སི་ཁྲོན་གྱིས་བྱ་སྤྱོད་ཆེན་པོ་སྤེལ་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་འགན་སྲུང་བྱས།

ཡེ་མིང་གིས་བསྒྱུར།        2020-03-24

     ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གློག་འཕྲིན། གསར་འགོད་པས་སི་ཁྲོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་ནས་ཤེས་རྟོགས་བྱུང་དོན། མིག་སྔར་སི་ཁྲོན་ཞིང་ཆེན་གྱིས་ཞིང་སྤྱོད་དངོས་རྫས་རྫུན་མ་རྡུང་རྡེག་བྱེད་པའི་བྱ་སྤྱོད་སྤེལ་འགོ་བཙུགས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་ཡོང་བར་ཆེད་དོན་དག་བཅོས་བྱས་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་ཉེན་མེད་འགན་སྲུང་ཏན་ཏིག་བྱ་རྒྱུ་རེད།

      སི་ཁྲོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིང་གི་ཕྱུགས་འབྲོག་སྤྱི་ཁྱབ་ཇུས་འགོད་པ་ཀྲའོ་ཡུང་གིས་ངོ་སྤྲོད་བྱས་པ་ལྟར་ན། སི་ཁྲོན་གྱིས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་ཡོད་པའི་ཞིང་སྤྱོད་དངོས་རྫས་རྫུན་མར་རྡུང་རྡེག་བྱེད་པའི་བྱ་སྤྱོད་མགྱོགས་མྱུར་དུ་སྤེལ་རྒྱུ་ཡིན་པ་རེད། སྤྱི་ཟླ4པའི་ཟླ་མཇུག་བར། སི་ཁྲོན་ཞིང་ཆེན་གྱིས་ས་གནས་སོ་སོར་ཞིང་སྤྱོད་དངོས་རྫས་རྫུན་མར་ཡོངས་ཁྱབ་ཏུ་ཞིབ་བཤེར་བྱ་རྒྱུ་ཡིན་ཞིང་། གཙོ་གནད་དུ་ཞིང་སྨན་དང་ཕྱུགས་སྨན། རྫས་འགྱུར་ལུད། གཟན་རྩྭ། ས་བོན། ཞིང་སྤྱོད་འཕྲུལ་ཆས་སོགས་རིགས་ཆེན་དྲུག ཞིང་སྡེ་དང་གྲོང་ཡུལ་སྦྲེལ་མཚམས། ཞིང་སྡེའི་ཚོང་ར། དེང་རབས་ཞིང་ལས་ལྡུམ་ཁུལ། གཞི་ཁྱོན་ཅན་གྱི་འདེབས་འཛུགས་རྟེན་གཞི་བཅས་ས་ཁོངས་ཆེན་པོ་བཞིའི་ནང་ཞིབ་བཤེར་བྱ་རྒྱུ་ཡིན་པ་རེད།

      སི་ཁྲོན་གྱིས་འབྲུ་སྣུམ་དང་སྔོ་ཚལ། ཤིང་ཏོག ཇ་ལོ་སོགས་ཐོན་སྐྱེད་བྱེད་ཁུལ་གྱིས་གཙོ་གནད་བྱས་ཏེ་ཆིན་ཚལ། སྦྲང་ཤིང་། ཇ་སྔོ་སོགས་གཙོ་གནད་ཀྱི་ཐོན་རྫས་རིགས་ལ་ཞིང་སྨན་དང་ཞིང་སྨན་གྱིས་གནོད་སྐྱོན་བཟོས་པའི་རྣམ་པར་ཆེད་དོན་དག་བཅོས་བྱས་པའི་དུས་མཚུངས་སུ། བཤས་ར་དང་འོ་མའི་བཟོ་གྲྭ། ཁྱིམ་བྱ་བཅས་ཀྱིས་གཙོ་གནད་བྱས་པའི་ཐོན་རྫས་ལ་ཆེད་དོན་ཞིབ་བཤེར་དག་བཅོས་བྱ་རྒྱུ་ཡིན་པ་རེད། །


  • ལེ་ཚན་སྔོན་མ།:ཁ་སང་གི་གནས་ཚུལ་གསར་པ།
  • ལེ་ཚན་རྗེས་མ།:མཚོ་སྔོན་གྱིས་བཟའ་བཏུང་ཚོང་གཉེར་སྡེ་ཚན་ཁྱོན་ཡོངས་ནས་ཚོང་གཉེར་བསྐྱར་གསོ་བྱེད་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།