རང་ཁུལ་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་ལྔ་པ།

བདེ་སྐྱིད་ཀྱིས་བསྒྱུར།        2020-03-26

   སྤྱི་ཟླ3པའི་ཚེས25ཉིན།  ཁུལ་ཨུའི་ཧྲུའུ་ཅི།  ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་སྒྱུབར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་ལིའུ་ཁྲེང་མིང་གིས་གཙོ་འགན་བཞེས་ནས་ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་འཚོགས་པ་རེད།  ཚོགས་འདུའི་ཐོག་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཅུ་གཉིས་པ་དང་ཞིང་ཆེན་ཏང་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་དྲུག་པ་དང་བདུན་པའི་སྙིང་དོན་སློབ་སྦྱོང་ལག་བསྟར་གཏོང་བ་དང་། 《སྤྱི་པའི་འཕྲོད་བསྟེན་འཚུབ་བསྟུན་དོ་དམ་མ་ལག་འཐུས་ཚང་གཏང་རྒྱུའི་སྐོར་གྱི་ལས་ཀའི་ཇུས་གཞི﹙ཞིབ་བཤེར་བྱ་རྒྱུའི་མ་ཟིན﹚》བཅས་ལ་གྲོས་ཞིབ་བྱས་པ་རེད།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན།  ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞའོ་ཡིའུ་ཚའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་ཨུའི་ཁྱོན་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཧྲི་ཀང་ཚོགས་འདུར་ཞུགས་པ་རེད།

  ལིའུ་ཁྲེང་མིང་གིས་གཅིག་ནས་རིམས་འགོག་ཉམས་མྱོང་དང་བསླབ་བྱ་ཕྱོགས་བསྡོམས་བྱས་ཏེ་སྤྱི་པའི་འཕྲོད་བསྟེན་གྱི་འཚུབ་བསྟུན་མ་ལག་དང་། བཅོས་བསྒྱུར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། གཉིས་ནས་དམིགས་འབེན་ལས་འགན་དོན་འཁྱོལ་བྱས་ཏེ་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཁྱབ་ཁོངས་གལ་ཆེན་དང་གནད་འགག་ཐུག་སའི་འགག་གནད་སྒྲོལ་ཤུགས་ཆེ་རུ་གཏང་དགོས། གསུམ་ནས་གྲོང་ཡུལ་ དང་གཞི་རིམ་གཙོ་ཆེར་དམིགས་ནས་སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་འཛུགས་སྐྱོང་དང་བཅོས་བསྒྱུར་གསར་གཏོད་ཡག་པོ་བྱ་དགོས། བཞི་ནས་འགན་འཁྲི་ནན་པོར་བྱས་ཏེ་བཅོས་བསྒྱུར་འགག་སྒྲོལ་གྱི་སྒྲིག་འཛུགས་འགོ་ཁྲིད་དང་འགན་འཁྲི་དོན་འཁྱོལ་བྱ་རྒྱར་རྒྱུན་ཆད་མེད་པར་ཤུགས་བསྣན་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:གནས་མཆོག་དཀར་མཛེས་མཛེས་སྡུག་གི་ཁྱིམ་གཞིས།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།
  • དོ་སྣང་ཆེ་བའི་རྩོམ།