བའི་མཛེས་སྡུག་འཚོལ་བསྡུའི་བྱེད་སྒོ་ཞིག་སྤེལ་བ་རེད།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།


   རྫོང་པར་ལེན་མཐུན་ཚོགས་དང་རྫོང་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི30ལྷག་བྱེད་སྒོར་ཞུགས་ཏེ་ཐོག་མའི་ས་ཚུགས་གཞི་མདའ་གྲོང་པར་བསྐྱོད། དཔྱིད་རླུང་གི་དྲོད་ཀྱིས་གསོས་པའི་བྲག་མགོའི་ས་ཆེན་གྱི་མཛེས་སྡུག་གསོན་ཉམས་ལྡན་ཞིང་། གནས་དེའི་འོ་སེ་ལྗོན་པའི་ལོ་འདབ་ཐགས་སུ་བཀྲ་ཞིང་གཡུ་ཡི་ལྕུག་ཕྲན་ལ་དངུལ་དཀར་གྱི་འོ་སེ་མེ་ཏོག་རྣམ་པར་བཞད་འདུག  འདི་ནི་མི་དམངས་ཀྱི་འཚོ་བ་འཕེལ་རྒྱས་དང་དཔལ་འབྱོར་བསུ་བའི་མེ་ཏོག་སྟེ། འཚོ་བའི་ལོངས་སྤྱོད་དང་འབྲེལ་བའི་ཡུལ་འདིའི་མི་སེར་རེ་རེའི་སེམས་ཁོང་གི་རེ་བའི་མེ་ཏོག་དཀར་པོ་དེ་ཡིན།


བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།


   བྲག་མགོ་རྫོང་གངས་ལྗོངས་འོ་སེ་ཇ་སྤྱི་གཉེར་ཁང་གིས་གཅིག་གྱུར་སྒོས་ལོ་རེ་བཞིན་ས་གནས་དེའི་འོ་སེའི་ཇ་ལོ་རྒྱ་མ་ལྔ་ཁྲི་ཡས་མས་བསྡུས་ཏེ་ལས་སྣོན་བྱས་རྗེས་ཁྲེང་ཏུའུ་དང་ཁྲུང་ཆིང་སོགས་སུ་ཕྱིར་འཚོང་བྱས་ཏེ་གྲོང་སྡེའི་དུད་ཁྱིམ་སུམ་བརྒྱ་ལྷག་ལ་ཐོན་སྐྱེད་འོང་བབས་སྒོ་ཁར་བསྐྱལ་ཡོང་བ་རེད། ད་དུང་བྲག་མགོ་རྫོང་ཞིང་ལས་དར་རྒྱས་ཐོན་ཁུངས་ས་ཁུལ་ཏེ། ཤ་རྭ་ཐང་ཚོད་ཞིང་ར་བ་རུ་ལྡུམ་སྒོང་སྨིན་པའི་འབྲས་བུ་གཡུར་དུ་ཟ་བ་དང་། བལྟས་ན་ཁ་དོག་ཡག་ལ་ཟོས་ན་བྲོ་བ་ཞིམ་པའི་ཉམས་སྣང་དེ་དག་པར་མིག་ཏུ་བླངས་ཤིང་སེམས་ཀྱིས་མྱངས།


བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

བྲག་མགོའི་ཞིང་གྲོང་དུ་མཛེས་སྡུག་གི་གསོན་ཤུགས་རྒྱས།

   དེ་ལྟར་ཉིན་གཉིས་ཀྱི་རིང་རྫོང་པར་ལེན་མཐུན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཀྱིས་འོ་སེ་ཇ་ལོའི་མཛེས་སྡུག་དང་མཁར་གསར་མཚོ་མོའི་དབྱར་ལྗོངས། ལྕམ་བླ་གྲོང་པའི་དབུལ་སེལ་འཕེལ་རྒྱས་ཀྱི་བདེ་སྐྱིད་ཕུན་སུམ་ཚོགས་པ་བཅས་འཚོལ་བསྡུའི་སྐོར་གྱི་གྲུབ་འབྲས་བཟང་པོ་ཐོབ་བོ།།


  • ལེ་ཚན་སྔོན་མ།:དཔལ་འབྱོར་གསར་པ་དང་ཐོན་ལས་གསར་པ་མཉམ་སྐྱོང་བྱེད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ལྗོངས་ཁུལ3རྒྱལ་ཁབ་ཀྱིA4རིམ་པའི་གྲས་སུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།