ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དར་མདོར་གྲོལ།

བདེ་སྐྱིད་ཀྱིས་བསྒྱུར།        2020-03-25

      སྤྱི་ཟླ3པའི་ཚེས19ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་དར་མདོར་གྲོལ་བ་རེད། ཚོགས་འདུར་ཞུགས་དགོས་པའི་ཨུ་ཡོན49ཡིན་པ་དང་། དངོས་སུ་ཨུ་ཡོན43ཞུགས་ཡོད་པས་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན་པ་རེད།

     ཚོགས་གྲོལ་མཛད་སྒོ་དེ་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཞེ་ཧུའེ་ཡིས་གཙོ་འགན་བཞེས་པ་རེད། ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་དོན་སྙན་སྒྲོན》དང《གྲོས་ཆོད﹙འཆར་ཟིན﹚》བཟོ་བཅོས་བྱས་ཚུལ་གསལ་བཤད་བྱས་ཤིང་། ཚོགས་ཐོག《ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་ལས་དོན་སྙན་སྒྲོན》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། 《ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་གྲོས་ཆོད》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།

     ཞེ་ཧུའེ་ཡིས་ཁུལ་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཁྱོན་ཡོངས་ནས་ཚང་འཛོམས་གྲོས་ཚོགས་ཐོག་བཏོན་པའི་ཐབས་ཇུས་རབ་དང་རིམ་པ་དང་བཀོད་སྒྲིག་གལ་ཆེན་ལྟར། ལྷག་བསམ་རྣམ་དག་དང་འགན་འཁྲི་གཙང་སྒྲུབ་བྱེད་པ་དང་དངོས་སྒྲུབ་གོ་ཆོད་ཀྱི་བྱ་ཐབས་སྤྱད་ནས། དམ་ནན་གྱི་རྩ་བའི་དགོངས་གཞི་དོན་འཁྱོལ་བྱེད་པ་དང་ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ། ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་དང་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བཅས་བྱས་ཏེ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་དང་དཀར་མཛེས་བོད་རིགས་ས་ཁུལ་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་མྱུར་བསྐྲུན་ཆེད། ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་བླང་བྱ་བཏོན་པ་རེད།། 


  • ལེ་ཚན་སྔོན་མ།:ཁུལ་ཨུས་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་འཚོགས།
  • ལེ་ཚན་རྗེས་མ།:ལོ་འཁོར་གྱི་ཁུལ་རིམ་པའི་གཙོ་གནད་ལས་གཞི250གཏན་འཁེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།