ཧྥུ་ཅན་ཞིང་ཆེན་ཀྲེན་ཧོ་རྫོང་གིས་ཇའི་ཐོན་ལས་ལ་བརྟེན་ནས་ཞིང་པ་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱས།

        2020-04-21

ཧྥུ་ཅན་ཞིང་ཆེན་ཀྲེན་ཧོ་རྫོང་གིས་ཇའི་ཐོན་ལས་ལ་བརྟེན་ནས་ཞིང་པ་དབུལ་ཐར་ཕྱུག་འགྱུར་ཡོང་བར་བྱས།

    ཧྥུ་ཅན་ཞིང་ཆེན་ཀྲེན་ཧོ་རྫོང་གི་ཇ་རའི་རྒྱ་ཁྱོན་མུའུ་འབུམ་གཅིག་དང་ཁྲི་གཅིག་ལ་ཟིན་ཞིང་། ཉེ་བའི་ལོ་ཤས་རིང་ལ། རྫོང་དེས་ཇ་དཀར་གྱི་ཟོང་རྟགས་གསར་སྐྲུན་བྱས་པར་བརྟེན། ཇའི་ཐོན་ལས་འཕེལ་ཕྱོགས་ཧ་ཅང་བཟང་བ་རེད། 2019ལོར་རྫོང་ཡོངས་སུ་ཇ་ཏུན་ཁྲི་གཅིག་དང་སྟོང་ལྔ་བྱུང་ཞིང་། ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར14.5ལ་ཟིན་པ་རེད། ཇ་འདེབས་མཁན་ཞིང་པའི་དུད་ཚང་བརྒྱ་ཆ75ཡན་ལ་བསླེབས་ཤིང་། ཞིང་པའི་ཡོང་འབབ་ཕྱེད་མང་ཡན་ཆད་ཇ་ལས་བྱུང་བ་དང་། ཇའི་ཐོན་ལས་ནི་ཀྲེན་ཧོ་རྫོང་གི་ཞིང་པ་དབུལ་ཐར་ཕྱུག་འགྱུར་ཡོང་བའི་ཀ་སྐྱོར་ལྟ་བུའི་ཐོན་ལས་སུ་ཆགས་ཡོད་པ་རེད། པར་འདི་ནི་ཀྲེན་ཧོ་རྫོང་དབྱང་ཡོན་ཡུལ་ཤོག་གི་ཏུང་ཡོན་ཇ་ར་རེད།


  • ལེ་ཚན་སྔོན་མ།:རང་རྒྱལ་གྱི་ཏོག་གསར་གློ་ཚད་ཀྱི་དུག་གསོད་འགོག་ཁབ་རིགས་གཉིས་ལ་ནད་ཐོག་ཚོད་ལྟ་བྱེད་པའི་ཆོག་མཆན་ཐོབ།
  • ལེ་ཚན་རྗེས་མ།:ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་ཕུག་ལམ47ཚང་མ་ཏལ་འབིགས་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།