དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།

ཡེ་ཤེས་ཕན་བདེས་བྲིས་ཤིང་པར་བླངས།        2020-04-10

དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།

  དཔྱིད་ཀྱི་དཔལ་ཡོན་རྒྱས་ཤིང་ས་གཞིར་དྲོད་གཤེར་འཛོམས་སྐབས་དང་བསྟུན་ནས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཞིང་བཟང་གྲོང་གི་གང་ས་གང་དུ་དཔྱིད་རྨོད་ལས་ཀར་བྲེལ་བའི་རྣམ་པ་ཡིན་ཏེ། སྔ་མོ་ནས་རྣ་ལམ་དུ་འདྲུད་འཁོར་གྱི་སྒྲ་ཐོས་པ་དང་། མི་ཁ་ཤས་ཀྱིས་ཞིང་ནང་ལུད་འདྲུད་བཞིན་འདུག་ལ།  ཁ་ཤས་ཀྱིས་ཞིང་ནང་ས་ཐོ་རྡུང་བཞིན་འགའ་ཞིག་གིས་ཞིང་ནང་རྒྱ་གྲོ་མ་འདེབས་བཞིན་འདུག


དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།

དཀར་མཛེས་རྫོང་མདའ་མདོ་ཡུལ་ཤོག་ཏུ་དཔྱིད་རྨོད་ལས་ཀའི་འགོ་བཙུགས།

   ཞིང་བཟང་གྲོང་གི་རྒན་པོ་ཚེ་རིང་དཔལ་ལྡན་གྱིས་ཞིང་བཟང་གྲོང་སྡེ་ལ་ས་ཞིང་མུའུ567ལྷག་ཡོད། སྔ་མ་འདྲ་ཡིན་ན་ཞིང་ལས་ཟེར་ཡོང་དུས་དཀའ་ལས་ཁག་པོ་བརྒྱག་དགོས་རེད།  དེང་སང་ལས་སླ་མོ་རེད། ས་སློག་པ་དང་ས་ཐོ་རྡུང་བ། ལུད་འདྲུད་པ་སོགས་ཚང་པ་འཕྲུལ་ཆས་རྐྱང་རྐྱང་རེད། ཐོན་ལས་ཆགས་ཚུལ་བསྒྱུར་བར་བརྟེན་ནས་ཞིང་པའི་ཡོང་འབབ་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ཅེས་བཤད་པ་རེད།།  


  • ལེ་ཚན་སྔོན་མ།:བྲག་མགོ་རྫོང་ཏྲེ་ཧོར་བོད་ཡིག་སློབ་འབྲིང་གི་སློབ་འགོ་ཚུགས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་འདབ་པ་ཉི་སྟེན་མཛེས་ལྗོངས་ཁུལ་རྒྱལ་ཁབ་ཀྱིA5རིམ་པའི་མཛེས་ལྗོངས་ཁུལ་འཛུགས་སྐྱོང་བྱ་རྒྱུའི་སྐུལ་འདེད་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།