གསར་འགྱུར་གནད་བསྡུས།

        2020-03-25

    ༄༅།། ནད་ཡམས་ལ་སྙིང་རྗེ་མེད་ཀྱང་མི་ཡུལ་ལ་བརྩེ་བ་ཡོད། སྤྱི་ཟླ3པའི་ཚེས19ཉིན་རྟའུ་ཡི་ཏོག་གསར་གློ་རིམས་ཕོག་པའི་ནད་པ་མཐའ་མ་དེའང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད་པས་ད་ཆ་རང་ཁུལ་ལ་ཏོག་གསར་གློ་རིམས་ཕོག་པའི་ནད་པ་གཅིག་ཀྱང་མེད་པ་རེད། སྤྱི་ཟླ3པའི་ཚེས20ཉིན་རྟའུ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་མི་དམངས་ལ་འཕྲིན་ཡིག་སྤྲིངས་ནས་ཐུགས་རྗེ་ཆེ་ཞུས་པས་མ་ཚད་ཁུལ་ཨུ་དང་ཁུལ་སྲིད་གཞུང་། སྤུན་ཟླའི་གྲོང་ཁྱེར་དང་རྫོང་ཁག་གི་སྤྱི་ཚོགས་ལས་རིགས་ཁག་གིས་བྱ་ཐབས་སྣ་ཚོགས་སྤྱད་དེ་རྟའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར། དེའི་ནང་ཞུགས་པ་བཅས་ལ་ཐུགས་རྗེ་ཆེ་ཞུས་པ་རེད།

    ༄༅།། ཉེ་ཆར་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་དབུལ་པོའི་ཤེས་ལྡན་མི་སྣ་གསོ་སྐྱོང་ཞིབ་འཇུག་ཐེབས་རྩ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཞེ་ཁྲུན་ལན་དང་ཝང་ཝང་ཚོགས་པའི་ཁྲེང་ཏུའུ་སྤྱི་ཁྱབ་བཟོ་གྲྭའི་དོ་དམ་པུའི་གཉེར་དཔོན་ཀུའོ་ཁྲུན་ལིན་དང་བཅས་པ་མི6གིས་རིན་ཐང་སྒོར་ཁྲི10ལྷག་ཟིན་པའི་འབུ་ཕྲ་སེལ་བའི་གཤེར་ཁུ་ཤེལ་དམ6000ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་དང་ཁུལ་དཔལ་འབྱོར་ཆ་འཕྲིན་ཅུས་སོགས་སྡེ་ཚན་གྱི་ལས་དོན་མི་སྣར་བརྒྱུད་སྤྲོད་བྱས་པ་རེད། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཅན་གྱིས་རང་ཁུལ་གྱི་ཚབ་བྱས་ནས་ཞལ་འདེབས་དངོས་རྫས་དང་ལེན་བྱས་པས་མ་ཚད་ཡུལ་དངོས་དང་པོའི་རིམས་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་པ་རེད།

     ༄༅།། སྤྱི་ཟླ3པའི་ཚེས16ཉིན་རྒྱལ་ཁབ་དམངས་སྲིད་པུའུ་དང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། རྒྱལ་ཁབ་རྒྱ་ལུགས་གསོ་རིག་སྨན་རྫས་ཅུས་སོགས་སྡེ་ཚན་བཞི་ཡིས་མཉམ་འབྲེལ་ཐོག་སྤྱི་བསྒྲགས་སྤེལ་ནས་ཁག་དང་པོའི་རྒྱལ་ཁབ་ནགས་ཚལ་ལུས་གསོའི་རྟེན་གཞིའི་མིང་ཐོ(ཁྱོན་ཁག107)ཡོངས་བསྒྲགས་བྱས་པ་དང་དུང་དཀར་ལུང་པའི་ནགས་ཚལ་ལུས་གསོའི་རྟེན་གཞི་ནི་རང་ཁུལ་གྱི་ཁོངས་གཏོགས་ཚན་པ་འབའ་ཞིག་དེ་ཡིན་པ་རེད།

 


  • ལེ་ཚན་སྔོན་མ།: བརྒྱད་ཟིལ་རྫོང་གིས་བོང་བུ་གསོ་ཚགས་བྱས་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་རིམས་ནད་འགོག་བཅོས་ཚོད་འཛིན་ལ་འཕྲོད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་མགྱོགས་སུ་འཛུགས་སྐྱོང་བྱ་དགོས་ཞེས་གསུངས།
  • དོ་སྣང་ཆེ་བའི་རྩོམ།