ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ།

ལྷ་འཛོམས་ཀྱིས་བསྒྱུར།        2020-05-13

ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པ་གྲོལ།

      སྤྱི་ཟླ5པའི་ཚེས11ཉིན་གྱི་ཕྱི་དྲོར་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ཁྲེང་ཏུའུ་རུ་གྲོལ་བ་རེད། 

    ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུན་ཕིང་གིས་མཇུག་འགྲིལ་ཚོགས་འདུ་གཙོ་འགན་བཞེས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། མཇུག་འགྲིལ་ཚོགས་འདུའི་ལག་བསྟར་ཀྲུའུ་ཞི་ནི་ཁོ་ཙུན་ཕིང་དང་། ཚུའེ་པའོ་ཧྭ། ཀྲུང་མེན། ཀྲང་ཡུས་ཏུང་། ལི་ཁྲང་ཕིང་། ཝང་ཀྲེང་རུང་། ཀྲའོ་ཀྲེན་ཞན། ཁྲེན་ཧྥང་། ཏུའུ་ཕིང་། ལིན་ཧྲུའུ་ཁྲེང་། ཨོའུ་དབྱང་ཙེ་ཧྭ། ཀྲུའུ་ཁྲུན་ཞིའུ། ལིའུ་ཁྲེང་མིང་། ཝང་ཅན་ཅུན་བཅས་རེད། 

    ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལི། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་། ནུབ་རྒྱུད་འཐབ་ཁུལ་གྱི་ཆབ་སྲིད་ཨུ་ཡོན་གཞོན་པ་དང་འཐབ་ཁུལ་མཁའ་དམག་ཆབ་སྲིད་ཨུ་ཡོན་གཅིག་ལྕོགས་ཅང་ཕིང་བཅས་གདན་ཞུས་ལྟར་མཇུག་འགྲིལ་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད། 

    མཇུག་འགྲིལ་ཚོགས་འདུའི་གོང་འཚོགས་པའི་འདེམས་བསྐོའི་ཚོགས་ཆེན་ཐོག་ཨུ་ཡོན་ཏུའུ་ཧོ་ཕིང་དང་ལིའུ་ཁྲེང་མིང་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པར་བདམས་པ་དང་། ལུའེ་ཕུའུ་རུང་དང་། རེན་ཞའོ་ཁྲུན། ལིའུ་ཆིན། ལི་ཡ་ལེན། ལི་ཆུན་ལིན། དབྱང་ཏན། ཧྲེན་ཞའོ་ལིང་། ཡོན་ཧྥན་སུང་། ཁང་ཅུན། ཡིའུ་ཁའེ་ཡུས། ཞུང་ཧྥང་ཅུན། ཕན་གོ་ཧྭ་བཅས་སྲིད་གྲོས་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལ་བདམས་པ་རེད། 

    མཇུག་འགྲིལ་ཚོགས་འདུའི་ཐོག་ཨུ་ཡོན881ཡོད་པ་དང་དངོས་སུ་ཨུ་ཡོན828ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་ཡོད།

   མཇུག་འགྲིལ་ཚོགས་འདུའི་ཐོག《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་ཆོད》དང《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་གཞི་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་གྲོས་གཞིར་ཞིབ་བཤེར་བྱས་ཚུལ་སྐོར་གྱི་སྙན་སྒྲོན་》ལ་གྲོས་འཆམ་བྱུང་བ་རེད། 

    ཁོ་ཙུན་ཕིང་གིས་གསུང་བཤད་གནང་སྐབས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ནི་དར་ཆ་མཐོན་པོར་སྒྲེང་ཞིང་སེམས་ནུས་གཅིག་སྒྲིལ་བྱེད་པ། ཡིད་ཆེས་བརྟན་དུ་གཏོང་བ། གསར་གཏོད་ཡར་བརྩོན་བཅས་ཀྱི་ཚོགས་ཆེན་ཞིག་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡིས་ཚོགས་ཆེན་གྱི་མགོ་ཚུགས་ཚོགས་འདུ་དང་མཉམ་འབྲེལ་ཚོགས་ཆུང་གི་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། སྤུས་ཚད་མཐོ་བའི་སྒོ་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ་གྱི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཁ་གསལ་བཟོས་པ་དང་། རྒྱལ་ཁ་གཉིས་དང་དོ་སྣང་ལྔ་བཅས་བརྩོན་ལེན་བྱ་རྒྱུར་རམ་འདེགས་བྱེད་པའི་བླང་བྱ་གལ་ཆེན་བཏོན་པ།  ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་པ་་ཁག་གི་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་གྱིས་ལྟེ་བའི་སྤྱི་ཡོངས་ལ་དམིགས་ནས་རང་འགན་གཙང་སྒྲུབ་བྱ་རྒྱུར་གཙོ་གནད་ལ་ཤུགས་རྒྱག་པ་དང་རེ་བ་ནན་པོ་བཅོལ་ཡོད།

   ཁེ་ཙུན་ཕིང་གིས་ཏོག་གསར་གློ་རིམས་དེས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་བྱུང་མྱོང་མེད་པའི་ཤུགས་རྐྱེན་ཟབ་མོ་བཟོས་ཡོད་པས།  རང་རེའི་ཞིང་ཆེན་གྱིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱས་ནས་སྐུལ་འདེད་གཏོང་བའི་ལས་འགན་དཀའ་ཚེགས་ཆེ་ལ་ལྕི་པོ་ཡོད། དཀའ་ཚེགས་ཅི་ཙམ་ཆེ་ན། དཔའ་ངར་དེ་ཙམ་ཆེ་ཞིང་། ལག་ལེན་དུ་བསྟར་བར་ཧ་ཅང་རྩ་ཆེན་ཡིན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་ཀྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་ཨུ་ཡོན་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་ཡི་དོ་སྣང་ལྔའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱེད་པ། ཞིང་ཆེན་ཏང་ཨུའི་ལྟེ་བའི་ལས་དོན་ལ་སྐུལ་འདེད་གང་ཙམ་གཏོང་བ་དང་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་རྒྱུ་དེར་རྗེས་སྙེགས་ཐུབ་པ་བཅས་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐད་རྒྱལ་ཁ་གཉིས་བརྩོན་ལེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་ལེགས་སྐྱེས་དེ་བས་ཆེན་པོ་འབུལ་དགོས་ཞེས་གསུངས་པ་རེད།

   ཁོ་ཙུན་ཕིང་གིས་ཕྱར་བ་གྲུ་འདེགས་ཀྱིས་རྒྱལ་ཁ་གཉིས་བླངས་པ་ནི་ངེས་པར་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་བཏང་ནས་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་བྱེད་ཐུབ་པ་དང་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་མགོ་ཁྲིད་བྱ་རྒྱུ་གཡོ་འགུལ་སྤུ་ཙམ་ཡང་མེད་པར་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེའི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣའི་ཐོག་མའི་བསམ་འདུན་ལ་གཡོ་འགུལ་མི་བྱས་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱ་དགོས། ངེས་པར་དུ་འགན་འཁྲི་གཙོ་བོ་དང་ལས་རིགས་གཙོ་བོར་དམིགས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་པ། ཇུས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བར་ཤུགས་འདོན་རྒྱུ་རྒྱུན་འཁྱོངས་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་འགན་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་ས་ཁོངས་གཅིག་གི་གཟི་བརྗིད་ཆེ་རུ་གཏོང་བ་དང་སྤྱི་ཡོངས་ལ་གཟི་བརྗིད་བསྣན་དགོས། ངེས་པར་དུ་དམངས་ཀྱི་དོན་དུ་འགན་ནུས་བསྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྐྲུན་པ་ལས་རྒྱལ་ཁ་ཕུ་ཐག་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། འགག་སྒྲོལ་ཆེན་པོ་གསུམ་ལས་རྒྱལ་ཁ་ལེན་རྒྱུར་དམ་པོར་དམིགས་ཤིང་། དམངས་ཀྱི་འདོད་བློ་དང་མཐུན་ཞིང་དམངས་འཚོར་ཕན་ཐོགས་པའི་དྲང་གཏམ་མང་ཙམ་ཤོད་པ་དང་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་སེམས་དྲོ་བའི་བྱ་བ་དངོས་མང་ཙམ་སྒྲུབ་པ་བཅས་བྱ་དགོས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ། རླབས་ཆེན་གྱི་རིམས་ནད་འགོག་པའི་སྙིང་སྟོབས་དེ་དབུལ་སྐྱོར་དཀའ་སེལ་དང་དོགས་གནད་སེལ་བ། འགལ་བ་སེལ་བ་བཅས་ཀྱི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་བ་དང་། འཁྲུག་ཆེན་ཁྲོད་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་། རྒྱུགས་ལེན་ཆེན་པོའི་ཁྲོད་ནས་རྒྱུགས་ཡིག་ཡག་མོ་ཞིག་སྤྲད་དགོས། 

    ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་ཁྲིམས་ཁང་། ཞིང་ཆེན་ཞིབ་དཔྱོད་ཁང་། སི་ཁྲོན་དུ་བཅའ་སྡོད་དཔུང་སྡེ་བཅས་ཀྱི་འགོ་ཁྲིད་བློ་མཐུན་དང་སི་ཁྲོན་དུ་བཅའ་སྡོད་བྱེད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། སི་ཁྲོན་དུ་བཅའ་སྡོད་བྱས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁ་ཤས་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་དང་འབྲེལ་ཀྲུའུ་ཞི་སྟེགས་བུའི་ཐོག་བཞུགས་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་སྨན་ཞབས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས།
  • ལེ་ཚན་རྗེས་མ།:2019ལོའི་རྒྱལ་ཡོངས་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ།
  • དོ་སྣང་ཆེ་བའི་རྩོམ།