དཀར་མཛེས་རྫོང་གིས་དཔྱིད་ཀར་སྡོང་ཕྲུག་འཛུགས་པར་བྲེལ།

        2017-04-25

སྤྱི་ཟླ3པ་ནས་བཟུང་། རང་ཁུལ་གྱི་ས་གནས་ཁག་གིས་གཅིག་རྗེས་གཉིས་མཐུད་དུ་དཔྱིད་དུས་ཀྱི་ཤིང་འཛུགས་ནགས་བཟོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད། ཉེ་ཆར་རྒྱལ་སྲུང་གཞུང་ལམ317པ་བརྒྱུད་ཡུལ་གྱི་དཀར་མཛེས་རྫོང་གི་ཁོངས་སུ་ཤིང་འཛུགས་ནགས་བཟོ་བྱེད་མཁན་གྱི་མི་སེར་དང་ཤིང་ཕྲུག་སྐྱེལ་འདྲེན་བྱེད་བཞིན་པའི་ཞིང་སྤྱོད་རླངས་འཁོར་མང་པོ་མཐོང་རྒྱུ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་དཔྱིད་དུས་ཀྱི་ཤིང་འཛུགས་བྱེད་སྒོ་དེ་སྤྱི་ཟླ3པའི་ཚེས20ཉིན་སྤེལ་འགོ་ཚུགས་པ་དང་ཟླ་བ5པའི་ཟླ་མཇུག་ཏུ་བར་རྒྱུན་མཐུད་དུ་སྤེལ་རྒྱུ་ཡིན་ཞིང་། བྱ་སྤྱོད་འཆར་གཞི་ཧྲིལ་པོ་ནི་ལས་བྱེད་པ་དང་ཡུལ་དེ་གའི་མང་ཚོགས་སྐུལ་སློང་བྱས་ནས་མིའི་ཐེངས་གྲངས་ཁྲི2.8ཀྱིས་འོས་འགན་ཤིང་འཛུགས་བྱས་པ་དང་རིམ་རྩིས་བྱས་ན་ཤིང་ཕྲུག་ཁྲི14.37བཙུགས་པ་དེ་གཙོ་བོ་ནི་འགྲིམ་འགྲུལ་གཞུང་ལམ་བརྒྱུད་ཡུལ་གྱི་འགྲམ་གཉིས་ལ་གསོམ་ཤིང་དང་ལྕང་མ་བཙུགས་པ་རེད།


  • ལེ་ཚན་སྔོན་མ།:རྫོང་ཨུའི་ཧྲུའུ་ཅིའི་མཛད་འཕྲིན་འདི་འདྲ་ཞིག
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་སོ་བཞི་པ་གཙོ་སྐྱོང་གནང་།
  • དོ་སྣང་ཆེ་བའི་རྩོམ།