ལོ་འཁོར་གྱི་ཁུལ་རིམ་པའི་གཙོ་གནད་ལས་གཞི250གཏན་འཁེལ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2020-03-25

    ཉེ་ཆར། ཁུལ་ཨུ་གཞུང་དོན་ཁང་དང་ཁུལ་སྲིད་གཞུང་གཞུང་དོན་ཁང་གིས《དཀར་མཛེས་ཁུལ་གྱི2020ལོའི་གཙོ་གནད་ལས་གཞིའི་ལས་དོན་ལ་སྐུལ་འདེད་གཏོང་བའི་ཇུས་གཞི》(གཤམ་དུ《ཇུས་གཞི》ཞེས་བསྡུ་རྒྱུ)པར་འགྲེམས་བྱས་ནས2020ལོའི་ལོ་འཁོར་གྱི་ཁུལ་རིམ་པའི་གཙོ་གནད་ལས་གཞི250གཏན་འཁེལ་བྱས་པ་རེད། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར3602གཞག་རྒྱུ་དང་ལོ་འཁོར་གྱི་འཆར་གཞིར་མ་དངུལ་སྒོར་དུང་ཕྱུར306.53གཏང་རྒྱུ་ཡིན་པ་རེད།

      དེའི་ནང་མུ་སྐྲུན་ལས་གཞི150ཡོད་པ་དང་ལོ་འཁོར་འཆར་གཞིར་མ་འཇོག་སྒོར་དུང་ཕྱུར238.6གཏང་རྒྱུ་ཡིན་ཞིང་། ལས་གཞི100གསར་དུ་ལས་འགོ་ཚུགས་པ་དང་ལོ་འཁོར་གྱི་མ་དངུལ་འཇོག་རྒྱུའི་འཆར་གཞི་སྒོར་དུང་ཕྱུར67.93གཏང་རྒྱུ། དུས་འགོའི་ལས་གཞི30མགྱོགས་སུ་གཏོང་བ་དང་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པའི་ལས་གཞི111ཡོད་པ་རེད། ལས་གཞིའི་རིགས་དབྱེར་བལྟས་ན། འགྲིམ་འགྲུལ་དང་ཆུ་བེད། གྲོང་ཁྱེར་སོགས་རྨང་གཞིའི་སྒྲིག་བཀོད་ལས་གཞི81དང་། སྐྱེ་ཁམས་ནུས་རྒྱུའི་ལས་རིགས་དང་། སྐྱེ་ཁམས་ཡུལ་སྐོར་ལས་རིགས། ཁྱད་འཕགས་གཏེར་ཁའི་ཐོན་ལས། ཁྱད་ལྡན་ཞིང་འབྲོག་ལས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས། ལྡུམ་ཁུལ་སོགས་ཐོན་ལས་འཕེལ་རྒྱས་ལས་གཞི76དང་དེ་བཞིན་དམངས་འཚོ་ལེགས་སུ་གཏོང་བ་དང་སྤྱི་ཚོགས་བྱ་གཞག་ལས་གཞི71དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་གཞི22བཅས་ལ་ཁྱབ་ཡོད་པ་རེད།

     《ཇུས་གཞིའི》ནང2020ལོར་བསླེབ་སྐབས་རང་ཁུལ་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་བླང་བྱར་དམ་པོར་དམིགས་ཏེ་གཙོ་གནད་ལས་གཞི་འཛུགས་སྐྲུན་བྱ་རྒྱུ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནོན་ཤུགས་སུ་བརྩིས་ནས་གཙོ་གནད་ལས་གཞིའི་སྣེ་ཁྲིད་འཐབ་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱས་ཏེ་རྨང་གཞིའི་སྒྲིག་བཀོད་སོགས་གཙོ་གནད་ཁྱབ་ཁོངས་དང་སྤྱི་ཚོགས་ཀྱི་དམངས་འཚོའི་ལས་གཞིའི་ཞན་ཆ་ཁ་གསབ་བྱ་རྒྱུར་བརྩོན་དགོས་ཤིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་སོ་སོས་རང་འགུལ་རང་བཞིན་ཁྱོན་ཡོངས་ནས་སྐུལ་སློང་བྱས་ཏེ་རིམས་ནད་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་རྐྱེན་བཟོས་པར་ཁ་གཏད་ཧུར་ཐག་གཅོག་པ་དང་། མ་འཇོག་དང་གཙོ་གནད་ལས་གཞི་འཛུགས་སྐྲུན་གྱི་ཁ་གཏད་འཇལ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། གཙོ་གནད་ལས་གཞིའི་ཇུས་འགོད་དང་ཚོང་འགུགས་པ། སྐུལ་སྤེལ་དང་ཞབས་ཞུ་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ་གཙོ་གནད་ལས་གཞིའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཐོན་སྐྱེད་བྱེད་འགོ་ཚུགས་པའི་ལས་གཞི་དང་འཛུགས་སྐྲུན་བྱེད་བཞིན་པའི་ལས་གཞི། གན་རྒྱ་འཇོག་པའི་ལས་གཞི་གསར་པའི་དོན་འཁྱོལ་དང་ལས་གཞི་གྲབས་གསོག་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། རྒྱུན་སྲིང་ངང་ནས་ཚན་པ་གཅིག་འཛུགས་སྐྲུན་བྱེད་འགོ་འཛུགས་པ་དང་། ཚན་པ་གཅིག་ལག་བསྟར་སྐུལ་འདེད་གཏོང་བ། ཚན་པ་གཅིག་གྲབས་གསོག་འདང་ངས་བྱེད་པ། ཚན་པ་གཅིག་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་བཅས་ཀྱི་འགྲིལ་མཐུད་གྲུབ་སྲོལ་མུ་མཐུད་སྲ་བརྟན་དུ་བཏང་ནས་ཁུལ་ཡོངས་དང་དེ་བཞིན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་རྫོང(གྲོང་ཁྱེར)ཁག་ལ་སྤྲད་པའི་མ་འཇོག་དང་གཙོ་གནད་ལས་གཞིའི་དམིགས་འབེན་ལས་འགན་ལེགས་སུ་སྒྲུབ་ཐུབ་པ་འགན་ལེན་བྱ་དགོས།

      ཤེས་རྟོགས་བྱུང་བར་གཞིགས་ན། ལས་གཞི་དོན་འཁྱོལ་བྱས་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་ཕན་འབྲས་ཐོན་པ་དང་སྒུལ་ནུས་གསར་རྙིང་མགྱོགས་མྱུར་བརྗེ་སྒྱུར་ལ་དམ་འཛིན་ཡག་པོ་བཅས་བྱ་ཆེད《དཀར་མཛེས་ཁུལ་གྱི་གཙོ་གནད་ལས་གཞིའི་དོ་དམ་བྱ་ཐབས》གཞིར་བཟུང་ནས། ཁུལ་རིམ་པའི་གཙོ་གནད་ལས་གཞི250ཡི་ནང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་སྣེ་ཁྲིད་རང་བཞིན་ཆེ་བ་དང་ཕྱོགས་སྟོན་དཔེ་སྟོན་གྱི་ནུས་པ་ཆེ་བའི་ལས་གཞི60བདམས་ནས་ཁུལ་ཡོངས་ཀྱི་གཙོ་གནད་སྐུལ་འདེད་ལས་གཞིའི་ནང་བཞག་པ་དང་འབྲེལ་ཁུལ་རིམ་པའི་འགོ་ཁྲིད་ཀྱི་ལས་བགོས་དང་ཁ་གཏད་འབྲེལ་གཏུག་བྱ་ཡུལ་རྫོང(གྲོང་ཁྱེར)དང་ཟུང་འབྲེལ་བྱས་ནས་རེ་རེར་བཞིན་ཁུལ་རིམ་པའི་འགན་འཁྲི་ཁུར་མཁན་འགོ་ཁྲིད་གསལ་པོ་བཟོས་ཤིང་། དམིགས་ཚད་མི་འགྱུར་བ་དང་ལས་འགན་ཉུང་དུ་མི་འགྲོ་བ་དང་།ཁག་དང་དུས་ཚོད་བགོས་ནས་སྐུལ་འདེད་གཏང་རྒྱུ་ཡིན་པ་རེད།།


  • ལེ་ཚན་སྔོན་མ།:ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དར་མདོར་གྲོལ།
  • ལེ་ཚན་རྗེས་མ།: བརྒྱད་ཟིལ་རྫོང་གིས་བོང་བུ་གསོ་ཚགས་བྱས་ནས་དབུལ་ཐར་ཕྱུག་འགྱུར་ལམ་དུ་བསྐྱོད།
  • དོ་སྣང་ཆེ་བའི་རྩོམ།